ཤེས་རིག་དྲུང་འཕར་བསོད་ནམས་བཟང་པོ་ལགས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་དུ་ཞབས་གཡར་ཐོག་ལོ་གཉིས་རིང་བསྐོ་གཞག་བྱས་འདུག
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་བསོད་ནམས་བཟང་པོ་ལགས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་དུ་ཞབས་གཡར་ལོ་གཉིས་རིང་བསྐོ་གཞག་བྱུང་ཡོད་ཅིང་། ཁོང་གིས་ཕྱི་ཟླ་ ༢ ཚེས་ ༩ ཉིན་ནས་དངོས་སུ་ལས་འཁུར་དབུ་འཛུགས་ཞུ་རྒྱུ་ཡིན་འདུག
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་བསོད་ནམས་བཟང་པོ་ལགས་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༠ ཉིན་ནས་དྲུང་གཞོན་གནས་རིམ་དུ་ཚོད་ལྟར་བསྐོ་གཞག་གིས་ཐོག་མར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚོད་ལྟའི་དྲུང་གཞོན་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༡༡།༡༡།༡༨ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༧།༥།༡༧ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་ཁུངས་རང་འཇགས། ཕྱི་ལོ་ ༢༠༢༢།༩།༡ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ལས་ཁུངས་རང་འཇགས། ཕྱི་ལོ་ ༢༠༢༦།༢།༩ ནས་ལོ་གཉིས་རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་དུ་ཞབས་གཡར་ཐོག་བསྐོ་གཞག་གནང་།
༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༦ ལོར་ལྷ་ལྡན་འགྲོ་ཕན་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་ ༡༠༩ དང་། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༡ ལོར་བཞུགས་སྒར་དྷ་རམ་ས་ལར་ཕྱག་བཏབ་ནས་ལོ་ངོ་ ༦༤ འཁོར་ཡོད།





