མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༧ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་གཞུང་གིས། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ ༦༦ གིས་ཨ་རིའི་མངོན་འདོད་སྲུང་གི་མེད་པའི་ཁར། ཨ་རིའི་མངོན་འདོད་ཀྱི་འགལ་ཟླར་གྱུར་ཡོད་པའི་ངོས་འཛིན་འོག ཨ་རི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དེ་དག་ལས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་བསྒྲགས་འདུག

Trump on Wednesday signed a proclamation withdrawing the US from 31 United Nations organisations.

དེ་འབྲེལ་རོའུ་ཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་ཐག་གཅོད་དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་དང་ཆུ། རྒྱ་མཚོ། མི་འབོར་དང་བུད་མེད། མང་གཙོ། ཚོང་འབྲེལ། གནས་སྤོར་སོགས་དང་འབྲེལ་བའི་ཚོགས་སྡེ་ཁག་ ༣༡ དང་། དེ་བཞིན། རང་དབང་ཅན་གྱི་རྒྱལ་སྤྱིའི་ནུས་ཤུགས་གླེང་སྟེགས་དང་། རྒྱལ་སྤྱིའི་ཉི་གློག་གནའ་འབྲེལ། རྒྱལ་སྤྱིའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས། ཡོ་ཁུ་རེན་གྱི་ཚན་རིག་དང་འཕྲུལ་ཆས་ལྟེ་གནས་ཁང་། འཛམ་གླིང་འགྱུར་ལྡོག་ཞིབ་འཇུག་ལྟེ་གནས་ཁང་། མང་གཙོ་དང་འོས་བསྡུའི་རོགས་འདེགས་ལྟེ་ཁང་སོགས་ཚོགས་སྡེ་ཁག་ ༣༥ བཅས་ཁྱོན་ཚོགས་སྡེ་མི་འདྲ་བ་ ༦༦ འདུག་ལ། ཨ་རིས་ཚོགས་སྡེ་དེ་དག་ལ་རོགས་དངུལ་སྤྲོད་མཚམས་བཞག་སྟེ་མ་འོངས་པའི་ལས་དོན་ནང་མཉམ་ཞུགས་བྱ་རྒྱུ་མིན་པ་རེད།

ཨ་རིས་ཐེངས་འདིའི་ཐག་གཅོད་དེ་ནི་རྒྱལ་སྤྱིའི་གཞུང་དང་གཞུང་བར་འབྲེལ་བའི་ཚོགས་པ་ཁག་དང་ཚོགས་འདུ་ཁག དེ་བཞིན་གྲོས་མཐུན་སོགས་ལ་བསྐྱར་ཞིབ་བྱས་པའི་ཆ་ཤས་ཤིག་ཡིན་པ་དང་། ཚོགས་སྡེ་དེ་དག་ནས་གོ་ལའི་གནམ་གཤིས་ཚ་དྲོད་ཀྱི་སྲིད་ཇུས་དང་རྒྱལ་སྤྱིའི་ཁ་ཕྱོགས་སྟངས་འཛིན་བྱེད་སྟངས། ལྟ་གྲུབ་ཀྱི་ལས་རིམ་སོགས་སྤེལ་བཞིན་པ་དག་གིས་ཨ་རིའི་དཔལ་འབྱོར་གྱི་སྟོབས་ཤུགས་དང་བདག་དབང་རྒྱ་སྐྱེད་པར་ཕན་ཐོགས་ཀྱི་མེད་སྐོར་བརྗོད་འདུག འོན་ཀྱང་དབྱེ་ཞིབ་པས། ཨ་རི་འགྱུར་འགྲོས་དེ་ནི་སྲིད་འཛིན་ཊོམ་ཕུར་ཕྱོགས་མང་རྩ་འཛུགས་ལ་སྡང་ཟུག་ཆེན་པོ་ཡོད་པ་དང་དམིགས་བསལ་གྱི་མཉམ་འབྲེལ་རྒྱལ་ཚོགས་ལ་དགའ་པོ་མེད་པའི་ལངས་ཕྱོགས་ལས་བྱུང་བར་ངོས་འཛིན་བྱེད་ཀྱི་འདུག་ལ། གལ་སྲིད་ཨ་རི་རྒྱལ་ཚོགས་ཀྱི་གལ་ཆེན་རིམ་པའི་གྲོས་ཁོངས་ (UNFCCC) ལས་ཕྱིར་འཐོན་པ་ཡིན་ན། མ་འོངས་པར་བསྐྱར་དུ་ཡར་འཛུལ་ཐུབ་མིན་རྟོགས་དཀའ་བ་ཞིག་ཡིན་འདུག

རྒྱལ་སྤྱིའི་རང་བྱུང་ཐོན་ཁུངས་འགན་སྲུང་ལྷན་ཚོགས་ཀྱི་ཚོགས་གཙོ་མཱ་ནི་ཤི་བྷབ་ན་ལགས་ཀྱིས། ཨ་རིའི་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་ཚ་དྲོད་ཀྱི་གྲོས་ཁོངས་ནས་ཕྱིར་ཐོན་པ་ནི་རང་མགོར་སྟ་རེ་གཞུས་པ་དང་འདྲ་ལ། དེས་ཨ་རིའི་རྒྱལ་སྤྱིའི་སྣེ་ཁྲིད་བྱེད་པའི་གོ་བབ་ལ་ཤུགས་རྐྱེན་ཐེབས་རྒྱུ་མ་ཟད། རྒྱ་ནག་ལ་འགྲན་རྩོད་བྱེད་པའི་ནུས་ཤུགས་ཀྱང་ཇེ་ཆུང་དུ་གཏོང་གི་ཡོད་ཅེས་བརྗོད་འདུག

ཊོམ་ཕུ་ཨ་རིའི་སྲིད་འཛིན་སྐབས་གཉིས་པར་བདམས་ཐོན་གྱིས་དམ་འབུལ་ཞུས་མ་ཐག་སྟེ། འདས་ལོའི་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་སྲིད་འཛིན་ཊོམ་ཕུས་ཨ་རི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས། པར་རེ་སི་གོ་ལའི་གནམ་གཤིས་གྲོས་ཆོད་སོགས་ནས་ཕྱིར་འཐེན་བྱས་པའི་བཀའ་ཁྱབ་བཏང་ཡོད། སྐབས་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་ཁོར་ཡུག་སྲུང་སྐྱོབ་པ། ལས་འགུལ་བ་སོགས་ཀྱིས་ཨ་རིར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་ལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཀྱང་སྐབས་དེར་ཨ་རིར་བློ་ཕམ་ཡོད་པའི་བསྒྲགས་གཏམ་སྤེལ་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese