མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༦ ནས་ ༡༠ བར་གནས་མཆོག་རྡོར་གདན་དུ་འཛམ་གླིང་ཞི་བདེའི་ཆེད་དུ་སྐབས་བཅུ་དགུ་པའི་ཇོ་ནང་སྨོན་ལམ་ཚོགས་ཆེན་འཚོག་གིན་འདུག

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༡།༦

དེ་རིང་ཕྱི་ཚེས་ ༦ ནས་ ༡༠ བར་ཉིན་གྲངས་ལྔའི་རིང་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེའི་དྲུང་དུ། རྡོར་གདན་ཇོ་ནང་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་སྐབས་བཅུ་དགུ་པ་དབུ་འཛུགས་བསྐྱངས་ཡོད་པ་དང་། སྨོན་ལམ་ཆེན་མོ་འདིའི་སྟེང་དུ་༸སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་ཆོས་ཀྱི་སྣང་བ་མཆོག་གི་དབུས་པའི་དཔལ་རྒྱལ་བ་ཇོ་ནང་པའི་དགོན་གོང་འོག་བར་གསུམ་གྱི་མཁན་བླ་ཆེན་རྣམ་པ་དང་། དེ་བཞིན་དགེ་བཤེས་དང་དགེ་འདུན་པ། བཙུན་མ་རྣམ་པ།  གོས་དཀར་ལྕང་ལོ་ཅན་སོགས་གྲྭ་བཙུན་སྔགས་གསུམ་ཁྱོན་ ༤༠༠ ལྷག་ཕེབས་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཇོ་ནང་སྨོན་ལམ་ཆེན་མོའི་སྐོར་ལ་མཁན་ཟུར་རིན་པོ་ཆེ་ཀུན་དགའ་འཚམས་ཆུང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས།  དཔལ་ལྡན་རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འདི་ཉིད་ཐོག་མར་ཇོ་ནང་བསྟན་པའི་གསལ་བྱེད་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་མཆོག་སྐུ་སྒེར་ནས་སྦྱིན་བདག་གནང་ཞིང་ཇོ་ནང་བའི་དགོན་ཁག་རྣམས་ནས་འགན་ཁུར་བཞེས་པ་ཞིག་རེད། ཏོག་དབྱིབས་གཉན་རིམས་ཀྱི་སྐབས་སུ་ལོ་གཅིག་རིང་ཚོགས་ཐུབ་མེད་པ་མ་གཏོགས་ལོ་བསྟར་ཆགས་སུ་ཚོགས་ཐུབ་ཡོད། ཅེས་གསུངས་བྱུང་།

ཇོ་ནང་སྨོན་ལམ་ཆེན་མོ་ཚོགས་པའི་དགོས་དམིགས་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང༌། བྱེ་བྲག་ཏུ་དཔལ་དུས་ཀྱི་འཁོར་ལོའི་བསྟན་པ་འདི་ཉིད་མི་ཉམས་ཡུན་རིང་དུ་གནས་པ་དང༌། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཙོས་རིས་མེད་ཀྱི་བསྟན་འཛིན་ཀུན་གྱི་སྐུ་ཚེ་བསྟན་པ་དང་མཛད་འཕྲིན་རྒྱས་ཕྱིར། གནས་སྐབས་འཇིག་རྟེན་ཁམས་སུ་ནད་མུག་འཁྲུག་རྩོད་སོགས་ཞི་ནས་འཛམ་གླིང་ཞི་བདེ་ཡོང་བ་དང་། དད་ལྡན་སྦྱིན་པའི་བདག་པོ་རྣམས་ཀྱི་གཙོས་སེམས་ཅན་རྣམས་སྡུག་བསྔལ་ལས་གྲོལ་ཞིང་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་པ་དང་། མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་འཐོབ་ཆེད་སྤྱིར་འགྲོ་བ་ཡོངས་ལ་ནད་མེད་འཁྲུག་རྩོད་ཞི་ཞིང༌། ཀུན་ལ་བདེ་སྐྱིད་དཔལ་ལ་སྤྱོད་པར་དམིགས་ནས་སྨོན་ལམ་ཆེན་མོ་ལོ་བསྟར་ཆགས་སུ་འཚོགས་པ་ཞིག་ཡིན་འདུག་ལ། ཇོ་ནང་སྨོན་ལམ་ཆེན་མོ་ཕྱི་ལོ་ ༢༠༠༦ ཙམ་ནས་དབུ་འཛུགས་གནང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese