མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་གིས་སྣེ་འཁྲིད་པའི་ཁྲིམས་རྩོད་པའི་རུ་ཁག་ཅིག་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་དུ་ཡོང་སྟེ་འབྲོག་མང་གི་རྩྭ་ས་བཙན་འཕྲོག་དང་བཙན་གྱིས་གནས་སྤོར་བཏང་བ། གུན་གསབ་དངུལ་མ་སྤྲད་པ་སོགས་ལ་རོགས་རམ་བྱེད་ཀྱི་འདུག

རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་ལགས་ཀྱིས་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་ནས་གནས་ཚུལ་སྤེལ་བ། ཁོང་གི་བརྙན་ལམ་གྱི་པར།

རྒྱ་ནག་གཞུང་གིས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་ཁ་ཇེ་མགྱོགས་སུ་གཏོང་བའི་འབོད་སྒྲའི་འོག གཞུང་ལམ་གསར་རྒྱག་དང་ཡུལ་སྐོར་བའི་ལྟེ་གནས་འཛུགས་སྐྲུན། གཏེར་ཁ་སྔོག་འདོན་སོགས་ལ་དམིགས་ཏེ། རྒྱ་ནག་གཞུང་དང་ཚོང་གཉེར་ཁང་ལག་འབྲེལ་གྱིས་ཞིང་འབྲོག་གི་ས་ཆ་མང་པོ་བཙན་དབང་དང་མགོ་སྐོར་བསླུ་བྲིད་འོག་འཕྲོག་འགྲོ་ཡི་ཡོད་པ་ལྟར།  ཞིང་འབྲོག་མང་ཚོགས་ལ་རྩྭ་སའི་གུན་གསབ་འོས་འཚམ་མ་རག་པ་དང་། བཙན་གྱིས་གནས་སྤོ་རུ་བཅུག་པ་སོགས་ཀྱི་དཀའ་རྙོག་སྣ་ཚོགས་འཕྲད་ཀྱི་ཡོད་པར་བརྟེན། ས་གནས་མང་ཚོགས་ཀྱིས་པེ་ཅིན་གྱི་ཁྲིམས་རྩོད་པའི་རུ་ཁག་ཅིག་ལ་དཀའ་སྡུག་ཞུས་པ་ལྟར་ཁོང་ཚོ་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་དུ་འབྱོར་འདུག

ཉེ་སྔོན་ཕྱི་ཟླ་ ༡༢ ཚེས་ ༣༠ ཙམ་ལ་ཁྲིམས་རྩོད་པའི་རུ་ཁག་དེའི་སྣེ་འཁྲིད་པ། ཁྲིམས་རྩོད་པ་ཏུང་ཕུང་(董鹏)ཞེས་པ་ཞིག་གིས་སྒེར་གྱི་སྐད་འཕྲིན་ཐོག་འབྲོག་ཁུལ་གྱི་རྩྭ་སའི་དཀའ་རྙོག་དང་འབྲེལ་བའི་བརྙན་ཐུང་ཁག་ཅིག་སྤེལ་བའི་ནང་འགྲེལ་བརྗོད་བྱས་པ་ལྟར་ན།  འབྲོག་མང་གིས་ཁོང་ལ་རྩྭ་སའི་དཀའ་ངལ་རིགས་མང་པོ་ཞུ་གཏུག་བྱས་ཏེ་ཐག་གཅོད་ཡོང་རེ་བྱེད་ཀྱི་ཡོད་པའི་ཁྲོད་དུ། ཁ་ཤས་ཀྱིས་ཁོང་ཚོའི་རྩྭ་སའི་དབྱེ་མཚམས་མི་གསལ་བར་མི་ལོ་བཅུ་གྲངས་ལ་རྩོད་རྙོག་མཚམས་ཆད་མེད་སྐོར་དང་། ཡང་ཁག་ཅིག་གིས་ཁོ་ཚོའི་རྩྭ་སའི་ཐོག་གཞུང་ལམ་གསར་རྒྱག་བྱས་ཡོད་པ་དང་། གུན་གསབ་དམའ་བོ་ཡིན་པས་མོས་མཐུན་མ་བྱས་ནའང་ཐད་ཀར་དངུལ་བྱང་ཐོག་དངུལ་སྤྲད་དེ་ལས་མགོ་བཙུགས་ཡོད་པ།  ཡང་ཁག་ཅིག་གིས་སྲིད་གཞུང་གི་འཛུགས་སྐྲུན་གྱི་རྐྱེན་གྱིས་རྩྭ་ས་ཆུས་བསྣུབས་ཡོད་ཀྱང་འབྲེལ་ཡོད་མགོ་འཁྲིད་ནས་གུན་གསབ་དང་ཁ་གསབ་གང་ཡང་བྱས་མེད་པ་སོགས་ཀྱི་གནད་དོན་ཞུས་ཡོད་འདུག དེའི་ཐད་ཁྲིམས་རྩོད་པ་ཏུང་ཕུང་གིས། གནད་དོན་དེ་དག་ནི་ངེས་པར་དུ་དོ་འཁུར་བྱེད་དགོས་པ་ཞིག་ཆགས་ཡོད་སྟབས། ཁོང་གི་ཁྲིམས་རྩོད་པའི་རུ་ཁག་གིས་ཁྲིམས་ལྟར་སྔ་ས་ནས་ཐག་གཅོད་བྱེད་པའི་ཐབས་ལམ་བཙལ་ཏེ།  མཚོ་སྔོན་ཞིང་ཆེན་དང་ས་ཁུལ་གཞན་གྱི་འབྲོག་མང་གིས་ཀྱང་སོ་སོའི་ཁྲིམས་ཀྱི་ཁེ་དབང་ལོངས་སུ་སྤྱོད་ཐུབ་པར་རོགས་རམ་གནང་གི་ཡོད་སྐོར་བརྗོད་འདུག

ཁྲིམས་རྩོད་པ་དེར་སྐད་འཕྲིན་བརྒྱུད་རྩྭ་སའི་དཀའ་ངལ་ཁག་ཅིག་ཡིག་ཐོག་ནས་ཞུས་ཡོད་པའི་ནང་དུ། མི་ཞིག་གིས་ངེད་ཚང་གི་རྩྭ་ས་གཞན་ལག་ཏུ་ཤོར་བསྡད་ཡོད། ཚུར་སྤྲོད་རོགས་ལབ་ནའང་སྤྲོད་ཀྱི་མི་འདུག་པས་ཡུལ་ཚོའི་སྲིད་གཞུང་ལ་གཏུགས་ཡོད་ཀྱང་ཉན་འཇོག་བྱེད་ཀྱི་མི་འདུག་པ་མ་ཟད། ཕར་ཕྱོགས་དེར་རྒྱབ་རྩ་བྱེད་ཀྱི་འདུག ང་ཚོར་དཔང་མི་དང་རྩྭ་སའི་ཡིག་ཆ་ཡོད་ཀྱང་གནད་དོན་ཐག་གཅོད་མ་ཐུབ་པར་ལོ་ ༢ འགོར་སོང་ཞེས་དང་། ཡང་གཅིག་གིས་ང་ཚོའི་ཕྱོགས་སུ་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད། ཁོ་ཚོས་ས་མུའུ་གཅིག་ལ་རྒྱ་སྒོར་ ༡༨༠༠ སྤྲད་དགོས་ལབ་ཡོད་པ་དེར་ང་ཚོས་མོས་མཐུན་བྱས་མེད།  ཡིན་ནའང་། ཁོ་ཚོས་ཐད་ཀར་དངུལ་དེ་དངུལ་བྱང་ཐོག་བཏང་ནས་འཛུགས་སྐྲུན་ལས་མགོ་བཙུགས་སོང་། ད་ལྟ་གཞུང་ལམ་འཛུགས་སྐྲུན་འགྲུབ་གྲབས་ཡོད་པ་རེད། རྩྭ་སའི་དངུལ་རྫོང་སྲིད་གཞུང་གིས་སྤྲོད་དུ་མི་འཇུག་པ་ཡིན་ནམ། ཡང་ན་གཞུང་ལམ་འཛུགས་སྐྲུན་ཚོང་གཉེར་ཁང་གིས་སྤྲོད་ཀྱི་མེད་པ་ཡིན་ཤེས་ཀྱི་མི་འདུག གནད་དོན་འདི་རིགས་ཐག་གཅོད་བྱེད་ཐུབ་བམ་ཞེས་དྲིས་འདུག

ཡང་ཁྲིམས་རྩོད་པ་ཏུང་ཕུང་གི་རུ་ཁག་མཚོ་སྔོན་པའི་འབྲོག་ཁུལ་དུ་ཡོང་ནས་སྤེལ་བའི་བརྙན་ཐུང་ཞིག་གི་ནང་དུ་ཁོང་གིས། ས་གནས་སྲིད་གཞུང་གིས་ས་གནས་འབྲོག་གིས་མང་རང་བདག་རང་མོས་གྱི་ཐོག་ནས་གནས་སྤོ་བྱས་ཡོདད་སྐོར་རྗོད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་གུན་གསབ་དམའ་བོའི་ཐོག་ནས་གྲོས་མོལ་དང་གོ་བསྡུར་བྱེད་ས་གང་ཡང་མེད་པར་བྱེད་ཐབས་སྣ་ཚོགས་བེད་སྤྱད་དེ་གནོན་ཤུགས་འོག་འབྲོག་མང་གནས་སྤོ་རུ་བཅུག་འདུག  ཁ་ནས་རང་མོས་ཟེར་བ་དེ་དོན་དངོས་ཐོག་བཙན་དབང་གི་གནད་དོན་ཞིག་ཆགས་ཡོད་ལ། གནད་དོན་དེའི་རིགས་མཚོ་སྔོན་པོའི་འབྲོག་ཁུལ་དུ་མི་ཉུང་བ་ཞིག་མཐོང་རྒྱུ་འདུག་ཅེས་དང་། ཡང་ཁོང་གིས།  མི་མང་པོ་ཞིག་གིས་ཤེས་ཀྱི་ཡོད་པ་མ་རེད། ག་རེ་བྱས་ནས་གན་རྒྱར་མིང་རྟགས་མི་དགོས་ལ། མོས་མཐུན་ཡང་མི་དགོས་པར་ཡང་ཡང་དུད་ཁྱིམ་རེ་རེའི་སྒོ་ཁར་ཡོང་ནས་བསྐུལ་འདེད་གཏོང་གི་ཡོད་པ་མ་ཟད། ཉིན་མཚན་གཉིས་ཀར་འཇིགས་སྐུལ་ཡང་བྱེད་ཀྱི་ཡོད་པ་རེད། ངས་མི་མང་ལ་ཁ་གསལ་པོའི་ཐོག་ནས་བཤད་དགོས་པ་ཞིག་ལ་གུན་གསབ་ཙམ་ལས་གྲོས་བསྡུར་མོས་མཐུན་གྱི་བརྒྱུད་རིམ་ཕྱིན་མེད་ཀྱང་། མང་ཚོགས་ཀྱིས་རང་མོས་ངང་གནས་སྤོ་བྱས་པ་རེད་ཟེར་བ་དེ་ཁྲིམས་ཐོག་ཏུ་རྐང་པ་འཛུགས་ཐབས་མེད་པ་རེད།  ཁྲིམས་ཀྱི་གཏན་འབེབ་ལྟར་ན། རྩྭ་སའི་ཐོག་ནས་ཕྱིར་འབུད་དང་གཞུང་བཞེས། གནས་སྤོར་གཏོང་བ་བཅས་ལ་ངེས་པར་དུ་ཁྲིམས་མཐུན་བརྒྱུད་རིམ་སྔོན་དུ་འགྲོ་དགོས་པ་རེད། ཞིང་འབྲོག་མང་ཚོགས་ཀྱི་ཤེས་རྟོགས་ཀྱི་ཐོབ་ཐང་དང་།  གྲོས་མོལ་ཐོབ་ཐང་། གུན་གསབ་གནས་སྤོའི་ཐོབ་ཐང་བཅས་ལ་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་པ་རེད། ཅེས་བརྗོད་འདུག

རྒྱ་ནག་གི་རྩྭ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཁྲིམས་ལག་བསྟར་བྱེད་ཕྱོགས་ཀྱི་ཁྲིམས། དྲ་ངོས་ཀྱི་པར།

ཁེ་ལས་བས་སོ་སོའི་ཁེ་ཕན་ཆེད་འབྲོག་ཁུལ་དུ་འཛུགས་སྐྲུན་སྣ་ཚོགས་བྱས་ཏེ་རྩྭ་སར་གནོད་སྐྱོན་ཆེན་པོ་བཏང་ནས་འབྲོག་མང་ལ་ལྟ་ས་རྟེན་ས་མེད་པར་འགྱུར་གྱི་ཡོད་སྐོར་ལ་ཁྲིམས་རྩོད་པ་ཏུང་ཕུང་གིས། རང་ཉིད་ཀྱི་ཁེ་ཕན་ཆེད་ཁེ་ལས་བས་རྩྭ་ཐང་དུ་རླུང་ཤུགས་གློག་ནུས་དང་བཟོ་གྲྭ་འཛུགས་སྐྲུན་བྱེད་ཀྱི་ཡོད་ཀྱང་། འབྲོག་མང་ལ་གུན་གསབ་འོས་འཚམ་མི་སྤྲོད་པར་བཙན་དབང་གིས་ལས་གཞི་རྩོམ་གྱི་འདུག རྩྭ་ཐང་ནི་འབྲོག་མང་གི་མི་རབས་ནས་མི་རབས་བརྒྱུད་པའི་འཚོ་རྟེན་ཀྱི་རྩ་བ་དང་འཚོ་བའི་འབྱུང་ཁུངས་ཆགས་ཡོད། འོན་ཀྱང་། ད་ལྟ་འབྲོག་མང་གི་མིག་གིས་མཐོང་སར་རྩྭ་ཐང་ཆེན་མོ་བཙན་གྱིས་བཟུང་སྟེ་རྩ་བརླག་ཏུ་གཏོང་བཞིན་ཡོད་པ་དང་། མ་འོངས་པའི་འཚོ་བ་རྟེན་ས་མེད་པར་འགྱུར་གྱི་འདུག ཅེས་བརྗོད་འདུག

རྒྱ་ནག་གི་རྩྭ་ཐང་ཁྲིམས་དོན་ཚན་ ༥༠ དང་ ༥༡། ༥༢ སོགས་དང་། མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཁྲིམས་ལག་བསྟར་བྱེད་ཐབས་ཀྱི་དོན་ཚན་ ༤༧ པའི་ནང་དུ། རྩྭ་ཐང་དུ་ས་བརྐོ་རྡོ་སློག་དང་། གཏེར་ཁ་སྔོག་འདོན་སོགས་ཀྱི་བྱ་བ་རྩོམ་པར་ཐོག་མར་རྫོང་རིམ་པའི་མི་མང་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་དོ་དམ་ཁང་གི་ཆོག་མཆན་དགོས་པ་མ་ཟད། རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་ཐག་གཅོད་ལྟར་རྩྭ་ཐང་བདག་གཉེར་བར་གུན་གསབ་སྤྲོད་དགོས། ལས་དོན་འགྲུབ་རྗེས་དུས་བཅད་ནང་སྔོ་ཁེབས་སླར་གསོ་བྱེད་དགོས། ཡང་ན་རྩྭ་ཐང་དོ་དམ་ལས་ཁུངས་ལ་སླར་གསོའི་བྱ་བ་བཅོལ་འཇོག་དགོས་པ་བཀོད་ཡོད་པ་རེད། ཡིན་ནའང་། རྩྭ་ཐང་གི་ཁྲིམས་ནང་བཀོད་པ་འདི་དག་ལག་བསྟར་མ་བྱས་པར་གང་འདོད་དུ་ཞིང་འབྲོག་མང་ཚོགས་ཀྱི་རྩྭ་ས་བཙན་འཕྲོག་དང་གནས་སྤོར། རྩྭ་སའི་བདག་པོ་རྒྱལ་ཁབ་ཡིན་ཚུལ་བརྗོད་དེ་འཛུགས་སྐྲུན་ལས་རིགས་བརྩམས་ཏེ་གནོད་སྐྱོན་གཏོང་བཞིན་ཡོད་པ་རེད།

ཁ་སང་ཕྱི་ཟླ་ ༡ ཚེས་ ༢༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་(UN Human Right )བོད་དང་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་གསལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༠ ནས་ ༢༠༢༥ བར་གྱི་བོད་མིའི་གནས་སྤོར་སྲིད་ཇུས་ནང་བོད་མི་ས་ཡ་༣.༣༦ ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། ཉུང་མཐར་བོད་མི་ ༩༣༠༠༠༠ ལྷག་ས་གནས་གཞན་དུ་གནས་སྤོར་དུ་བཅུག་ཡོད་སྐོར་བཀོད་འདུག་ལ། དེ་བཞིན་ཕྱི་ལོ་ ༢༠༢༤ ལོར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་སྙན་ཐོ་ལྟར་ན། ཕྱི་ལོ ༢༠༡༦ ནས་ད་བར་བོད་མི་གྲངས་ ༧༠༩༠༠༠  (བརྒྱ་ཆ་༧༦ )  ལྷག་གནས་སྤོར་བྱས་བཅུག་ཟིན་ཡོད་ཅིང་། དེའི་ཁོངས་ནས་བོད་མི་གྲངས་ ༡༤༠༠༠༠ ལྷག་གྲོང་ཚོ་དང་ལྷན་དུ་གནས་སྤོར་དང་། མི་གྲངས་ ༥༦༧༠༠༠ ལྷག་གི་ཁྱིམ་ཚང་རེ་རེ་བྱས་ནས་བཙན་གྱིས་གནས་སྤོར་བྱས་བཅུག་ཡོད་པས། ཕྱི་ལོ ༢༠༢༥ ལོ་བར་རྒྱ་ནག་གཞུང་གིས་གནས་སྤོར་དང་འཛུགས་སྐྲུན་གྱི་སྲིད་ཇུས་དེའི་ཁོངས་ནས་བོད་ཀྱི་འབྲོག་པ་མང་ཚོགས་ས་ཡ ༣། ༣༦ ཙམ་གྱི་འཚོ་གནས་ལ་དཀའ་ངལ་འཕྲད་ཉེན་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese