མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་འཚོགས།

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ནས་བོད་རྒྱལ་ཁབ་དེ་རང་ཚུགས་པའི་རྒྱལ་ཁབ་ཅིག་ཆགས་རྒྱུའི་རྨང་གཞི་བཏིང་ཡོད་སྐོར་སོགས་གསུངས་སོང་།

༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤

དེ་རིང་སྟེ་ཕྱི་ལོ་ ༡༩༣༣ བོད་ཟླ་ ༡༠ ཚེས་ ༣༠  ཉིན་སྟེ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་རྒྱལ་དབང་ཐུབ་བསྟན་རྒྱལ་མཚོ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་བསྟན་ནས་མི་ངོ་ ༩༢ འཁོར་བའི་དུས་སྐབས་དང་བསྟུན། དགའ་ལྡན་ཕོ་བྲང་གི་བཀའ་དགོངས་བཞིན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་རྟེན་གཞི་བྱས་པའི་དགའ་ལྡན་དང་འབྲས་སྤུངས་དགོན་དུ་དགོངས་རྫོགས་ཀྱི་མཆོད་འབུལ་སྨོན་ལམ་དེ་འཚོགས་སོང་།

དེའི་ཐད་འདི་གའི་གསར་ཁང་གི་གསར་འགོད་པས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་ལ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་དགོངས་རྫོགས་ཀྱི་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་དགོས་པའི་རྒྱུ་མཚན་དང་གལ་གནད་སོགས་ཀྱི་ཐད་ལ་བཀའ་འདྲི་ཞུས་པར། རིན་པོ་ཆེ་མཆོག་གིས། ད་ལན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མར་ཆིབས་བསྒྱུར་གནང་བའི་དུས་སྐབས་དང་བསྟུན། སྐུ་ཕྲེང་བཅུ་གསུམ་པའི་དགོངས་རྫོགས་མཆོད་འབུལ་འཚོག་རྒྱུའི་དུས་ཚོད་སྟབས་འཁེལ་བ་ཞིག་ལས། ཆེད་དུ་གོ་སྒྲིག་ཞུས་པ་ཞིག་མ་རེད། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གནང་བའི་སྐབས་སུ། ཐོག་མར་ཆིབས་བསྒྱུར་གནང་རྗེས་ཉིན་གཅིག་གཉིས་རྗེས་ལ་དགའ་ལྡན་ལྔ་མཆོད་འཁེལ་བ་དང་། སྤྱིར་བཏང་དགའ་ལྡན་ལྔ་མཆོད་སྐབས་འཁེལ་བའི་དུས་ལ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཚོགས་ཕེབས་གནང་རྒྱུ་དང་ཐུགས་སྤྲོ་བོ་གནང་གི་ཡོད་རེད། ད་ལན་ཚོགས་མགོན་དུ་ཆིབས་བསྒྱུུར་བསྐྱངས་པ་དེའང་དེ་རེད། དེ་ནས་ཉིན་གྲངས་བཞི་ལྔ་ཡི་རྗེས་ལ་སྐུ་ཕྲེང་བཅུ་གསུམ་པའི་དགོངས་རྫོགས་མཆོད་འབུལ་དེ་འཁེལ་ཡོད་སྟབས། ཡིག་ཚང་གི་ངོས་ནས་མཆོད་འབུལ་ཞིག་ཞུ་ཐུབ་ན་དགེ་མཚན་འདུག་ཅེས་བཀའ་མོལ་བྱུང་ནས། མཆོད་འབུལ་ཞུས་པ་ཞིག་ཆགས་ཀྱི་ཡོད་རེད། མཆོད་འབུལ་སྨོན་ལམ་དེ་གོ་སྒྲིག་ཞུ་དགོས་པའི་དགོས་པ་རྒྱུ་མཚན་ནི། རྩ་བའི་རྒྱལ་མཆོག་བཅུ་གསུམ་པ་མཆོག་རྗེས་དྲན་ཞུས་དགོས་པ་དང་། ཁོང་གི་བཀའ་སློབ་ལམ་སྟོན་དེ་དག་རྗེས་སུ་དྲན་པར་བྱ་དགོས་པ་དེ་བོད་མི་སྤྱིའི་དོན་ལ་གལ་ཆེན་ཞིག་ཆགས་ཀྱི་ཡོད་རེད། ཁོང་གི་སྐུ་ཚེ་གང་གི་ནང་ལ་བོད་ཀྱི་ཆེད་དུ་ཕྱག་ལས་ཧ་ལས་པའི་མང་པོ་གནང་ཡོད་རེད། ཅེས་གསུངས་སོང་།

ཡང་རིན་པོ་ཆེ་མཆོག་གིས། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་དགུང་ལོ་གཞོན་ནུའི་དུས་སྐབས་ནས། ཆོས་སྲིད་ཀྱི་ཐུགས་འགན་བཞེས་ཡ་དེ་བྱུང་ཡོད་རེད། དགུང་ལོ་གཞོན་དུས་ནས་བཟུང་བོད་སྤྱི་ཡི་བསྟན་སྲིད་ཀྱི་ཆེད་དུ་ག་རེ་ག་རེ་གནང་འདུག་མཇལ་དུས། ཧ་ལས་པའི་ཐུགས་ཁུར་ཆེན་པོ་བཞེས་ནས་མཛད་པ་རླབས་ཆེན་མང་པོ་ཞེ་དྲགས་བསྐྱངས་ཡོད་པ་འདི། ཆོས་ཕྱོགས་དང་། དགོན་སྡེ་ཆེ་ཁག་གི་བསླབ་པ་སློབ་གཉེར། བསྟན་པའི་རྩ་བ་དགེ་ཚུལ་སློང་གི་སྡོམ་པ་འབོག་འཇོག་སོགས་བོད་དང་། སོག་པོ། དེ་བཞིན་འབྲེལ་བ་ཆགས་སའི་ཧི་མ་ཡ་ལའི་རི་རྒྱུད་ཁུལ་ལ་དགོངས་པ་དང་ཉམས་ཞིབ་དེ་དག་ཧ་ཅང་གི་གཏིང་ཟབ་པོ་རེད་འདུག དཔེར་ན། དགེ་བཤེས་ལྷ་རམས་པའི་རྒྱུགས་སྤྲོད་ཐོབ་ཐང་དམིགས་བསལ་གནང་རྒྱུ་དང་། གདན་སའི་སློབ་གཉེར་བ་རྣམས་ལ་དམིགས་བསལ་གྱི་མཐོང་དང་བརྩི་འཇོག་ཡོང་དགོས་རྒྱུའི་གནས་སྟངས་ཤིག་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་གསར་གཏོད་དམ་ཆེད་དུ་སྲོལ་གཏོད་གནང་བ་ཞིག་རེད། དེ་བཞིན་སྤྱིར་བཏང་གི་སངས་རྒྱས་ཀྱི་བསྟན་པ་དང་ཚུལ་ཁྲིམས་ཀྱི་བསླབ་པ་དེ་གལ་ཆེན་པོ་ཡིན་ཙང་། འདུལ་བའི་བཅས་ཁྲིམས་ལ་དང་འདོད་གནང་བར་རྣམ་ཐར་དེ་དག་གི་ནང་ལ་མཇལ་ཐུབ་ཡ་ཞིག་རེད། དེ་བཞིན་བོད་སྤྱི་ཡི་བསྟན་སྲིད་ཀྱི་སླད་དུ་དགོངས་པ་རྒྱ་ཆེན་པོ་ཞེ་དྲགས་བཞེས་ནས། ཁོང་གི་ཉིན་རེར་གནང་བ་དེ་དག་མཇལ་དུས། བོད་དབུས་ལ་བཞུགས་གནང་གི་ཡོད་རེད་དེ། བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་དང་། རྒྱ་ནག་དང་སོག་པོར་ཕེབས་དུས་ཀྱང་བོད་ལ་བང་ཆེན་ཡང་ནས་ཡང་དུ་བཏང་ནས། བོད་དོན་ཐུགས་ཁུར་བཞེས་པ་དང་རྒྱ་གར་དུ་ཕེབས་པའི་སྐབས་ཀྱང་ཀ་ལིམ་པུག་ལ་བཞུགས་ནས་བོད་མདོ་དབུས་ཁམས་གསུམ་ལ་བཀའ་ཡིག་བསྩལ་རྒྱུ་མཚོན་པའི་ཞེ་དྲགས་མང་པོ་ཞིག་གནང་འདུག ང་ཚོས་བཀའ་ཡིག་དེ་དག་རུབ་རུབ་བཟོ་དུས་ཉུང་ཉུང་ཞིག་རེད་མི་འདུག  ལྷག་པར་བོད་སྤྱི་ཡི་ཆབ་སྲིད་ཀྱི་ཐོག་ནས་བོད་རང་གི་ལུང་པའི་ཐུན་མོང་མ་ཡིན་པའི་ངོ་བོ་འཛིན་རྒྱུ་དང་། བོད་ཟེར་བ་དེ་རང་ཚུགས་པའི་ལུང་པ་ཞིག་ལ་ཆགས་རྒྱུའི་རྨང་གཞི་དེ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ལ་བཏིང་གནང་འདུག དེང་སྐབས་བོད་རང་བཙན་གྱི་སྐད་ཆ་བཤད་ནའང་ཁོང་གི་སྐབས་ལ་བཏིང་བའི་རྒྱ་བོད་བར་དང་། དབྱིན་བོད། བོད་སོག་སོགས་མང་པོ་ཞིག་དང་ཆིངས་ཡིག་བཞག་ཡོད། ད་ལྟའི་གནས་སྐབས་ལ་ཁྲིམས་ཀྱི་ཐོག་ནས་རྩོད་ན་གཞི་བཞག་ས་བརྟན་ཤོས་དང་ཆེ་ཤོས་དེ་ཁོང་གིས་བཏིང་མིན་འགྲོ་བསམས་པའི་ཚོར་བ་ཞིག་སྤྲོད་ཀྱིན་འདུག ཅེས་གསུངས་སོང་།

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་ནི་ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་རྒྱས་པའི་དབུ་འཁྲིད་ཅིག་ཡིན་པས། ཁོང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀར་བཅོས་བསྒྱུར་དང་ཡར་རྒྱས་གཏོང་བའི་ཐུགས་འདུན་ཆེན་པོ་བཞེས་ཡོད། ཁོང་གིས་དབྱིན་ཇིའི་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་སྐབས་མིག་རྒྱ་བསྐྱེད་པའི་ཉམས་མྱོང་བྱུང་བ་དེར་བརྟེན་ནས། བོད་ནང་གི་སྤྱི་ཚོགས་དང་ཆབ་སྲིད་ལ་བཅོས་བསྒྱུར་ཆེན་པོ་གཏོང་དགོས་པར་བསམས་ཏེ། ཏར་འཕྲིན་དང༌། མ་ག་ཁང༌། བོད་ཀྱི་ཆེས་ཐོག་མའི་གློག་བཟོ་འཕྲུལ་ཁང་ཆུང་ངུ་ཞིག རྒྱལ་ཁབ་ཀྱི་དངུལ་ཊམ་དང་ཤོག་སྒོར་གྱི་པར་ཁང་བཅས་གསར་འཛུགས་གནང་ཡོད། དེ་བཞིན་ཆོས་ལུགས་དང་མ་འབྲེལ་བའི་དེང་རབས་ཀྱི་སློབ་གསོ་གལ་ཆེན་དུ་མཐོང་སྟེ་ཆེད་དུ་བདམས་པའི་བོད་ཀྱི་སློབ་ཕྲུག་འགའ་དབྱིན་ཇིའི་ར་གི་སྦད་སློབ་གྲྭར་སློབ་སྦྱོང་བྱེད་པར་བཏང༌། ཁོང་གིས་བོད་དམག་ལ་ལེགས་བཅོས་གནང་བ་དང༌། ཁམས་ཁུལ་དཔོན་རིགས་ཀྱི་ཕྲུ་གུ་རྣམས་ལྷ་སར་སློབ་སྦྱོང་དུ་བཀའ་འགུགས་གནང་ནས་གཞུང་གི་ལས་གནས་སུ་བསྐོ་གཞག་གིས་ཕྱིར་ལོག་གཏོང་གནང་བའི་མཛད་འཆར་ཡང་ཡོད། ཁོང་གིས་ཆུ་སྤྲེལ་ཞལ་གདམས་ནང་བཅོས་བསྒྱུར་ཆེན་པོ་མ་བཏང་ན་ཆོས་སྲིད་གཉིས་ལྡན་གྱི་ཞིང་འདིར་ཕྱི་ནང་གང་ས་ནས་ལྷགས་པར་ངེས་པས། རང་ས་མ་སྲུང་ན་བསྟན་འཛིན་གྱི་སྐྱེས་འཕགས་མིང་མེད་དུ་བཅོམ་ཞིང༌། བླ་བྲང་ཁག་དང༌། བསྟན་འཛིན་ཆོས་བྱེད་དགེ་འདུན་གྱི་སྡེའི་འཛིན་དབང་མཆོད་རྒྱུན་དང་བཅས་པ་རྩ་བརླག ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བཞེད་རྒྱུན་ཆབ་སྲིད་ཀྱང་མིང་ཙམ་དུ་ཉམས་དམས་ཐོག་འདི་གའི་ཞབས་འབྲིང་ཀུན་ཀྱང་ཁང་གཞིས་རྒྱུ་ནོར་རྩ་འཕྲོག་དགྲ་ཡའི་བྲན་དུ་དབང་མེད་དུ་འཁྱམས་ཤིང༌། ཡིད་ཅན་ཀུན་ཀྱང་མནར་གཅོད་འཇིགས་སྐྲག་གི་དུ་ཁཿཉིན་མཚན་མི་འཁྱོལ་བའི་དུས་ཤིག་འབྱུང་ངེས་པས། ཞེས་བཀའ་སློབ་སྩལ་ཡོད།

གསར་འགོད་པ་དཔལ་ལྡན་གྱིས་འབྲས་སྤུངས་སྒོ་མང་ཟུང་ཆུ་ཁང་ཚན་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

ཆུ་ཚོད་ ༥ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

༢༠༢༦/༠༧/༡༩
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese