མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨི་རན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་ཤུགས་ཆེན་འགྲོ་བཞིན་པ་དང་ཟས་གོང་གློ་བུར་དུ་འཕར་བར་བརྟེན་ཡུལ་མི་སྟོང་ཕྲག་མང་པོས་ངོ་རྒོལ་བྱེད་བཞིན་ཡོད་པས་སྲིད་གཞུང་མགོ་རྟིང་སློག་ཉེན་ཡོད་འདུག

Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime’s crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  ཨི་རན་གྱི་དཔལ་འབྱོར་གནས་བབ་ཉམས་རྒུད་དུ་ཤུགས་ཆེན་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་གློ་བུར་དུ་ཟས་རིགས་ཀྱི་རིན་གོང་ཤུགས་ཆེན་སྤར་བར་བརྟེན། ཡུལ་དེའི་རྒྱལ་ས་ཏེ་རན་ (Tehran) དུ་ཡོད་པའི་ཁྲོམ་སའི་ཁུལ་དང་གྲོང་ཁྱེར་ ༨༨ ནང་མི་གྲངས་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་ཏེ་ངོ་རྒོལ་བྱེད་བཞིན་ཡོད་འདུག་ལ། ་སྲིད་འཛིན་མ་སུ་ཌི་ (Masoud Pezeshkian)ཡིས་དྲག་ཆས་དམག་དཔུང་བཏང་སྟེ་ངོ་རྒོལ་ཚོད་འཛིན་མ་བྱས་ཚེ་ཛ་དྲག་ཏུ་འགྱུར་ཉེན་ཡོད་སྐོར་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕུའི་གསང་བའི་བཀོད་ཁྱབ་འོག ཨ་རིའི་དམག་གིས་ལྷོ་ཨ་རིའི་རྒྱལ་ཁབ་ཝེ་ནི་རྫོ་ལའི་ (Venezuela)སྲིད་འཛིན་ནེ་ཁོ་ལཱ་སི་མཱ་ཌོ་རོ་ (Nicolas Maduro) དང་ཁོའི་བཟའ་ཟླ་སི་ལི་ཡ་ཧྥི་ལོ་རོ་སི་ (Cilia Flores) གཉིས་འཛིན་བཟུང་བཙན་ཁྲིད་བྱས་པ་ཕྱིར་བསྒྲགས་བྱས་ཏེ་ཆུ་ཚོད་འགའི་རྗེས། ཨི་ཛི་རལ་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་ཆབ་སྲིད་པ་ལཱ་པི་ཊི་ (Yair Lapid) ཡིས། ཨི་རན་གཞུང་གིས་ཝེ་ནི་རྫོ་ལའི་ནང་འབྱུང་བཞིན་པའི་གནད་དོན་ལ་དོ་སྣང་བྱེད་དགོས་སྐོར་བརྗོད་ཡོད་འདུག་ལ། ཉེ་སྔོན་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུས་གལ་ཏེ་ཨི་རན་གྱིས་འབར་རྫས་དང་མེ་སྒྱོགས་སོགས་བསྐྱར་དུ་བཟོ་སྐྲུན་བྱས་ཚེ། ཨ་རིའི་གཞུང་གིས་ཨི་རན་ནང་འབར་རྫས་གཡུག་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཨི་རན་གཞུང་གིས། ཨ་རིའི་གཞུང་གིས་ཝེ་ནི་རྫོ་ལ་རུ་འཐབ་རྒོལ་བྱས་པར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ནས་འཐབ་རྒོལ་དང་ཁྲིམས་འགལ་གྱིས་བཙོན་འཇུག་བྱས་པ་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་དགོས་སྐོར་བརྗོད་འདུག་ལ།  ཨི་རན་དང་ཝེ་ནི་རྫོ་ལ་གཉིས་ནི་མཐུན་ཕྱོགས་རྒྱལ་ཁབ་གཉིས་ཡིན་ཞིང་། ཕྱི་ལོ་ ༢༠༠༡ ནས་བཟུང་ཡུལ་གཉིས་ཀྱི་བར་དཔལ་འབྱོར་མཉམ་ལས་འཕེལ་རྒྱས་ཕྱིན་ཡོད་འདུག

དེ་རིང་ཕྱི་ཚེས་ ༧ ཉིན་ཨི་རན་གྱི་སྲིད་འཛིན་མ་སུ་ཌི་ (Masoud Pezeshkian) ལགས་ཀྱིས། ངོ་རྒོལ་ལས་འགུལ་དང་འབྲེལ་ནས་ཞིབ་འཇུག་ནན་པོ་བྱེད་དགོས་སྐོར་དང་། དེ་མིན་ངོ་རྒོལ་གྱི་ལས་འགུལ་དེ་གང་མགྱོགས་ཛ་དྲག་ཅན་དུ་གྱུར་ཏེ་དཀའ་རྙོག་ཚབས་ཆེན་ཡོང་ཉེན་ཡོད་པ་དང་། གལ་ཏེ་ངོ་རྒོལ་བས་དཀའ་ངལ་མང་པོ་བཟོས་ཚེ། གནས་སྟངས་དེ་ཇེ་སྡུག་ཏུ་འགྲོ་ཉེན་ཡོད་པ་ལས་གཞུང་གི་ཐག་གཅོད་ལ་འགྱུར་བ་མེད་སྐོར་བརྗོད་ཡོད་སྟབས། གནད་དོན་དབྱེ་ཞིབ་པ་ཚོས་མི་མང་གི་ངོ་རྒོལ་ལས་འགུལ་ཤུགས་ཆེ་རུ་ཕྱིན་ཏེ། ཡུལ་དེའི་ཆེས་མཐོའི་ཁྲིམས་དཔོན་ཨ་ཡ་ཊོ་ལ་ (Ayatollah Khamenei)ཨུ་རུ་སུའི་ནང་བྲོས་བྱོལ་དུ་འགྲོ་དགོས་ཆགས་ཉེན་ཡོད་པ་སོགས་རྗོད་ཀྱི་འདུག

ཐེངས་འདིའི་ངོ་རྒོལ་དེ་ཉེ་སྔོན་ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་ནས་བཟུང་མགོ་བཙུགས་ཡོད་པ་དང་། མི་མང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་ལས་ཛ་དྲག་སྐྱོབ་ཐབས་དགོས་པ་དང་། ལྐོག་ཟ་རུལ་སུངས་བཀག་འགོག་པ།  ཨི་རན་གྱི་སྲིད་འཛིན་མ་སུ་ཌི་ (Masoud Pezeshkian)ཀྱིས་ལས་གནས་ནས་རྩ་དགོངས་ཞུ་དགོས་པ་སོགས་ཀྱི་འབོད་སྒྲ་སྒྲོག་བཞིན་ཡོད་འདུག་ལ། དེ་རིང་བར་དུ་ངོ་རྒོལ་ཁྲོད་མི་གྲངས་ ༤༠ མ་ཟིན་རྐྱེན་འདས་དང་། མི་གྲངས་ ༢༠༠༠ ལྷག་འཛིན་བཟུང་བྱས་ཡོད་འདུག

ཨི་རན་སྲིད་གཞུང་གིས་རྡུལ་ཕྲན་མཚོན་ཆ་དང་འབར་རྫས་སོགས་བཟོ་སྐྲུན་བྱས་ཏེ་ཡུལ་དེའི་རྡོ་སྣུམ་ཕྱིར་ཚོང་བཀག་སྡོམ་དང་། རྒྱལ་སྤྱིའི་དངུལ་ཁང་གི་མ་འཇོག་ནང་ཞུགས་པར་ཚོད་འཛིན་བྱས་པ་སོགས་ཀྱིས་ཡུལ་དེའི་དཔལ་འབྱོར་གནས་བབ་ཉམས་དམས་སུ་ཕྱིན་པ་ཞིག་ལ་ངོས་འཛིན་བཞིན་ཡོད་འདུག་ལ། དཔལ་འབྱོར་དཀའ་རྙོག་དེ་ད་ལྟ་ཆབ་སྲིད་ཀྱི་འོས་ལངས་ཤིག་ཏུ་གྱུར་ཏེ་སྲིད་གཞུང་མགོ་རྟིང་སློག་ཉེན་ཡོད་པའི་གནས་སྟངས་འོག་ལྷུང་ཡོད་འདུག

People have taken to the streets in the US and in Germany following the death of Mahsa Amini in custody. (AP Photo: Richard Vogel)

བརྟན་ལྷིང་མེད་པའི་ཡུལ་ལུང་དེའི་ནང་ངོ་རྒོལ་ལས་འགུལ་བསྟུད་མར་བྱུང་ཡོད་འདུག་ལ། ཕྱི་ལོ་ ༢༠༢༢ ཟླ་ ༩ པའི་ནང་རང་ལོ་ ༢༢ ཡིན་པའི་མཱ་སཱ་ཨེ་མི་ནི་(Mahsa Amini)ཞེས་པའི་གཞོན་ནུ་མ་ཞིག་གིས། ཡུལ་ཁྲིམས་ལྟར་སྲོལ་རྒྱུན་མགོ་རས་མ་གྱོན་པའི་ཉེས་མིང་འོག ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་རྡུང་རྡེག་ཚད་མེད་བཏང་རྗེས་འདས་གྲོངས་སུ་གྱུར་ཡོད་སྟབས། ཡུལ་དེའི་བུད་མེད་གཙོ་བོར་གྱུར་བའི་མི་མང་ཁྲི་ཕྲག་མང་པོས་ངོ་རྒོལ་བྱས་ཏེ་མི་གྲངས་ ༥༥༡ རྐྱེན་འདས་དང་། མི་གྲངས་ ༡༩,༢༦༢ ཙམ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༧ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༩ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese