མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གྱི་འཇམ་དབྱངས་ཆོས་ཚོགས་དང་འཇམ་དབྱངས་སྒྲུབ་ཁང་གཉིས་ནས་འཕགས་མ་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་ཆོ་གའི་སྒོ་ནས་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ས་སྐྱ༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༥།༡༢།༢༢ པར་ཐད་གཏོང་ལས་བླངས།

གནས་མཆོག་རྡོ་རྗེ་གདན་གྱི་ས་སྐྱ་བརྩེ་ཆེན་ཐེག་གསུམ་ཆོས་འཁོར་གླིང་དུ། ཐའེ་ཝན་འཇམ་དབྱངས་ཆོས་ཚོགས་དང་འཇམ་དབྱངས་སྒྲུབ་ཁང་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར།༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་འཕགས་མ་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས།

ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས། ད་ལན་ཐའེ་ཝན་འཇམ་དབྱངས་ཆོས་ཚོགས་ཀྱིས་བརྟན་བཞུགས་ཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུ། དམིགས་བཤད་ཞུ་རྒྱུ་གང་ཡང་མི་འདུག ཞལ་འདོན་གྱི་མཚམས་སུ་བླ་མ་སྐྱེས་ཆེན་རང་དབང་ཐོབ་མཁན་རྣམས་ལ་བཞུགས་རོགས་གནང་ཞུས་ཏེ། བླ་མས་ཀྱང་ཞལ་བཞུགས་ཀྱི་ཞལ་བཞེས་གནང་གི་ཡོད་པ་རེད། ང་རང་ནི་མིང་ཙམ་མ་གཏོགས་དོན་ལ་སོ་སོ་སྐྱེས་བུ་ཐ་མལ་བ་རང་རེད། ང་རང་ལ་རང་དབང་གང་ཡང་ཡོད་པ་མ་རེད། རང་དབང་གི་ཐོག་ང་རང་བསྡད་ཀྱི་ཡིན་དང་བསྡད་ཀྱི་མིན་ཞེས་ལབ་ཐུབ་ཀྱི་ཡོད་པ་མ་རེད། ཡིན་ནའང་། ད་ལན་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་དུ་བླ་ཆེན་རྣམ་པ་དབུ་བཞུགས་ཐོག་མཁན་པོ་བླ་སྤྲུལ། དགེ་འདུན་འདུས་ཚོགས། དེ་བཞིན་མི་མང་རྣམས་ཀྱིས་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་བརྟན་བཞུགས་ཟབ་རྒྱས་གནང་བ་ཡིན་དུས། དེ་ལ་ཏན་ཏན་ནུས་པ་དང་བྱིན་རླབས། དགེ་མཚན་ཏན་ཏན་ཡོད་ཀྱི་རེད། དེ་འདྲའི་ཐུགས་རྗེ་དང་བྱིན་རླབས་ལ་བརྟེན་ནས་གཙོ་ཆེ་ཤོས་རང་ཅག་གངས་ཅན་པ་ཡོངས་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་༧སྤྱི་ནོར་རྒྱལ་བའི་དབང་པོ་དབུ་བཞུགས་ཐོག རིས་སུ་མ་མཆེད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཐམས་ཅད་སྐུ་ཚེའི་ཞབས་པད་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་ཐམས་ཅད་འབད་མེད་ལྷུན་གྱི་འགྲུབ་པ་དང་། དེ་དག་གི་བྱིན་རླབས་ལ་བརྟེན་ནས་ང་རང་ད་ལྟ་གཟུགས་པོ་ཧ་ཅང་ཡག་པོ་ཡོད། ཨམ་རྗེ་རྣམས་ཀྱིས་སློབ་སྟོན་ལྟར་དུ་འཕྲོད་བསྟེན་ཧ་ཅང་ཡག་པོ་འགྲོ་བཞིན་ཡོད། ཡིན་ནའང་། ངོས་ཀྱི་སྐེད་པ་དང་རྐང་བ་གཉིས་ནམ་རྒྱུན་བདེ་བོ་མེད་པ་དང་། ཉེ་ཆར་གནམ་གཤིས་སོགས་ཀྱི་རྐྱེན་ལ་བརྟེན་ནས་ཅུང་ཙམ་སྡུག་ཏུ་ཕྱིན་འདུག ཡིན་ནའང་ཐུགས་འཚབ་གནང་དགོས་པ་གང་ཡང་མེད། ཚང་མས་ཐུགས་བདེ་བོ་གནང་རོགས་ཞུ་རྒྱུ་ཡིན། ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་ང་རང་ཡང་ཡུན་རིང་པོར་འཚོ་ཐུབ་པའི་ཡིད་ཆེས་ཡོད་ལ། ཁྱེད་རྣམས་ཀྱིས་ཐུགས་སྨོན་གནང་བ་དང་བརྟན་བཞུགས་ཀྱི་ཆོ་གའི་ནང་དུ་ཡོད་པ་བཞིན། གང་དེར་བསྟན་པ་རྒྱས་པ་་དང་།། སེམས་ཅན་ཕན་པའི་རྒྱུ་གྱུར་ན།། མི་ལོ་བརྒྱ་ཕྲག་བརྒྱད་ལྷག་སོགས།། གང་འདོད་འཚོ་བ་བླ་མ་དང་།། རྒྱལ་བ་སྲས་དང་བཅས་པའི་བདག།། དབང་ཕྱུག་ལྡན་པར་བྱིན་གྱི་རློབས།། ཞེས་གསུངས་པ་བཞིན། དེ་དེ་བཞིན་ཞུ་རྒྱུ་ཡིན། ཚང་མས་ཐུགས་བདེ་བོ་གནང་རོགས། ཞེས་གསུངས་སོང་།

ཉེ་ལམ་གནས་མཆོག་རྡོ་རྗེ་གདན་གྱི་ས་སྐྱའི་དགུན་ཆོས་ཐོག༧ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ནས་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་དབང་ཆེན་སྩལ་ཡོད་པ་དང་། དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དང་། སེ་ར་ཐེག་ཆེན་གླིང་། ས་དགོན་བརྩེ་ཆེན་ཆོས་འཁོར་གླིང་སོགས་སུ་ཕེབས་ཏེ། འཁོན་ལུགས་རྡོ་རྗེ་ཕུར་བའི་གཏོར་དབང་དང་། གྲུབ་ཆེན་ཛེ་ཏ་རི་ནས་བརྒྱུད་པའི་འཇམ་དབྱངས་དམར་སེར་གྱི་རྗེས་གནང་། གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནས་བརྒྱུད་པའི་ཚེ་དབང་ལོ་བརྒྱ་མ། རྡོ་རྗེ་ཕུར་བའི་བཀའ་བསྒོ་དང་སངས་རྒྱས་འོད་དཔག་མེད་ཀྱི་འཕོ་བ་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༧ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese