མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟླ་བ་གསུམ་ནང་ཚུན་དུ་ཁྲིམས་མཐུན་གྱི་བྱ་སྤྱོད་སྤེལ་དགོས་པའི་བཀའ་བཏང་།

བོད་ཀྱི་དུས་བབ།
༢༠༢༥/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་བོད་སྒར་བསམ་ཡས་གླིང་དུ་ཡོད་པའི་ཟ་ཁང་ཇ་ཁང་དང་ཆང་ཁང་སོགས་ལ་ཁྲིམས་མཐུན་གྱི་བྱ་སྤྱོད་སྤེལ་དགོས་པའི་བཀའ་ཁྱབ་ཅིག་བཏང་གནང་འདུག

ལྡི་ལི་བསམ་ཡས་གླིང་། པར་བ་བློ་བཟང་སྐལ་བཟང་།

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་མ་ཇི་ནུ་ཀ་ཊི་ལ་ (Majnukatilla) ཁུལ་དུ་བདེ་འཇགས་ཀྱི་འཆར་གཞི་དང་ཆོག་མཆན་མེད་པར་ཇ་ཁང་དང་ཆང་ཁང་། ཟ་ཁང་འཛུགས་སྐྲུན་བྱས་པར་ཁྲིམས་མཐུན་གྱི་བྱ་སྤྱོད་སྤེལ་དགོས་པའི་བཀའ་ཁྱབ་གནང་བཏང་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བསམ་ཡས་གླིང་ས་གནས་མགོ་འཛིན་རྡོ་རྗེ་ཚེ་རིང་ལགས་སུ་ལྡི་ལི་མཐོ་རིམ་ཁྲིམས་ཁང་གི་བཀའ་རྒྱ་དང་འབྲེལ་བའི་ཁྲིམས་གཏུག་ག་རེ་བྱས་ཡོད་མེད་དྲིས་པར་ཁོང་གིས། ལྡི་ལི་ཆེས་མཐོའི་ཁྲིམས་ཁང་དུ་ཁྲིམས་རྩོད་པ་གཉིས་ཀྱིས་བསམ་ཡས་གླིང་དུ་ཁྲིམས་མཐུན་མ་ཡིན་པའི་ཁང་པ་ཐོག་རྩེག་འཛུགས་སྐྲུན་དང་། ཟ་ཁང་དང་ཚོང་ཁང་ལ་ཁྲིམས་མཐུན་གྱི་ཡིག་ཆ་མེད་པའི་སྐོར་ལ་སྙན་ཞུ་ཕུལ་ནས་ལམ་སྟོན་གནང་རོགས་གནང་ཞུས་ཡོད་པ་རེད། དེ་འབྲེལ་མཐོ་རིམ་ཁྲིམས་ཁང་གིས་ཉན་ཞིབ་གནང་སྟེ། ལྡི་ལིའི་འཛུགས་སྐྲུན་དང་གོང་འཕེལ་ལས་ཁུངས་དང་ས་གནས་ལས་ཁུངས་ལ་བཀའ་ཁྱབ་བཏང་ནས་དངོས་བདེན་གང་ཡིན་མིན་ཞིབ་འཇུག་གནང་དགོས་པ་དང་། ཁྲིམས་ལག་བསྟར་བྱེད་དགོས་པའི་བཀོད་ཁྱབ་གནང་ཡོད་པ་རེད། ད་ལྟའི་ཆར་ཞིབ་འཇུག་སླད་འབྲེལ་ཡོད་ལས་བྱེད་སོགས་འབྱོར་མ་སོང་། ཞེས་བརྗོད་བྱུང་།

ལྡི་ལི་མཐོ་རིམ་ཁྲིམས་ཁང་ལ་སྤྱི་དམངས་ཁེ་ཕན་གྱི་ཞུ་གཏུག་ (Public Interest Litigation) གི་སྙན་ཞུ་ཞིག་འབྱོར་བའི་ནང་། ཡ་མུ་ན་གཙང་པོའི་ཉེ་འདབས་སུ་ཆགས་པའི་བོད་སྒར་བསམ་ཡང་གླིང་གི་མ་ཇི་ནུ་ཀ་ཊི་ལའི་ཉེ་འགྲམ་དུ་ཡོད་པའི་ཐོག་རྩེག་ཅན་གྱི་ཁང་པ་རྣམས་ལ་ཞིབ་བཤེར་བྱེད་དགོས་སྐོར་དང་། ཁང་པ་དེ་དག་ལ་དགོས་ངེས་འཛུགས་སྐྲུན་གྱི་འཆར་གཞི་མེད་པའི་ཐོག་ནས་ཇ་ཁང་དང་ཟ་ཁང་སོགས་ཀྱིས་ཚོང་ལས་བྱེད་བཞིན་ཡོད་པར་བརྟེན། འབྲེལ་ཡོད་འཛིན་སྐྱོང་གིས་ཁྲིམས་མཐུན་གྱི་བྱ་སྤྱོད་སྤེལ་དགོས་པའི་རེ་འདུན་བཏོན་ཡོད་འདུག

ཉན་ཞིབ་གནང་སྐབས་ལྡི་ལིའི་འཛུགས་སྐྲུན་དང་གོང་འཕེལ་ལས་ཁུངས་ཀྱི་ཁྲིམས་རྩོད་པས། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་གྱོད་གཞི་དེ་དམིགས་བསལ་ལས་དོན་ཚོགས་ཆུང་གིས་ཁྲིམས་ཀྱི་ངོས་བཞེས་ཀྱི་ཐོག་ནས་ཐོ་འགོད་བྱས་ཡོད་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་སྒྲིག་ཁྲིམས་ལྟར་འོས་འཚམ་གྱི་བྱ་སྤྱོད་སྤེལ་དགོས་པ་དང་། ཟླ་བ་གསུམ་གྱི་ནང་ཚུད་དུ་ཁྲིམས་མཐུན་གྱི་བྱ་སྤྱོད་སྤེལ་དགོས་པའི་བཀའ་ཁྱབ་གནང་ཡོད་སྐོར་སོགས་བརྗོད་འདུག

ད་དུང་ཁྲིམས་རྩོད་པ་དེས། ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ཡོད་པའི་ཁང་པ་ཁག་ཅིག་ཐོག་རྩེག་བདུན་ནས་བརྒྱད་བར་ཡོད་པ་དང་། ཁྲིམས་འགལ་གྱི་ཐོག་ནས་ཁང་པ་དང་དེའི་ཐོག་ཏུ་སྤྲོ་སྐྱིད་ཁང་སོགས་བཟོས་ཡོད་སྐོར་དང་། ཁང་པ་དེ་དག་གི་སྐས་འཛེགས་དང་འགྱོག་འབེབ་སོགས་ཚད་ལྡན་མེད་པ་མ་ཟད། ཁང་པའི་བཟོ་བཀོད་དང་ལས་ཀའི་གནས་སྟངས་སོགས་ལ་བལྟས་ན་མིའི་ཚེ་སྲོག་ལ་ཉེན་ཁ་ཡོད་སྐོར་བརྗོད་ཡོད་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༤ ཉིན་སྐབས་དེའི་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཨར་ཝེ་ད་ཀེ་ཇེ་བལ་(Arvind Kejriwal )མཆོག་གིས།  མན་ཇུ་ཊ་ལ ( Majnu Ka Tila) བོད་མིའི་གཞིས་སྒར་ཁུལ་དང་ཅན་ཏ་ནི་ཅོཀ་( Chandni Chowk ) གཉིས་ལྡི་ལི་གྲོང་ཁྱེར་གྱི་གཞི་རྒྱ་ཆེ་བའི་ཟས་རིགས་ཀྱི་ལྟེ་གནས་ཤིག་ཏུ་འཛུགས་སྐྲུན་བྱ་རྒྱུ་ཡིན་སྐོར་དང་། ལས་གཞི་དེའི་ཁྲོད་ལས་མེད་མི་མང་འབུམ་ ༢༠ ལྷག་ལ་ལས་ཀའི་གོ་སྐབས་བསྐྲུན་ཏེ། རྒྱ་གར་གྱི་གཞི་རྒྱ་ཆེ་བའི་ཟས་རིགས་གྲོང་ཁྱེར་ཞིག་བསྐྲུན་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་ལྟར། འདས་པའི་ལོ་ཤས་ནང་གཞིས་སྒར་བསམ་ཡས་གླིང་ནི་རྒྱ་གར་གྱི་གཞོན་སྐྱེས་འདུ་འཛི་ཆེ་ས་དང་ཕྱི་ནང་གི་ཟས་རིགས་སྣ་འཛོམས་ལོངས་སུ་སྤྱོད་སའི་ལྟེ་བ་ཞིག་ཏུ་གྱུར་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese