མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་གཉིས་ཀྱིས་བྱམས་བརྩེའི་ལོ་སྲུང་གཙི་དང་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུ་བ། རྒྱ་གར་གྱིས་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཡོང་ཐབས། དེ་བཞིན། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་ཐབས་བྱེད་བཞིན་པ་སོགས་ཀྱི་སྐོར་རྒྱ་གར་རྒྱལ་ཡོངས་སུ་དྲིལ་བསྒྲགས་བྱེད་སླད་སྦག་སྦག་སྐོར་སྐྱོད་གནང་མགོ་བཙུགས་སོང་།

བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠

དེ་རིང་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། བཞུགས་སྒར་གྱི་དཔའ་བོའི་རྡོ་རིང་གི་མདུན་ནས་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ནས། ཟླ་གསུམ་རིང་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་གནང་སྟེ་བོད་དོན་དྲིལ་བསྒྲགས་དང་འབྲེལ་བའི་ལས་འགུལ་སྤེལ་མགོ་བཙུགས་སོང་།

འདི་གའི་གསར་འགོད་པར་ལས་འགུལ་བ་གཉིས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། ཐེངས་འདིའི་ལས་འགུལ་དེ་ནི་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ ༢༡ དང་རང་སྐྱོང་ས་ཁུལ་ ༢ ནང་སྤེལ་འཆར་ཡོད་ཅིང་། འབྱུང་འགྱུར་ཕྱི་ཟླ་ ༣ ཚེས་ ༡༠ སྟེ་གསུམ་བཅུའི་དུས་དྲན་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་མཇུག་བསྡུ་འཆར་འདུག

ལས་འགུལ་གྱི་དམིགས་ཡུལ་སྐོར་ལ་ལས་འགུལ་བ་གཉིས་ཀྱིས། འདིའི་དམིགས་ཡུལ་གཙོ་བོ་ནི། ༸གོང་ས་མཆོག་གི་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་རྒྱུ་དང༌། རྒྱ་གར་ལ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་བ། དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ཀྱི་ངོ་བོ་རྩ་མེད་བཟོ་བའི་དྲག་གནོན་ལ་ངོ་རྒོལ། རྒྱ་གར་གཞུང་ནས་བོད་ནི་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཡོང་རྒྱུར་འབོད་སྐུལ་ཞུ་རྒྱུ་དེ་ཡིན། ལས་འགུལ་འདི་ནི་བདེན་པ་སྲུང་སྐྱོབ་དང༌། བོད་ཀྱི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ། རྒྱ་བོད་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་ཤུགས་ཆེར་གཏོང་རྒྱུའི་ལས་འགུལ་ཞིག་ཡིན། ཞེས་བརྗོད་བྱུང་།

ཐེངས་འདིའི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཁྲོད་བོད་མི་འཇམ་དབྱངས་བསྟན་འཛིན་ལགས་དང་བློ་གྲོས་དཔལ་ལྡན་ལགས་གཉིས་ཀྱིས། གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། གཅིག བྱམས་བརྩེའི་ལོ་སྲུང་བརྩི། ཕྱི་ལོ་ ༢༠༢༥ ནི་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་ ༩༠ བདག་གིར་བཞེས་པར་བརྟེན། འཛམ་གླིང་ཡོངས་ལ་བྱམས་བརྩེའི་ལོ་ཞེས་དགའ་སྟོན་སྲུང་བརྩི་ཞུ་བཞིན་ཡོད། ༸གོང་ས་མཆོག་གི་སྙིང་རྗེ་དང༌། འཚེ་མེད་ཞི་བ། འཛམ་གླིང་གི་འགན་འཁུར་སོགས་རླབས་ཆེན་གྱི་བཀའ་སློབ་ནི་ཉག་ཕྲའི་དུས་སྐབས་འདིར་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཞིག་ཡིན། འཛམ་གླིང་ཡོངས་ནས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་རིང་པོ་བཞུགས་པའི་སྨོན་ལམ་དང་། འཛམ་གླིང་ཞི་བདེ། སྤྱི་ཚོགས་དང་མི་རིགས་འཕེལ་རྒྱས་ཀྱི་དོན་དུ་གནང་བའི་མཛད་རྗེས་ལ་བཀུར་སྟི་ཞུ་བཞིན་ཡོད།

གཉིས། རྒྱ་གར་ལ་བཀའ་དྲིན་རྗེས་དྲན། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ལ་དམག་འཐབ་དང་བཙན་འཛུལ་བྱས་རྗེས་བོད་མི་ཚོས་རྒྱ་གར་དུ་སྐྱབས་བཅོལ་ཞུས་པ་ནས་ད་བར་ལོ་དྲུག་ཅུ་ལྷག་འགོར་ཡོད། ལོ་ངོ་དེ་དག་གི་རིང་རྒྱ་གར་གྱིས་བོད་མི་ཆོར་བདེ་འཇགས་དང་བཀུར་སྟི། རང་དབང་སྤྲད་པ། བོད་མི་ཚོར་རང་གི་ཚོགས་པ་སྒྲིག་འཛུགས་བསྐྱར་འཛུགས་བྱེད་པའི་གོ་སྐབས་སྤྲད་པ། བོད་ཀྱི་རིག་གཞུང་། སྐད་ཡིག ཆོས་ལུགས། ངོ་བོ་བཅས་ཉར་ཚགས་ལ་རྒྱབ་སྐྱོར་གནང་བ། གནས་སྡོད་ས་ཆ་དང་། སློབ་གྲྭ། ཚོགས་སྡེ་སོགས་ཀྱི་དོན་དུ་ས་གནས་སྤྲད་པ། བོད་མི་ཚོར་བཙན་བྱོལ་དུ་མང་གཙོའི་འཛིན་སྐྱོང་འཛུགས་སྐྲུན་གནང་བའི་གོ་སྐབས་སྤྲད་པ། བོད་མི་སྤྱི་སྒེར་ཡོངས་ནས་རྒྱ་གར་གྱི་ཡུན་རིང་གཏོང་ཕོད་ཆེན་པོས་དང་རྒྱབ་སྐྱོར་བརྟན་པོ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་དང་རྟག་ཏུ་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད།

གསུམ། རྒྱ་ནག་གིས་བོད་ཀྱི་ངོ་བོ་རིམ་པ་བཞིན་སུབ་པའི་སྐོར། བོད་ནང་དུ་རྒྱ་ནག་གིས་བོད་ཀྱི་ངོ་བོ་རྩ་མེད་བཟོ་བའི་དོན་དུ་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་བྱུས་སྤེལ་མུས་ཡིན་པས། བོད་མི་རྣམས་ཀྱིས་སེམས་ཚབས་བྱེད་དགོས་པའི་གནད་དོན་གཙོ་བོ་གཤམ་གསལ་འདི་དག་ཚུད་ཡོད། བོད་ཀྱི་བྱིས་པ་ས་ཡ་གཅིག་ལྷག་ཙམ་ལོ་བཞི་དང་ལྔ་ལས་མ་སོན་པའི་བྱིས་པ་རྣམས་རང་གི་ཕ་མ་དང་ཁ་བྲལ་དུ་བཏང་ནས་བཙན་ཁྲིད་ཀྱིས་ཆེད་འཛུགས་བྱས་པའི་གཅའ་སྡོད་སློབ་གྲྭའི་ནང་བཙན་འཇུག་བྱས་ཏེ། ཁོང་ཚོ་བཙན་ཤེད་ཀྱིས་རང་གི་ཁྱིམ་ཚང་དང༌། རིག་གཞུང༌། ཆོས་ལུགས། མ་སྐད་བཅས་ནས་ཁ་བྲལ་གཏོང་བཞིན་ཡོད། བོད་ཀྱི་སྐད་ཡིག་དང་། ཆོས་ལུགས། རིག་གཞུང་སློབ་གཉེར་བྱ་རྒྱུར་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད། ལྷག་པར་བཙན་ཤེད་ཀྱིས་བོད་མི་འདྲེས་སྦྱོར་དང་བོད་མིའི་ཉིན་རེའི་འཚོ་བར་དོ་དམ་སྟངས་འཛིན་བྱེད་པའི་སྲིད་བྱུས་ལ་འབད་བརྩོན་བྱེད་བཞིན་པ་འདི་དག་གིས་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་རིག་གཞུང་དང་རྒྱལ་ཁབ་ཅིག་ཏུ་གནས་སྡོད་བྱེད་པར་འཚོ་གནས་ཀྱི་ཉེན་ཁ་ཆེན་པོ་ཞིག་བཟོ་བཞིན་ཡོད།

བཞི་རྒྱ་གར་ལ་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ངོས་འཛིན་གནང་བར་འབོད་སྐུལ། ང་ཚོས་རྒྱ་གར་གཞུང་དང་རྒྱ་གར་མི་མང་ལ་བོད་ཀྱི་དོན་དངོས་ལོ་རྒྱུས་ཀྱི་བདེན་པ་ཡང་བསྐྱར་ངོས་འཛིན་གནང་བར་འབོད་སྐུལ་ཞུ་བཞིན་ཡོད། རྒྱ་གར་གྱི་ས་མཚམས་ནི་བོད་དང་མཉམ་འབྲེལ་ཡོད་པ་ལས་རྒྱ་ནག་དང་མཉམ་དུ་མིན་པ། ལོ་རྒྱུས་དང་རིག་གཞུང་གི་ངོས་ནས་རྒྱ་གར་བྱང་ཕྱོགས་ཀྱི་མཐའ་མཚམས་ནི་བོད་དང་མཉམ་འབྲེལ་ཡོད། རྒྱ་ནག་གིས་ བོད་ལ་བཙན་འཛུལ་བྱས་རྗེས་མཐའ་མཚམས་ནས་བཙན་འཛུལ་འགོ་འཛུགས་འགོག་མི་ཐུབ་པའི་བདེན་པ་ཞིག་ཡིན། བོད་ནི་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་དང་རྒྱ་ནག་གི་ཆ་ཤས་མིན་པར་ངོས་འཛིན་བྱས་ན། བོད་ལ་ཕན་ཐོགས་ཡོད་པ་ཙམ་མ་ཟད་རྒྱ་གར་རང་ཉིད་ལའང་ཆབ་སྲིད་དང་དཔལ་འབྱོར། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་པར་འབྲེལ་བ་ཆེན་པོ་ཡོད།

འབོད་སྐུལ། རྒྱ་གར་གྱི་མི་དམངས་དང༌། བོད་དོན་རྒྱབ་སྐྱོར་བའི་ཚོགས་སྡེ་ཡོངས་ལ་འདི་དག་བྱེད་བར་འབོད་སྐུལ་ཞུ་བཞིན་ཡོད། བོད་དང་མཉམ་དུ་གནས་པ། བདེན་པ་དང་དྲང་བདེན་ཉར་ཚགས། སྙིང་རྗེ་དང་ཞི་བདེ་ལྡན་པའི་རིག་གནས་སྲུང་སྐྱོབ། བོད་ཀྱི་ངོ་བོ་དང༌། རིག་གཞུང༌། རང་དབང་བཅས་ཉར་ཚགས་ཀྱི་འབད་བརྩོན་ལ་རྒྱབ་སྐྱོར་གནང་རྒྱུ། རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ལས་འགུལ་འདིས་བོད་དོན་འཐབ་རྩོད་སླད་བོད་རིགས་གཞོན་སྐྱེས་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས། འབད་བརྩོན་བཅས་མཚོན་བྱེད་ཅིག་ཡིན། ཞེས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༢༠ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese