མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་དགོས་པའི་སྐུལ་མ་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

འབྱུང་འགྱུར་ཉིན་གྲངས་ ༦༠ ནང་རྒྱ་ནག་གིས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་པར་མོས་མཐུན་མ་བྱས་ཚེ། ཨ་རིས་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་དགོས་པའི་སྐུལ་མ་བྱས་འདུག

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གིས་ཆོས་དད་རང་དབང་ལ་དྲག་གནོན་བྱེད་བཞིན་པའི་སྐོར་ཉན་ཞིབ་ཚོགས་འདུ་འཚོག་བཞིན་པ། ༢༠༢༥།༡༡།༢༠ ཐད་གཏོང་ནས་པར་བླངས།

ཁ་སང་ཕྱི་ཚེས་ ༢༠ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཁང་ (Dirksen Senate Office Building) དུ། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གི་ཆོས་ལུགས་ལ་དམག་འཁྲུག ཆོས་དད་རང་དབང་ལ་འཇིགས་སྐུལ་དང་དེ་ཨ་རིར་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ཞེས་པའི་བརྗོད་གཞིའི་ཐོག་ཉན་ཞིབ་ཚོགས་ཡོད་ཅིང་། ཐེངས་འདིའི་ཉན་ཞིབ་སྟེང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ཟུར་པ་སཱམ་བྷི་རོན་བྷག་ལགས་ཀྱིས། རྒྱ་ནག་གིས་ཉིན་གྲངས་ ༦༠ ནང་ཚུད་དུ་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་པར་ངོས་ལེན་མ་བྱས་ཚེ། ཨ་རིའི་ངོས་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ཡོངས་གྲགས་ངོས་འཛིན་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ཟུར་པ་སཱམ་བྷི་རོན་བྷག་ལགས་ཀྱིས། ད་ལྟ་རྒྱ་ནག་གཞུང་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱི་ཐོག་ནས་བོད་ཀྱི་རིག་གཞུང་རྩ་བརླག་ཏུ་གཏོང་ཐབས་བྱས་ཏེ། མ་འོངས་པའི་མི་རབས་གསར་པ་ཚོའི་མདུན་དུ་བོད་སྐད་ཡིག་དང་རིག་གཞུང་མཐོང་རྒྱུ་མེད་པར་བཟོ་བཞིན་ཡོད་པ་དང་། བོད་མི་མང་ནས་༸གོང་ས་མཆོག་ལ་དད་མོས་བྱེད་པར་རྒྱང་ཐག་ཇེ་རིང་དུ་གཏོང་བཞིན་ཡོད། ཅེས་གསུངས་འདུག་ལ། ཁོང་གིས་བོད་ཀྱི་བདེན་པའི་འཐབ་རྩོད་དང་འབྲེལ་ནས་ཨ་རིའི་གཞུང་ལ་འབོད་སྐུལ་དོན་ཚན་གསུམ་ཞུས་འདུག

གཅིག ཨ་རིས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་ཡང་སྲིད་བསྐོ་གཞག་བྱེད་པའི་ཐོབ་ཐང་ལ་མཐའ་གཅིག་ཏུ་དགག་པ་རྒྱག་དགོས། གཉིས། ཨ་རིའི་སྲིད་འཛིན་གཞོན་པ་ཝན་སི་ (Vance) ལགས་དང་། ཡང་ན་རྒྱལ་སྲིད་དྲུང་ཆེ་མར་ཁོ་རུ་བྷི་ཡོ་ལགས་དྷ་རམ་ས་ལར་ཆེད་གཏོང་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ལྷན་དུ་གྲོས་མོལ་གནང་སྟེ། ཨ་རིའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་སྤེལ་དགོས་པ་དང་རྒྱ་ནག་ནང་ལོགས་སུ་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས། ངས་ལས་དོན་འདི་འགྲུབ་རྒྱུ་ཡིན་མིན་ལ་དོགས་པ་ཆེན་པོ་ཡོད། རྒྱུ་མཚན་ནི་ཧོང་ཀོང་ལ་བལྟས་ན་ཤེས་ཐུབ། འོན་ཀྱང་། གལ་ཏེ་རྒྱ་ནག་གིས་གནད་དོན་འདི་ལ་ཉིན་གྲངས་ ༦༠ ནང་མོས་མཐུན་མ་བྱས་ཚེ། ང་ཚོས་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་ཡོད་པའི་གསལ་བསྒྲགས་སྤེལ་དགོས། གསུམ།  བོད་དང་ཤར་ཊུར་ཀི་སི་ཐན་ནི་རྒྱ་ནག་གི་ཆ་ཤས་མིན་པ་དང་། ཀ་ཛ་ཁི་སི་ཐན་ (Kazakhstan) དང་ཨུ་ཛི་བྷེ་ཀི་སི་ཐན་ (Uzbekistan) གཉིས་ཀྱང་ནི་ཨུ་རུ་སུའི་ཆ་ཤས་ཡིན། རྒྱལ་ཁབ་འདི་དག་བཙན་བཟུང་བྱས་པའི་ས་ཁུལ་ཡིན་པས། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་དེ་ལྟར་ངོས་འཛིན་བྱེད་དགོས།

ཉན་ཞིབ་སྟེང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་དང་ཉམས་ཞིབ་པ་རྒན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བདུན་ཅུ་ཙམ་གྱི་རིང་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་དང་བོད་མིའི་རང་དབང་དང་མངོན་འདོད། ཆོས་ལུགས་དད་མོས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན། ༸གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་ཇུས་བྱེད་པར་གྲ་སྒྲིག་ཡོད་སྐོར་སོགས་གླེང་སློང་བྱས་རྗེས། ཨ་རིའི་གཞུང་ལ་དགོས་འདུན་དོན་ཚན་བདུན་བཏོན་པའི་ནང་། གཅིག ཨ་རིའི་སྲིད་འཛིན་ཊོམ་ཕུའི་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལྟར། རྒྱ་ནག་གི་དཔོན་རིགས་ཚོས་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་པར་ཐེ་ཇུས་བྱེད་པ་གཙོས་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་བཏང་ཚེ། ཕྱི་ལོ་ ༢༠༡༦ ལོའི་ཨ་རིའི་མཱག་ནེ་སི་ཀེ་འགྲོ་བ་མིའི་ཐོབ་ཐང་ (The Global Magnitsky Human Rights Accountability Act) གི་ཁྲིམས་དང་ཕྱི་ལོ་ ༡༩༦༥ ལོའི་ཨ་རིའི་གཞིས་སྤོ་དང་མི་སེར་གྱི་ཁྲིམས་ལུགས་ལྟར་ཉེས་ཆད་གཅོད་དགོས།

གཉིས། སྲིད་འཛིན་ཊོམ་ཕུའི་སྲིད་གཞུང་གིས་ཡུ་རོབ་མཐུན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་གུ་ཡངས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་དང་ལྷན་དུ་མུ་མཐུད་མཉམ་འབྲེལ་བྱས་ཏེ། བོད་མིའི་ཆོས་དད་རང་དབང་ཐོག་གཅིག་གྱུར་གྱི་སྲིད་ཇུས་དང་མཉམ་འབྲེལ་གྱི་ལས་གཞི་གསར་པ་རྩོམ་དགོས། གསུམ། ཊོམ་ཕུ་གཞུང་གིས་ཡོངས་གྲགས་ཀྱི་ཐོག་ནས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཉི་མ་མཆོག་གཙོས་པའི་ཆོས་ལུགས་དད་མོས་རང་དབང་གི་ཐོབ་ཐང་རྩོད་ལེན་ཆེད་འཛིན་བཟུང་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་ཀློད་གྲོལ་གཏོང་བའི་དགོས་འདུན་བཏོན་དགོས། བཞི། རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་མཚམས་འཇོག་བྱས་ཏེ། ཞི་བའི་ལམ་ནས་བོད་མིའི་ཐོབ་ཐང་ཞུ་གཏུག་གནང་མཁན་ཀྲང་ཡ་དྷི་ (Zhang Yadi) ཚུད་པའི་བོད་མི་རྣམས་ཀློད་གྲོལ་གཏོང་བར་སྐུལ་མ་གནང་དགོས། ལྔ། ཨ་རིའི་རྒྱལ་སྲིད་ལས་ཁུངས་ཀྱིས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་སྲིད་ཇུས་འོག་ཉེས་ཆད་ཕོག་པའི་རྒྱ་ནག་གི་དཔོན་རིགས་ཚོའི་མིང་ཐོ་ཕྱིར་བསྒྲགས་བྱས་ཏེ། བོད་ནང་གི་དགོན་སྡེ་ཁག་དང་ནང་ཆོས་ཉམས་ལེན་པའི་གནས་སྟངས་ཚུད་པའི་བོད་ནང་གི་གནས་སྟངས་ལ་ལྟ་ཞིབ་སྔར་ལྷག་ཡོང་ཐབས་བྱེད་དགོས།

དྲུག ཨ་རིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ཁག་གིས་བོད་ནང་འགྲོ་འོང་གི་ཆོག་མཆན་ཞུ་དགོས་པ་མ་ཟད། ཨ་རིའི་ཕྱི་འབྲེལ་མི་སྣ་དང་མང་ཚོགས་ཀྱི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ལའང་བོད་ལ་འགྲོ་འོང་གི་གོ་སྐབས་འཚོལ་བར་སྐུལ་མ་གཏོང་རྒྱུ་ནི་བོད་ནང་འགྲོ་འོང་འདྲ་མཉམ་གྱི་སྲིད་ཇུས་ལག་བསྟར་བྱེད་པའི་ཆ་ཤས་ཤིག་ཡིན། བདུན། བོད་མི་རྣམས་ལ་ཆོས་དད་རང་དབང་མེད་པ་ནི་ཆབ་སྲིད་ཀྱི་དཀའ་ངལ་ཆེན་པོ་ཞིག་ཡིན་པ་དང་། གནད་དོན་དེ་གླེང་སློང་བྱེད་དགོས། ཕྱི་ལོ་ ༢༠༠༢ ལོར་བོད་ཀྱི་སྲིད་བྱུས་ཀྱི་ཁྲིམས་ཡིག་དང་། ༢༠༢༠ ལོའི་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་གྱི་དགོངས་དོན་ལྟར། ཨ་རིའི་གཞུང་ལ་བོད་ཀྱི་སྐུ་ཚབ་དང་རྒྱ་ནག་གི་མགོ་ཁྲིད་བར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་བྱེད་པར་སྐུལ་མ་གཏོང་བའི་སྲིད་ཇུས་ཤིག་ཡོད་ལ། ཊོམ་ཕུའི་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་མཐོ་རིམ་མི་སྣ་བརྒྱུད་ནས་གསང་བ་དང་ཡོངས་གྲགས་ཀྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་༸གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དུ་ཆ་རྐྱེན་མེད་པའི་ཐོག་ནས་གྲོས་མོལ་བསྐྱར་གསོ་དགོས་པའི་སྐུལ་མ་གཏོང་དགོས། ཞེས་བརྗོད་འདུག

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་དོན་དཀའ་རྙོག་སེལ་བར་དབུ་མའི་ལམ་གྱི་སྲིད་བྱུས་ལ་ངོས་ལེན་མི་བྱས་ཚེ། བོད་དེ་རང་བཙན་གཙང་བའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་རྒྱུ་དང་། རྒྱ་གཞུང་གིས་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ཐེ་ཇུས་ཤུགས་ཆེན་བྱེད་བཞིན་ཡོད་པར་བརྟེན། ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་དང་འགལ་གྱི་ཡོད་པས། ཨ་རིའི་གཞུང་ནས་རྒྱ་ནག་གིས་ཐེ་ཇུས་བྱེད་བཞིན་པ་དེ་ལ་ངོས་ལེན་མེད། ཅེས་སོགས་གསུངས་འདུག

གཞི་རྩའི་ད་ལན་གྱི་ཉན་ཞིབ་དེའི་ནང་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཆོས་ལུགས་ཀྱི་ཚོགས་སྡེ་ཁག་དང་མི་སྒེར་ལ་གནོན་ཤུགས་དང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པ། ཆོས་དད་རང་མོས་དང་རྒྱལ་ཁབ་ཀྱི་བདེ་འཇགས་བར་གྱི་འབྲེལ་བ། ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཆོས་དད་རང་མོས་དང་ཕྱི་འབྲེལ་གྱི་ཐབས་ཇུས་སོགས་ཀྱི་སྐོར་གླེང་སློང་གནང་འདུག་ལ། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་། རྒྱ་ནག་གི་རྩ་རླུང་སྒོམ་སྒྲུབ་ཚོགས་པ། ཡུ་གུར་བའི་ཁ་ཆེའི་ཆོས་ལུགས། ཡེ་ཤུ་ཆོས་ལུགས་སོགས་ཀྱི་ཐོག་སྲིད་ཇུས་འདྲ་མིན་ལག་བསྟར་གྱིས། དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་དྲག་གནོན་ཤུགས་ཆེན་བྱེད་བཞིན་ཡོད་སྟབས། རྒྱ་ནག་གི་ཆོས་དད་རང་དབང་གི་གནས་བབ་ནི་ཨ་རིའི་ཕྱི་སྲིད་ཀྱི་དམིགས་འབེན་ཞིག་ཏུ་འཛིན་དགོས་པ་མ་ཟད། བོད་བརྒྱུད་ནང་པ་དང་རྒྱ་ནག་གི་རྩ་རླུང་སྒོམ་སྒྲུབ་ཚོགས་པ། ཡུ་གུར་བའི་ཁ་ཆེའི་ཆོས་ལུགས། ཡེ་ཤུ་ཆོས་ལུགས་པ་སོགས་ཀྱི་གནད་དོན་ནི་ཨ་རིའི་མངོན་འདོད་ཞིག་ཏུ་བརྩིས་ཏེ། ཨ་རིས་ཕྱི་སྲིད་དང་རྒྱལ་སྲིད་འབྲེལ་ལམ་གྱི་ཐོག་ནས་འབྲེལ་ཡོད་རྒྱལ་སྤྱིའི་གཞུང་ཁག་དང་ཚོགས་སྡེ་ཁག དེ་བཞིན་མི་མང་གི་སྐུ་ཚབ་ཚོགས་པ་སོགས་སུ་འབྲེལ་འདྲིས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་དང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པར་འགན་ལེན་བྱེད་དུ་འཇུག་དགོས་སྐོར་སོགས་གླེང་སློང་བྱས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

ཆུ་ཚོད་ ༡ སྔོན་ལ།
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

ཆུ་ཚོད་ ༢ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese