མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་མོན་པ་རྣམས་ཏཱ་ལའི་བླ་མ་རྣམ་གཉིས་ལ་འབྲེལ་བ་ཡོད་པས་ཧ་ཅང་སྐལ་བ་བཟང་པོ་ཡིན་པ་རྟོགས་ཡོད་ཅེས་གསུངས་སོང་།

བོད་ཀྱི་དུས་བབ།
༢༠༢༥/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་ཐེངས་དང་པོ་མཇུག་སྒྲིལ་བའི་མཛད་སྒོའི་ཐོག་ཏཱ་ལའི་བླ་མ་དྲུག་པ་དང་བཅུ་བཞི་པ་གཉིས་ནི་ངོ་བོ་གཅིག་པ་ཡིན་ལ། ང་ཚོ་མོན་པ་རྣམས་ཏཱ་ལའི་བླ་མ་གཉིས་ཀ་དང་འབྲེལ་བ་ཡོད་པས་ཧ་ཅང་སྐལ་བ་བཟང་པོ་ཡིན་པ་རྟོགས་ཡོད་སོགས་གསུངས་སོང་།

མོན་རྟ་དབང་དུ་རྒྱལ་སྤྱིའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་ཐེངས་དང་པོ་༢༠༢༥།༡༢།༣-༦ འཚོགས། དུས་བབ་ཀྱི་པར།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༦ ཉིན་མོན་རྟ་དབང་ཀ་ལ་དབང་པོ་ཚོགས་ཁང་དུ། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག རྒྱལ་སྤྱིའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུའི་མཇུག་སྡོམ་མཛད་སྒོ་འཚོགས་སོང་ལ། ད་ལན་གྱི་ཞིབ་འཇུག་ཚོགས་འདུ་འདི་ནི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་དགའ་སྟོན་གྱི་ཆ་ཤས་ཤིག་དང་། མོན་པ་རྣམས་ཀྱིས་ཕུལ་བའི་ལེགས་སྐྱེས་རྨད་དུ་བྱུང་བ་ཞིག་ཡིན་སྐོར་སོགས་གསུངས་སོང་།

ཨ་རུ་ན་ཅལ་མངའ་སྡེའི་ཆོས་རིག་བློན་ཆེན་ལས་ཁུངས་ཀྱི་ངེས་སྟོན་པ་ཐུབ་བསྟན་སྐལ་ལྡན་ལགས་ཀྱིས་མཇུག་སྡོམ་མཛད་སྒོའི་ཐོག དེ་རིང་འདིར་ང་རང་སྤོབས་པ་དང་དགའ་སྤྲོ་ཆེན་པོས་ལངས་ནས་ཡོད། རྒྱུ་མཚན་ནི་ཐུབ་བསྟན་བཤད་སྒྲུབ་གླིང་ཐེབས་རྩ་ཁང་དུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་རིག་གཞུང་དང་ལོ་རྒྱུས་ཀྱི་གལ་ཆེའི་རང་བཞིན་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུ་ཐེངས་དང་པོའི་ཉིན་གཉིས་ཀྱི་ཚོགས་འདུ་མཇུག་བསྒྲིལ་བས། ང་ཚོ་མོན་པ་རྣམས་ལ་སྤོབས་པ་དང་དགའ་སྤྲོ་སྐྱེ་བའི་རྒྱུ་མཚན་ཞིག་ཡོད་པ་ནི། མཁས་དབང་དེ་དག་ལས་ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། མོན་པ་ཏཱ་ལའི་བླ་མ་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་གིས་མདོ་སྔགས་གཉིས་ཀའི་ནང་ནས་ནང་པའི་ལྟ་གྲུབ་ཀྱི་གཞུང་མང་པོ་བརྩམས་ཡོད་པ་མ་ཟད། གསོལ་འདེབས་གལ་ཆེན་མང་པོ་ཡང་མཛད་ཡོད། ཁོང་གི་གསུང་རྩོམ་ཁག་ཅིག་ནི་ད་ལྟའང་རྒྱ་གར་ལྷོ་ཕྱོགས་ཀྱི་སེ་ར་དང་། འབྲས་སྤུངས། དགའ་ལྡན་སོགས་ཀྱི་དགོན་སྡེ་ཆེན་པོ་ཁག་ཏུ་མཇལ་རྒྱུ་འདུག  མགུར་གླུའམ་ཆོས་གླུ་ནི་བརྗོད་པའི་ནུས་པ་ལས་འདས་པ་ཞིག་རེད། དེ་ནི་ཧ་ཅང་ངོ་མཚར་ཆེན་པོ་རེད། འོན་ཀྱང་། གལ་ཆེ་ཤོས་ནི་ཏཱ་ལའི་བླ་མ་དྲུག་པ་དང་བཅུ་བཞི་པ་གཉིས་ནི་ངོ་བོ་གཅིག་པ་ཡིན་པས། ད་ལྟ་ང་ཚོ་མོན་པ་རྣམས་ཏཱ་ལའི་བླ་མ་གཉིས་ཀ་དང་འབྲེལ་བ་ཡོད་པས་ཧ་ཅང་སྐལ་བ་བཟང་པོ་ཡིན་པ་རྟོགས་ཡོད། ཅེས་གསུངས་སོང་།

ཨ་རུ་ན་ཅལ་མངའ་སྡེའི་ཆོས་རིག་བློན་ཆེན་ལས་ཁུངས་ཀྱི་ངེས་སྟོན་པ་ཐུབ་བསྟན་སྐལ་ལྡན་ལགས་ཀྱིས་མཇུག་སྡོམ་མཛད་སྒོའི་ཐོག་གསུང་བཤད་གནང་། ༢༠༢༥།༡༢།༠༦ དུས་བབ་ཀྱི་པར།

ཡང་ཁོང་གིས། ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་ནི་གཞོན་སྐྱེས་རྣམས་ལ་དགའ་ལྡན་ཕོ་བྲང་སྐོར་གོ་རྟོགས་སྤེལ་བ་དང་། ལྷག་པར་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་བརྒྱུད་ནས་ཏཱ་ལའི་བླ་མ་དང་འབྲེལ་བ་དམ་ཟབ་བཟོ་རྒྱུ་དེ་ཡིན། དེ་ལྟར་བྱས་ན་ད་ལྟའི་འཛམ་གླིང་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་གལ་ཆེན་པོ་ཡིན་པ་ཤེས་ཐུབ་པ་མ་ཟད། མ་འོངས་པར་སྐུའི་ཡང་སྲིད་ཀྱི་དོན་སྙིང་རྟོགས་ཐུབ། འདི་ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དགུང་གྲངས་དགུ་བཅུའི་འཁྲུངས་སྐར་གྱི་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད་པ་དེ་བརྗེད་མི་རུང་། དེར་བརྟེན། དུས་ཆེན་འདིའི་ཆ་ཤས་སུ་ང་ཚོ་ཚང་མས་ཐོག་མར་ཏཱ་ལའི་བླ་མའི་ཐུགས་སྐྱེད་དམ་བཅའ་བཞི་དྲན་གསོ་བྱས་ཏེ། དེ་ནས་དམ་བཅའ་བཞི་པོ་དེ་ང་ཚོའི་ཉིན་རེའི་འཚོ་བའི་ནང་རང་ཉིད་ཀྱི་དམ་བཅའ་ལྟར་ལག་བསྟར་བྱ་རྒྱུར་དམ་བཅའ་འཇོག་དགོས། དེ་ནི་ང་ཚོའི་བླ་མ་དང་བརྩི་བཀུར་ཞུ་ཡུལ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལ་གུས་འདུད་ཞུ་བའི་ཐབས་ལམ་ཆེས་འོས་ཤོས་དེ་ཡིན། ཅེས་གསུངས་སོང་།

དེའི་རྗེས་ཧར་བར་གཙུག་ལག་སློབ་གཉེར་ཁང་གི་ནང་དོན་རིག་པའི་དགེ་རྒན་ཆེན་མོ་ཇེ་ནེཊ་རྒྱ་མཚོ་ལགས་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་སྤྱི་དགེ་བཤེས་ཐུབ་བསྟན་ཡར་འཕེལ་ལགས་གཉིས་ཀྱིས་དབྱིན་བོད་གཉིས་ཀྱི་ནང་ཚོགས་འདུ་འདིའི་དབྱིན་བོད་གཉིས་ཀྱི་རྩོམ་ཤོག་ཀློག་འདོན་གནང་བའི་ཁྲོད། བགྲོ་གླེང་འདིར་གསུང་བཤད་པ་ཞལ་གྲངས་ ༢༦ ཡོད་པ་ནས་དབྱིན་སྐད་ཐོག་གསུང་བཤད་གནང་མཁན་ཞལ་གྲངས་ ༡༡ དང༌། བོད་སྐད་ཐོག་གསུང་བཤད་གནང་མཁན་ཞལ་གྲངས་ ༡༥ ཡོད་པ་ལས། བོད་སྐད་ཐོག་ནས་རྣམ་ཐར་སྐོར་ལ་གསུང་བཤད་གནང་མཁན་ཞལ་གྲངས་ ༦ དང༌། གསུང་རྩོམ་ཐོག་གསུང་བཤད་གནང་མཁན་ཞལ་གྲངས་ ༤ ། མགུར་གླུའི་ཐོག་གསུང་བཤད་གནང་མཁན་ཞལ་གྲངས་ ༥ ཡོད་པ་བརྗོད་གཞི་རིགས་གསུམ་ལ་དབྱེ་འདུག ཅེས་གསུངས་ནས། ད་ལན་རྒྱལ་སྤྱིའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུའི་ཚོགས་བཅར་བ་རྣམས་ཀྱི་རྩོམ་ཤོག་རྣམས་ངོ་སྤྲོད་གནང་སོང་།

མོན་རྟ་དབང་དུ་རྒྱལ་སྤྱིའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་ཐེངས་དང་པོ་༢༠༢༥།༡༢།༣-༦ འཚོགས། དུས་བབ་ཀྱི་པར།

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས། རྒྱ་གར་དང་ཕྱི་རྒྱལ་གྱི་མཁས་པ་ཚོ་ཚོགས་འདུ་འདིར་ཕེབས་པ་དང་། རིག་གནས་འདྲ་མིན་བར་གྱི་བགྲོ་གླེང་བརྒྱུད་ནས། ང་ཚོས་རྒྱལ་བ་དྲུག་པ་མཆོག་གི་ཆོས་ཕྱོགས་དང་། རིག་གཞུང་། རྩོམ་རིག ལོ་རྒྱུས་བཅས་ཀྱི་ཤུལ་བཞག་རྗེས་སུ་འབྲངས་ཐབས་བྱས་ཡོད། ང་ཚོས་ཁོང་གི་མགུར་གླུ་དང་། ཧི་མ་ལ་ཡའི་ས་ཁུལ་གྱི་མི་མང་གི་སེམས་ནང་ད་དུང་ཡང་ཁོང་གི་མི་ཚེ་དང་གསུང་ལ་བརྟེན་ནས་སེམས་ཤུགས་འཕེལ་བཞིན་པ་བཅས་ཀྱི་ཐོག་ནས། ཤུལ་བཞག་འདི་ནི་འདས་པའི་དངོས་པོ་ཞིག་མིན་པར་བསྐྱར་དུ་ངོས་འཛིན་བྱས་ཡོད། ཅེས་གསུངས་སོང་།

ཡང་བློན་ཆེན་མཆོག་གིས། ང་ཚོས་མཛེས་སྡུག་ལྡན་པའི་ཚོགས་འདུ་འདི་མཇུག་སྒྲིལ་བཞིན་པ་དང་། ལྷག་པར་དུ་ངའི་ས་གནས་ཀྱི་གྲོགས་པོ་ཚོར་ཚོགས་འདུ་འདི་ལས་བྱུང་བའི་ཤེས་རྟོགས་དང་། བགྲོ་གླེང་། སེམས་ཤུགས་བཅས་ང་ཚོའི་གྲོང་གསེབ་དང་། སློབ་ཁང་། ཁྱིམ་ཚང་བཅས་སུ་འཁྱེར་ནས་འགྲོ་རྒྱུར་སྐུལ་མ་ཞུ་རྒྱུ་ཡིན། བྱེད་སྒོ་འདིས་ང་ཚོའི་འདས་པའི་དོན་དག་ལ་གུས་བརྩི་བྱེད་པ་དང་། ང་ཚོའི་ཤུལ་བཞག་ལ་རྩ་བ་བརྟན་པོ་ཚུགས་པའི་མ་འོངས་པ་ཞིག་བསྐྲུན་རྒྱུའི་ཆོད་སེམས་གསར་པ་ཞིག་མཚོན་བྱེད་ཡིན་པར་ཤོག ཅེས་དང་། རྒྱང་ཐག་རིང་པོ་ནས་ཚོགས་འདུ་འདིར་མཉམ་ཞུགས་བྱེད་མཁན་གྱི་སྐུ་མགྲོན་རེ་རེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྟ་དབང་དུ་བཞུགས་མཁན་གྱི་སྐུ་མགྲོན་ཚོར་རྟ་དབང་ཁུལ་དུ་བདེ་སྐྱིད་ལྡན་པའི་བཞུགས་གནས་དང་བདེ་འཇགས་ངང་ཕེབས་སྐྱེལ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

མོན་རྟ་དབང་དུ་རྒྱལ་སྤྱིའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་ཐེངས་དང་པོ་༢༠༢༥།༡༢།༣-༦ འཚོགས། དུས་བབ་ཀྱི་པར།

གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རིན་པོ་ཆེ་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་སྐབས། ལོ་གཅིག་ལྷག་གི་སྔོན་ངས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་བཀའ་མོལ་ཐོག་མར་འབྱུང་སྐབས། ངས་རང་ཉིད་ཁྱེད་ཚོའི་མདུན་དུ་ལངས་ནས་མཇུག་སྡོམ་གྱི་གཏམ་བཤད་བྱེད་པར་བསམ་བློ་བཏང་མེད། འདིར་སླེབས་པར་ལས་ཀ་མང་པོ་བྱས་ཡོད་ལ། ང་གཅིག་པུ་མ་ཡིན་པར་མི་མང་པོས་བྱས་ཡོད། འོན་ཀྱང་ངས་ཐེ་ཚོམ་མེད་པར་བཤད་ཐུབ་པ་ཞིག་ལ་དེ་ནི་རིན་ཐང་ལྡན་པ་ཞིག་རེད། ཉིན་འདི་དག་ནི་ང་དང་དེ་བཞིན་དུ་རྟ་དབང་ལ་མཚོན་ན་དམིགས་བསལ་གྱི་དོན་ཆེན་ཞིག་རེད། གལ་ཆེ་བ་ཞིག་ལ་ངས་ཁྱེད་ཚོ་ཚང་མར་ཡང་དེ་བཞིན་དུ་དམིགས་བསལ་ཅན་ཞིག་བྱུང་ཡོད་པར་རེ་བ་རྒྱག་གི་ཡོད། གཏམ་བཤད་འདི་འདྲའི་ནང་དུ་རྒྱུན་དུ་ཚིག་རྒྱན་སྣ་ཚོགས་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང་། ངས་འུད་བརྗོད་མེད་པར་བཤད་ཐུབ་པ་ཞིག་ལ་འདི་ནི་དངོས་གནས་ལོ་རྒྱུས་ཀྱི་དོན་ཆེན་ཞིག་རེད། འདི་འདྲའི་ཚོགས་འདུ་ཐོག་མ་དེ་ཡིན་པ་དང་། དེ་ནི་ཧ་ཅང་ལེགས་གྲུབ་བྱུང་བ་ཞིག་རེད། སྔོན་ཆད་རྒྱལ་ཁབ་དང་། རིག་གཞུང་། སྒྲིག་འཛུགས། སློབ་གྲྭ་སྣ་ཚོགས་ནས་ཡོང་བའི་མཁས་པ་འདི་འདྲ་མང་པོ་ཞིག་མཉམ་དུ་འཛོམས་ནས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྐོར་ལ་སློབ་སྦྱོང་དང་དཔྱད་ཞིབ་བྱས་མེད། ང་ཚོས་དེ་ཁོང་གི་འཁྲུངས་ཡུལ་དུ་གོ་སྒྲིག་བྱེད་ཐུབ་པ་དེ་ནི་དེ་བས་ཀྱང་ངོ་མཚར་ཆེ་བ་ཞིག་རེད། ཅེས་གསུངས་སོང་།

རིན་པོ་ཆེ་མཆོག་ནས་ཚོགས་འདུ་འདི་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་དགའ་སྟོན་གྱི་ཆ་ཤས་ཤིག་ཡིན་པ་དང་། ངས་དངོས་གནས་འདི་ནི་ང་ཚོས་ཕུལ་བའི་ལེགས་སྐྱེས་རྨད་དུ་བྱུང་བ་ཞིག་ཡིན་པར་ཚོར་གྱི་ཡོད། བཀའ་སློབ་ནང་གསལ་པོར་གསུངས་པ་ལྟར་རང་གི་བླ་མ་དམ་པ་ལ་མཆོད་པ་འབུལ་བའི་ཐབས་ལམ་ཡག་ཤོས་ནི་ཉམས་ལེན་བྱ་རྒྱུ་དེ་ཡིན་པ་དང་། ངས་ཚོགས་འདུ་འདི་ནི་མཆོད་པ་ཟབ་མོ་དང་གལ་ཆེན་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཚོགས་འདུ་འདི་གོ་སྒྲིག་དང་། གཙོ་སྐྱོང་། མཉམ་ཞུགས་བྱས་པའི་དགེ་བའི་རྩ་བ་གང་ཡོད་པ་དེས་ཚོགས་བཅར་བ་དང་སྦྱིན་བདག་ཚང་མ་ལ་མཁས་པའི་བློ་གྲོས་དང་སྤྲོ་སྣང་རྒྱུན་མི་ཆད་པར་འབྱུང་བར་ཤོག ཅེས་རྒྱལ་སྤྱིའི་རང་བཞིན་ཚོགས་འདུ་འདི་ལེགས་པར་གྲུབ་སོང་།

སང་ཉིན་ནས་ཐེངས་འདིའི་ཚོགས་ཆེན་ཐོག་བཅར་བའི་ཆེད་མཁས་པ་དང་ཉམས་ཞིབ་པ་རྣམ་པ་འཕགས་བོད་མཐའ་མཚམས་ཁུལ་དུ་ཡུལ་སྐོར་དང་གནས་གཟིགས་སུ་ཕེབས་རྒྱུ་ཡིན་འདུག

གསར་འགོད་པ་དཔལ་ལྡན་གྱིས་མོན་རྟ་དབང་ནས་སྤེལ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༥ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese