མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

བོད་ཀྱི་དུས་བབ།
༢༠༢༥/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇིན་ཧྥ་རན་ཀོ་ཨིས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་དང་ཁོང་གི་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུས་འདུག

(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཧྥ་རན་སིའི་གྲོས་ཚོཊ་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཇིན་ཧྥ་རན་ཀོ་ཨིས་ཧམ་བྷར་ཊི་ ( Jean-François Humbert) ལགས་དགུང་ལོ་ ༧༣ སྟེང་སྐུ་གྲོངས་ཡོད་སྟབས། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དམ་པ་ཁོང་སྐུ་གྲོངས་བར་མྱ་ངན་དང་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་འཕྲིན་ཡིག་ཅིག་ཕུལ་འདུག

དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཐུགས་གསོའི་འཕྲིན་ཡིག་ནང་། ཁོང་ནི་གཞུང་དྲང་ལྡན་པའི་མི་ཞིག་ཡིན་པའི་ཁར། ཁོང་གི་སྐད་ཆ་ནི་ཚད་གཞི་ལྡན་པ། བྱ་སྤྱོད་ནི་རྩ་དོན་དང་མཐུན་པ། བོད་དོན་ལ་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་མཆིས།  ཁོང་གིས་ལོ་ངོ་བཅུ་ཕྲག་མང་པོར་བོད་དོན་རྒྱབ་སྐྱོར་གནང་ཡོད་ལ། ཁོང་གིས་ཧྥ་རན་སིའི་གྲོས་ཚོགས་ནང་གི་ལས་དོན་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་(International Information Group on Tibet)་མགོ་ཁྲིད་ཀྱི་ཐོག་ནས་བོད་ཀྱི་འབོད་སྒྲ་རྒྱལ་སྤྱིའི་གླེང་སྟེགས་སུ་བསྒྲགས་ཡོད། ཁོང་གི་རྒྱབ་སྐྱོར་གྱིས་བོད་བཙན་བཟུང་བྱས་པའི་གནས་སྟངས་དང་། བོད་མི་རིགས་ཀྱི་རིག་གཞུང་རྩ་གཏོར། འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་སོགས་ལ་རྒྱལ་སྤྱིར་གོ་རྟོགས་ཆེས་ཆེར་སྤེལ་ཡོད། ཅེས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། ངས་བོད་ཀྱི་དངོས་གནས་ཀྱི་གྲོགས་པོ་དང་བོད་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་འདས་གྲོངས་སུ་གྱུར་བར་མྱ་ངན་ཞུ། ཁོང་གིས་ལྷོད་མེད་ཀྱི་ངང་ནས་བོད་དོན་རྒྱབ་སྐྱོར་དང་། བོད་དོན་ཐད་ལས་དོན་གཉེར་བ་སྙིང་དབུས་ནས་གུས་འདུད་དང་ཡི་རངས་ཞུ། དེ་བཞིན་ངས་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཁོང་གི་ཤུལ་ལུས་ནང་མི་དང་གཉེན་ཉེ་ཡོངས་ལ་སེམས་བསམ་པའི་གཏིང་ནས་མྱ་ངན་དང་བསྔོ་སྨོན་ཞུ། ཞེས་གསུངས་འདུག

Sikyong Penpa Tsering Extends Condolences on the Passing of Senator Jean François Humbert

སྐུ་ཞབས་ཇིན་ཧྥ་རན་ཀོ་ཨིས་ཧམ་བྷར་ཊི་ལགས་ནི་ཕྱི་ལོ་ ༡༩༥༢ ལོར་སྐུ་འཁྲུངས་ཤིང་། ཁོང་ཕྱི་ལོ་ ༡༩༩༨ ནས་ ༢༠༠༤ བར་ཧྥ་རན་སིའི་ཀོམ་ཏེའི་(Comté) ས་གནས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཕྱི་ལོ་ ༡༩༩༨ ནས་ ༢༠༡༤ བར་དུ་བྷོ་ས་ཁུལ་གྱི་ཧྥ་རན་སིའི་གྲོས་ཚོགས་འཐུས་མིར་བདམས། ཁོང་གིས་ཕྱི་ལོ་ ༢༠༠༩ ནས་ ༢༠༡༢ བར་ཧྥ་རན་སིའི་གྲོས་ཚོགས་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་(International Information Group on Tibet)་ཚོགས་གཙོ་དང་ཚོགས་གཞོན་བཅས་ཀྱི་འགན་འཁུར། ཕྱི་ལོ་ ༢༠༡༡ ལོར་ཧྥ་རན་སིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས། ཁོང་གིས་བོད་དང་བོད་མིར་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་གིས་ཁྲིམས་མཐུན་མིན་པའི་སྲིད་ཇུས་ཁག་ལ་ངོ་རྒོལ་ལན་མང་གནང་། ཕྱི་ལོ་ ༢༠༡༣ ལོར་ཁོང་གིས་ཧྥ་རན་སིའི་གྲོས་ཚོཊ་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གནང་སྐབས་བོད་མིའི་སྒྲིག་འཛུཊ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཡུལ་དེའི་གྲོས་ཚོགས་གོང་མར་གདན་ཞུས་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese