མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲས་སྤུངས་བློ་གསལ་གླིང་དུ་རིས་མེད་མཁས་པའི་བགྲོ་གླེང་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༥/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

༧སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་དང་བསྟུན། ༧རྒྱལ་བའི་མཛད་རྣམ་དང་སྤྱོད་འཇུག་ཆེན་མོ་དང་འབྲེལ་བའི་རིས་མེད་མཁས་པའི་བགྲོ་གླེང་ཞིག་འཚོག་མགོ་བཙུགས་སོང་།

རྒྱ་གར་གྲོས་ཚོགས་ཀྱི་བདེ་དོན་བློན་ཆེན་ཀི་རན་རི་ཇི་ཇུ་མཆོག་འབྲས་སྤུངས་བློ་གསལ་གླིང་གི་་རིས་མེད་མཁས་པའི་བགྲོ་གླེང་དབུ་འབྱེད་ཀྱི་མཛད་སྒོར་ཕེབས། ༢༠༢༥།༡༢།༢༨ དུས་བབ་ཀྱི་པར།

དེ་རིང་ནས་ཉིན་གྲངས་ལྔ་ཡི་རིང་ལ་བྱེས་ཀྱི་གདན་ས་ཆེན་མོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་གཙི་སླད། ༧རྒྱལ་བའི་མཛད་རྣམ་དང་སྤྱོད་འཇུག་ཆེན་མོ་དང་འབྲེལ་བའི་རིས་མེད་མཁས་པའི་བགྲོ་གླེང་ཞིག་འཚོག་མགོ་བཙུགས་ཡོད་ཅིང་། དེ་རིང་དབུ་འབྱེད་མཛད་སྒོའི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས།  སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག སྒོ་མང་དང་བློ་གསལ་གླིང་གི་མཁན་རིན་པོ་ཆེ་མཆོག་རྣམ་གཉིས། རྒྱ་གར་གྱི་དབུས་གཞུང་གྲོས་ཚོགས་བདེ་དོན་བློན་ཆེན་ཀི་རན་རི་ཇི་ཇུ་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁས་དབང་རྣམ་པ་སོགས་འཛོམས་ཡོད་འདུག 

བློ་གསལ་གླིང་གི་མཁན་རིན་པོ་ཆེ་མཆོག་ཡི་ཤེས་ལྷུན་གྲུབ་མཆོག་གིས་མཛད་སྒོ་འབྲེལ་བའི་གསུང་བཤད་ནང་། དེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་བལྟམས་ནས་མི་ལོ་དགུ་བཅུ་ཧྲིལ་པོ་ཕྱིན་ཡོད་ཅིང་། དགུང་ལོ་ཧྲིལ་པོ་དགུ་བཅུ་དེའི་རིང་ལ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་རྗེས་དྲན་བྱས་པའི་ཐོག་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཡི་ཡོད་པ་རེད། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱི་ཡོན་ཏན་དང་། ལྷག་པར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་བལྟམས་ནས་མི་ལོ་དགུ་བཅུ་སོང་བའི་དུས་ཡུན་དེ་དག་གི་ཁྲོད། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གཞིས་བྱེས་བོད་མི་ཡོངས་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་ཀྱིས་གཙོས། འཛམ་གླིང་ཤར་ནུབ་ཀྱི་མི་ཚོགས་གྲངས་ལས་འདས་པར་ཚེ་འདི་དང་། སྐྱེས་པ་ཕྱི་མར་ཕན་པའི་ཚོགས་དང་། ངེས་པར་ལེན་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་དང་སྣེ་ཁྲིད། ཐབས་ལམ་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བསམ་གྱིས་མི་ཁྱབ་པའི་མཛད་པ་བསྐྱངས་པ་དང་སྐྱོང་བཞིན་པའི་བཀའ་དྲིན་འདི་ཞིབ་ཅིང་ཕྲ་བ་ཞིག་སྐྱེས་བུ་ཐ་མལ་བ་ཞིག་གིས་བཤད་ག་ལ་ཐུབ་ཀྱང་། བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་ནི་ཤེས་རྟོགས་འབྱུང་གི་ཡོད་རེད། དེ་འདྲ་ཡིན་པ་སོང་། ཚང་མས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་དྲིན་དེ་འཇལ་དགོས་ཤིང་། སྐུ་དྲིན་འཇལ་སླད་ང་ཚོས་སྦྱོར་བ་ལག་ལེན་གྱི་ཐོག་ནས་བཀའ་བཞིན་སྒྲུབ་པའི་མཆོད་པའི་ཐོག་ནས་སྙིང་སྟོབས་དང་དམ་བཅའ་ཆོད་སེམས་དེ་སླར་ལྷག་སྐྱེད་ཡ་དེ་གལ་ཆེན་པོ་ཡིན་པ་མཟད། བཀའ་བཞིན་ལག་ལེན་བསྟར་བ་ཡིན་ན་དེ་ནི་སྐུའི་གོ་སྟོན་སྲུང་གཙི་ངོ་མ་དེ་ཡིན། ཞེས་སོགས་གསུངས་སོང་།

འབྲས་སྤུངས་བློ་གསལ་གླིང་དུ་རིས་མེད་མཁས་པའི་བགྲོ་གླེང་དབུ་འཛུགས་གནང་། ༢༠༢༥།༡༢།༢༨ དུས་བབ་ཀྱི་པར།

 དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། དེ་རིང་འདི་འདྲ་བའི་འཛོམས་ས་ཞིག་དང་གནས་སྟངས་འདི་འདྲ་ཞིག་ལ་ག་རེ་ཞུ་དགོས་མིན་ཤེས་ཀྱི་མི་འདུག་ཀྱང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱིས་བོད་རྒྱལ་ཁབ་ཀྱི་གནས་བབ་བལྟས་ན་ཐབས་སྐྱོ་བོ་ཞིག་ཏུ་གྱུར་ཡོད་ཀྱང་། ང་ཚོ་བོད་ཀྱི་བདེན་མཐའ་གསལ་བའི་རེ་བ་བྱེད་སའི་གཞི་ཞིག་ཡོད་པ་མ་ཟད། གནས་སྟངས་སྡུག་པའི་ནང་ནས་ད་ལྟ་ལས་སྐྱིད་པ་ཞིག་མེད་པ་རེད། ངས་དེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དབུ་འཁྲིད་འོག ང་ཚོ་གང་ནས་མགྱོགས་ཉིད་དུ་རང་ཡུལ་ལ་ལོག་ཐུབ་རྒྱུ་ཞིག་དང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་པ། བོད་ལ་བདེ་སྐྱིད་ཡོང་བ། འཇིག་རྟེན་འདི་ལ་བདེ་སྐྱིད་ཡོང་ཆེད། དེ་རིང་ཕེབས་པའི་བླ་མ་སྤྲུལ་སོགས་ལ་གསོལ་འདེབས་སྐྱབས་འཇུག་ཞུ་རྒྱུ་ཡིན། དེ་བཞིན་ངས་དེ་རིང་གི་མགྲོན་གྱི་གཙོ་བོ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་དག་པའི་རྗེས་འཇུག་པ་དང་བོད་ཀྱི་ངེས་པ་དོན་གྱི་བོད་ཀྱི་གྲོགས་མཆོག་རྒྱ་གར་དབུས་གཞུང་གྲོས་ཚོགས་བདེ་དོན་བློན་ཆེན་ཀི་རན་རི་ཇི་ཇུ་མཆོག་ལ་འཚམས་འདྲི་དང་ཡི་རངས་ཞུ་ཡི་ཡོད། ཅེས་གསུངས་སོང་། 

 སྐུ་མགྲོན་གཙོ་བོ་གྲོས་ཚོགས་ཀྱི་བདེ་དོན་བློན་ཆེན་ཀི་རན་རི་ཇི་ཇུ་མཆོག་གིས། དེ་རིང་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ཞོགས་པར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཏེ་བྱིན་རླབས་ཞུས་པ་ཡིན། དེ་རིང་འདིར་འཛོམས་པ་དང་། ༧གོང་ས་མཆོག་ཀྱང་མོན་གྷོར་དུ་བཞུགས་ཡོད་པས། ང་ཚོ་ཧ་ཅང་བསོད་ནམས་ཆེན་པོ་ཡོད།  ༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དྲུང་དུ་ཆོས་ལུགས་སྣ་ཚོགས་ཀྱི་བླ་མ་དང་ལྷན་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་དགའ་སྟོན་སྲུང་གཙི་བྱ་རྒྱུའི་གོ་སྐབས་ཡག་ཤོས་ཤིག་རེད། དེ་བཞིན་༧གོང་ས་རྒྱལ་བ་མཆོག་གི་སྐུ་ཚེ་བརྟན་པ་དང་། ང་ཚོ་ཚང་མར་བྱིན་རླབས་གནང་བ། འཛམ་གླིང་ཞི་བདེ་དང་མཐུན་སྒྲིལ་ཡོང་བར་སྨོན་ལམ་འདེབས་རྒྱུ་ཡིན། ང་ཚོ་ཚང་མས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགའ་ཞེན་ཆེན་པོ་ཡོད་པའི་མུར། ཁོང་ནི་འཛམ་གླིང་འདིར་ད་ལྟ་བཞུགས་པའི་བློ་གྲོས་དང་ལྡན་པའི་སྐྱེས་བུ་ཞིག་ཡིན་པ་ཤེས་ཀྱི་ཡོད། ང་ཚོའི་དུས་འདིར་༧གོང་ས་རྒྱལ་བ་རིན་པོ་མཆོག་གི་དྲུང་དུ་བཅར་ཐུབ་པ་དང་། ཁོང་གི་བྱིན་རླབས་དང་ལམ་སྟོན་ཐོབ་པ་ནི་བསོད་ནམས་ཆེན་པོ་ཡིན་ལ། ༧གོང་ས་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དུས་ཆེན་སྲུང་གཙི་བྱེད་པ་དང་། ཆོས་ལུགས་དང་གྲུབ་མཐའ་གང་ལའང་མ་བལྟོས་པའི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་བྱེད་པ་དེ་ནི་གོ་སྐབས་ཁྱད་པར་ཅན་ཞིག་རེད། དེ་རིང་གི་མཛད་སྒོའི་ཐོག་བླ་ཆེན་མང་དག་ཅིག་དང་། དགེ་འདུན་པ། བཙུན་མ་མང་པོ་འཛོམས་པའི་དབུས་སུ། བགྲོ་གླེང་ཚོགས་འདུ་འདི་ནི་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་རྒྱུ་དང་། ང་ཚོ་ཚང་མར་བློ་སྐྱེད་གསར་པ་ཞིག་སྟེར་རྒྱུ་རེད། ཅེས་གསུངས་སོང་།

འབྲས་སྤུངས་བློ་གསལ་གླིང་དུ་རིས་མེད་མཁས་པའི་བགྲོ་གླེང་དབུ་འཛུགས་གནང་། ༢༠༢༥།༡༢།༢༨ དུས་བབ་ཀྱི་པར།

 ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་གཙི་སླད། ༧རྒྱལ་བའི་མཛད་རྣམ་དང་སྤྱོད་འཇུག་ཆེན་མོ་དང་འབྲེལ་བའི་རིས་མེད་མཁས་པའི་བགྲོ་གླེང་ཞིག་ཚོགས་འདུའི་ཐོག བོད་ཀྱི་དཔེ་མཛོད་ཁང་གི་ངེས་དོན་པ་དགེ་བཤེས་ལྷག་རྡོར་ལགས་དང་། དགེ་བཤེས་གཉེན་ཆེན་མོ་ཏྲེ་ཧོར་ཟླ་བ་ཚེ་རིང་ལགས། དགེ་བའི་བཤེས་གཉེན་ཆེན་མོ་ཡ་མ་རིན་ཆེན་ལགས། རོང་བོ་བློ་བཟང་སྙན་གྲགས་ལགས་སོགས་ཆེད་ཕེབས་གནང་འདུག 

གསར་འགོད་པ་དཔལ་ལྡན་གྱིས་སྒོ་མང་ཟུང་ཆུ་ཁང་ཚན་ནས་སྤེལ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ། 

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese