མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཀང་ར་རྫོང་ཁོངས་སུ་མི་ཊར་སུམ་སྟོང་ཡན་གྱི་རི་མགོར་འཛེག་མི་ཆོག་པའི་བཀའ་ཁྱབ་བཏང་ཡོད་པ་དང་དེའི་ནང་དྷ་རམ་ས་ལའི་ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་སྐོར་བརྗོད་འདུག

The routes come from Indrunag, Gallu Devi, and Chamba over the Indrahar Pass

ཧི་མ་ཅལ་མངའ་སྡེའི་དྷོ་ལ་དྷར་རི་རྒྱུད་ནི་ཧི་མ་ལ་ཡ་དབུས་མ་ཞེས་འབོད་སྲོལ་ཡོད་པ་ལྟར། དགུན་དུས་བསླེབས་པ་དང་བསྟུན་ས་བབ་དམའ་ཞིང་ཚ་བ་ཆེ་སའི་རྒྱ་གར་བ་མང་པོ་ཞིག་ཧི་མ་ཅལ་གྱི་ཁ་བའི་ཡུལ་ལྗོངས་ལ་ལྟ་སྐོར་དུ་ཡོང་མུས་ཡིན།  ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཧི་མ་ཅལ་མངའ་སྡེ་ཀང་ར་རྫོང་གིས།  འདི་ལོའི་དགུན་དུས་སུ་ཀང་ར་རྫོང་ཁོངས་ཀྱི་ཡུལ་སྐོར་བའི་ལྟེ་གནས་སུ་གྱུར་བའི་མི་ཊར་སུམ་སྟོང་ཡན་གྱི་རི་མགོ་ཁག་ཏུ་འཛེག་མི་ཆོག་པའི་བཀོད་ཁྱབ་བཏང་འདུག་ལ། དེ་ནི་གྲང་ངར་ཆེ་བའི་དགུན་དུས་སུ་ཡུལ་སྐོར་བའི་བདེ་འཇགས་ལ་དམིགས་ཚད་བཟུང་བ་ཡིན་འདུག

དེ་འབྲེལ་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་གོད་ཆག་དོ་དམ་ལས་ཁུངས་ཀྱིས། ཀང་ར་རྫོང་ཁོངས་ནང་མི་ཊར་ ༣༠༠༠ ལས་མཐོ་བའི་རི་མགོར་འཛེག་པའི་བྱེད་སྒོ་ཚང་མ་བཀག་སྡོམ་བྱས་པ་ཡིན་ཞེས་བརྗོད་འདུག་ལ། ཀང་ར་རྫོང་ཁོངས་ཀྱི་ཡུལ་སྐོར་བའི་ལྟེ་གནས་ཀ་རེ་རི་(Kareri)དང་དྷ་རམ་ས་ལའི་ཊོ་རོན་ཌི་ (Triund)།  ད་དུང་ཅམ་མོན་ཌིའི་ (Adi Himani) སོགས་སུ་འགྲོ་བར་ཀང་ར་རྫོང་ཉེན་རྟོག་ལས་ཁུངས་ནས་དམིགས་བསལ་ཆོག་མཆན་ཡི་གེ་ཞུ་དགོས་པ་བཟོས་ཡོད་འདུག

ད་ལྟ་བཀོད་ཁྱབ་འདི་དྷ་ས་མེག་གྷན་གྱི་ཡུལ་སྐོར་རི་འཛེག་ལས་ཁུངས་གཙོས་ཀང་ར་རྫོང་ཁོངས་ཀྱི་ཡུལ་སྐོར་བའི་བྱེད་སྒོ་གཉེར་མཁན་ཡོངས་ལ་བཏང་ཟིན་པ་དང་། བཀོད་ཁྱབ་འདིའི་འོག་ཀང་ར་རྫོང་ཁོངས་ཀྱི་ཛ་དྲག་མྱུར་སྐྱོབ་ཚན་པ་དང་གོད་ཆག་དོ་དམ་ལས་ཁུངས། ཉེན་རྟོག་པ་སོགས་ཚུད་ཀྱི་མེད་པ་རེད།

གཟའ་འཁོར་སྔོན་མའི་ནང་ཡུལ་སྐོར་བ་བཞི་དྷ་རམ་ས་ལའི་ཊི་རོན་ཌི་རི་སྒང་དུ་ཕྱིན་སྐབས་འགྲོ་ལམ་མ་ཤེས་པར་མཚན་མོའི་བར་རི་ངོས་སུ་ལྷག་སྟེ་མཐར་ཉེན་རྟོག་པ་སོགས་ཀྱིས་མྱུར་སྐྱོབ་བྱེད་དགོས་བྱུང་ཡོད་ལ། འདས་ལོའི་ཕྱི་ཟླ་ ༡༢ ནང་ཊི་རོན་ཌི་རི་སྒང་དུ་འགྲོ་མཁན་རྒྱ་གར་ལྷོ་ཕྱོགས་ཀྱི་མི་ཞིག་གཡང་གཟར་ནས་མར་ཟགས་ཏེ་འདས་གྲོངས་སུ་ཕྱིན་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese