མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

བོད་ཀྱི་དུས་བབ།
༢༠༢༦/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་བོད་ཀྱི་ས་ཆ་གང་སར་གཞུང་ལམ་འཛུགས་སྐྲུན་བྱས་ཏེ་བོད་ཀྱི་གཏོར་ཁ་སྔོག་འདྲེན་དང་བོད་ནང་ཆུ་རླུང་ཉི་གསུམ་སོགས་ཀྱི་གློག་འདོན་ལས་གཞི་རྒྱ་སྐྱེད་མུས་ཡིན་འདུག

The expressway from Lhasa to Nagchu [Photo/people.com.cn]
རྒྱ་ནག་ཉིན་རེའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༢༥ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གིས་ཁུལ་དེར་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ལེ་ ༡༢༥༢༠༠ ཡི་མྱུར་བགྲོད་གཞུང་ལམ་ཡོངས་སུ་གྲུབ་སྟེ་འགྲིམ་འགྲུལ་ཤར་གཏོང་གི་སྒོ་ཕྱེ་བའི་གསལ་བསྒྲགས་སྤེལ་འདུག་ནའང་། རྒྱ་ནག་གིས་བོད་ནང་དུ་གཞུང་ལམ་འཛུགས་སྐྲུན་གྱི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱ་རྒྱུ་དེ་ཡིན་པ་ཉམས་ཞིབ་པས་བརྗོད།

འདི་གའི་གསར་འགོད་པས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ། རྒྱ་ནག་གིས་བོད་ནང་གཞུང་ལམ་རྒྱ་ཆེ་འཛུགས་སྐྲུན་བྱས་ཚར་ཡོད་སྐོར་བསྒྲགས་པའི་དགོས་དམིགས་གང་ཡིན་དྲིས་པར་ཁོང་གིས། རྒྱ་ནག་གཞུང་གིས་བོད་ནང་དུ་གཞུང་ལམ་དང་མཁའ་ལམ། མེ་འཁོར་ལྕགས་ལམ་སོགས་འཛུགས་སྐྲུན་བྱས་ཏེ། ས་གནས་བོད་རིགས་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་དང་ཁེ་ཕན་བསྐྲུན་གྱི་ཡོད་སྐོར་རྗོད་ཀྱིན་ཡོད་ནའང་། དོན་དངོས་སུ་འདི་དག་ཚང་མ་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདོན་བྱེད་པར་དམིགས་ཡོད་པ་གསལ་བོ་རེད། གལ་སྲིད་ས་གནས་བོད་མི་རྣམས་ལ་ཁེ་ཕན་བསྐྲུན་གྱི་ཡོད་ཚེ། རྒྱ་ནག་གི་གཞུང་ལམ་སོགས་འཛུགས་སྐྲུན་གྱི་ལས་གཞིའི་ནང་ཞུགས་མཁན་ཚང་མ་རྒྱ་རིགས་རྐྱང་ཡིན་པའི་རྒྱུ་མཚན་གང་ཡིན་ནམ། རྒྱ་ནག་གཞུང་གིས་ས་གནས་མང་ཚོགས་ཀྱི་བདེ་སྡུག་ལ་ཁ་ལ་འཁྱེར་ནས་སོ་སོའི་ཁེ་ཕན་སྒྲུབ་བཞིན་ཡོད་པ་གསལ་བོ་རེད།  སྤྱིར་བཏང་གཞུང་ལམ་ཞིག་འཛུགས་སྐྲུན་བྱས་པ་ཡིན་ན་མི་འགྲོ་སའི་ལམ་ཞིག་ཆགས་རྒྱུ་ཡིན་པ་ཆོས་ཉིད་རེད། འོན་ཀྱང་། རྒྱ་ནག་གི་གཞུང་ལམ་མཐུད་སྟངས་ཀྱི་གནས་སྟངས་ལ་གཞིགས་ན། ད་སྔ་བར་བགྲོད་ལམ་མེད་པའི་ས་ཁུལ་ཟེར་ནས་དོན་གྱི་གཏེར་རིགས་ཡོད་སའི་ས་ཁུལ་གྱི་གཏེར་ཁ་སྔོག་འདྲེན་བྱེད་པར་དམིགས་ཡོད། རྒྱ་ནག་གིས་བོད་ནང་ཉི་གློག་དང་རླུང་གློག ཆུ་གློག་སོགས་ཀྱི་འཛུགས་སྐྲུན་མང་པོ་ཞིག་བྱས་དང་བྱེད་བཞིན་ཡོད་པར་གཞུང་ལམ་ནི་མེད་དུ་མི་རུང་བ་ཆགས་བསྡད་ཡོད། ཅེས་བརྗོད་བྱུང་།

ཡང་རྒྱ་ནག་གཞུང་གིས་མཐའ་མཚམས་ཁུལ་དུ་གཞུང་ལམ་འཛུགས་སྐྲུན་གྱིས་དམག་གི་རྩ་འཛུགས་རྒྱ་སྐྱེད་གཏོང་གི་ཡོད་སྐོར་ལ་ཁོང་གིས། རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཟེར་བའི་མཐའ་མཚམས་ཀྱི་ཁུལ་དུ་གཞུང་ལམ་འཛུགས་སྐྲུན་རྒྱ་ཆེ་བྱས་ཏེ། མཐའ་མཚམས་སྲུང་སྐྱོབ་ཀྱི་མིང་འོག་ནས་རྒྱ་གར་དང་བལ་ཡུལ། འབྲུག་སོགས་ཀྱི་མཐའ་མཚམས་ཁུལ་དུའང་སིམ་འཛུལ་གྱིས་མཐའ་མཚམས་རྒྱ་སྐྱེད་བཏང་དང་གཏོང་མུས་ཡིན་པ་མ་ཟད། མཐའ་མཚམས་ཁུལ་དུ་དམག་གི་རྩ་འཛུགས་དང་གོ་མཚོན་དབོར་འདྲེན་བྱེད་ཀྱི་ཡོད་པ་མངོན་གསལ་ཆགས་ཡོད་ལ། ཕྱོགས་གཞན་ཞིག་ནས་གཞུང་ལམ་འཛུགས་སྐྲུན་བྱས་པ་འདིས་བོད་ནང་གི་གྲོང་རྡལ་དང་གྲོང་ཚོ་རེ་རེ་བཅས་ལ་དབང་བསྒྱུར་བྱེད་པར་སྟབས་ཇེ་བདེ་རུ་ཕྱིན་ཡོད་ཅེས་བརྗོད་བྱུང་།

བོད་རང་སྐྱོང་ལྗོངས་ཀྱི་ས་གནས་སྲིད་གཞུང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ ༡༦༧ དང་རྙིང་ཞན་དུ་གྱུར་བའི་གྲོང་གསེབ་ཀྱི་ཟམ་པ་ ༡༧༠  ལྷག་བསྐྱར་བཟོ་བྱས་པ།  གྲོང་སྡེ་ ༦༢༣ དང་གྲོང་གསེབ་ ༣༩༠༢ ལ་སྤྱི་སྤྱོད་རླངས་འཁོར་བགྲོད་ལམ་མཐུད་ཡོད་པ་དང་། ཕྱི་ལོ་ ༢༠༢༥ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁྱོན་སྤྱི་ལེ་ ༦༥༩༥ རིང་གཞུང་ལམ་བསྐྲུན་པ་དང་གཞུང་ལམ་རྒྱ་སྐྱེད་དུ་བཏང་བ་སོགས་ཁྱོན་སྤྱི་ལེ་ ༩༤༤༠༠ ཡི་བགྲོད་ལམ་མཐུད་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱེད་ཐབས་སུ་ཕྱི་ལོ་ ༡༩༥༠ ཁྲོན་བོད་གཞུང་ལམ་ཟེར་བ་འཛུགས་སྐྲུན་བྱས་ཏེ། ཕྱི་ལོ་ ༡༩༥༤ ལོར་ལས་གཞི་དངོས་སུ་གྲུབ་པ་དང་། དེ་ནས་སི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲི་ཏུའུ་ནས་ལྷ་སའི་བར་གཞུང་ལམ་མཐུད་ལ། ཕྱི་ལོ་ ༡༩༥༤ ལོར་མཚོ་སྔོན་ནས་ལྷ་སའི་བར་གྱི་གཞུང་ལམ་ཡང་མཐུད་ཐུབ་པ་སོགས་བྱུང་བས། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམག་གིས་བོད་ལ་བཙན་འཛུལ་བྱེད་པར་སྟབས་བདེ་བསྐྲུན་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༤ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༥ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese