མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

བོད་ཀྱི་དུས་བབ།
༢༠༢༦/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

གནས་མཆོག་རྡོ་རྗེ་གདན་གྱི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོགས་མགོ་བཙུགས་ཡོད་ཅིང་ཚོགས་ཆེན་ཐོག་འདི་ལོའི་སྤྱི་ཚོགས་དྲ་ལམ་དུ་ནང་ཆོས་དར་ཁྱབ་དང་རྒྱུད་སྤེལ་བྱེད་མཁན་ཁག་ཅིག་ལ་ཆེ་བསྟོད་གཟེངས་རྟགས་ཤིག་ཀྱང་དབུལ་འཆར་ཡོད་འདུག

གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།

དེ་རིང་ཕྱི་ཚེས་ ༢༩ ནས་ཕྱི་ཟླ་ ༢ ཚེས་ ༦ བར་ཉིན་གྲངས་དགུའི་རིང་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ། དྷར་མ་དྷུ་ཏའི་ཞབས་ཞུ་ཁང་ (Dharmaduta Services) གི་གོ་སྒྲིག་འོག  ཕྱི་ལོ་ ༢༠༢༦ ལོའི་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ (Buddhist Creators Convention 2026) ཞེས་པ་ཞིག་འཚོགས་མགོ་བཙུགས་ཏེ། ཚོགས་ཆེན་དེའི་ཐོག་ཚོང་རྟགས་འཐབ་ཇུས་མཁས་པ་སྐུ་ཞབས་མི་ལན་ཨ་མིན་ (Mr. Milan Amin) ལགས་དང་། རྒྱལ་སྤྱིའི་ཚོང་དོན་གྱི་འགན་འཛིན་འབུམ་རམས་པ་རྗེ་མིན་ཤུ་ཀ་ལ་ (Dr. Jaimin Shukla) ལགས་རྣམ་གཉིས་གཙོས། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་། རྒྱ་གར། སེངྒེ་ལ། འབྲུག ལྷོ་ཨ་མི་རི་ཁ་ནས་སོགས་རྒྱལ་ཁབ་བཅུ་ལྷག་ནས་ཚོགས་ཞུགས་བ་མི་གྲངས་བརྒྱ་དང་ཉི་ཤུ་ལྷག་གིས་མཉམ་ཞུགས་གནང་གི་ཡོད་ཅིང་། དེང་གི་འཕྲུལ་རིག་ལག་རྩལ་ལ་བརྟེན་ནས་ནང་ཆོས་དར་སྤེལ་གཏོང་ཐབས་ཀྱི་སྐོར་ལ་གོ་བསྡུར་དང་བགྲོ་གླེང་གནང་གི་ཡོད་འདུག་ལ། ད་ལན་ཚོགས་ཆེན་དེ་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་དང་པོ་དེ་ཡིན་སྐོར་རྗོད་ཀྱི་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་དྷར་མ་དྷུ་ཏའི་ཞབས་ཞུ་ཁང་གི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་ནོར་དབྱངས་ལགས་སུ་ཚོགས་ཆེན་འདི་ཚོགས་པའི་དགོས་དམིགས་གཙོ་བོ་ག་རེ་ཡིན་སྐོར་དྲིས་པར། ཁོང་མོས། འདས་ལོའི་ཕྱི་ཟླ་ ༥ པའི་ཟླ་མཇུག་ཏུ་དྷ་རམ་ས་ལ་རུ་དྷ་མ་དྷུ་ཏའི་ཞབས་ཞུ་ཁང་ཞེས་པའི་ཚོགས་པ་གསར་འཛུགས་བྱས་ཡོད་པ་དང་། ཉེ་ལམ་འཕྲུལ་རིག་དར་ཁྱབ་ཆེན་པོ་འགྲོ་ཡི་ཡོད་པར་བརྟེན། འཕྲུལ་རིག་གི་བརྒྱུད་ནས་ནང་ཆོས་དར་ཁྱབ་གཏང་རྒྱུར་དམིགས་ཡོད། ཅེས་བརྗོད་བྱུང་།

ཡང་ཚོགས་ཆེན་དང་འབྲེལ་ནས་བསྟན་འཛིན་ནོར་དབྱངས་ལགས་ཀྱིས། ད་ལན་གྱི་ཚོགས་ཆེན་ཐོག་རྒྱ་གར་དང་། སིངྒ་ལ། འབྲུག ལྷོ་ཨ་མི་རེ་ཁ་སོགས་རྒྱལ་ཁབ་འདྲ་མིན་བཅུ་ནས་མི་གྲངས་ ༡༢༠ ཙམ་མཉམ་ཞུགས་གནང་ཡོད་པ་དང་། ཚོགས་ཆེན་བརྒྱུད་ཚོགས་མི་རྣམས་ཕན་ཚུན་འབྲེལ་ལམ་ཡར་རྒྱས་གཏང་རྒྱུ་དང་། ཉིན་གྲངས་གཉིས་རིང་ནང་པའི་གསར་གཏོད་དང་འབྲེལ་ནས་ཚོགས་འདུ་འཚོགས་པ་དང་། ཉིན་གྲངས་དྲུག་གི་རིང་དྲ་རྒྱའི་ཐོག་ཚོང་དོན་གྱི་སློབ་ཁྲིད་བྱ་རྒྱུ་ཡིན་པ་མ་ཟད། མཇུག་སྡོམ་གྱི་མཛད་སྒོའི་སྟེང་སྤྱི་ཚོགས་དྲ་ལམ་དུ་ནང་ཆོས་དར་ཁྱབ་དང་རྒྱུད་སྤེལ་བྱེད་མཁན་ཁག་ཅིག་ལ་ཆེ་བསྟོད་གཟེངས་རྟགས་ཐོག་མ་སྤྲད་འཆར་ཡོད་སྐོར་བརྗོད་དང་།  བོད་པའི་སྤྱི་ཚོགས་ཁྲོད་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་འདི་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། ཚོགས་ཆེན་འདིའི་ཐོག་བོད་བརྒྱུད་ནང་བསྟན་གཅིག་པུ་མིན་པར་རྒྱལ་ཡོངས་ཀྱི་ནང་པ་རྣམས་མཉམ་ཞུགས་གནང་རྒྱུའི་གོ་སྐབས་བསྐྲུན་གྱི་ཡོད་པ་མ་ཟད། འཕྲུལ་རིག་བརྒྱུད་ནང་ཆོས་དར་ཁྱབ་གཏོང་བར་ཆ་རྐྱེན་བསྐྲུན་ཐབས་བྱས་ཡོད་སྐོར་བརྗོད་བྱུང་།

དྷར་མ་དྷུ་ཏའི་ཞབས་ཞུ་ཁང་ནི་ཕྱི་ལོ་ ༢༠༢༥ ཟླ་ ༥ ནང་གསར་འཛུགས་གནང་ཡོད་འདུག་ལ། ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་ཡོངས་ཀྱི་ནང་པའི་སྤྱི་ཚོགས་ལ་ཞབས་ཞུའི་ཆེད་དུ་ཆ་རྐྱེན་བསྐྲུན་རྒྱུ་དང་། རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་ནང་པ་རྣམས་ཀྱི་ཤེས་ཡོན་བརྗེ་ལེན་དང་། འཕྲུལ་རིག་བརྒྱུད་ནང་ཆོས་དར་ཁྱབ་གཏོང་བར་མཐུན་རྐྱེན་སྐྲུན་གྱི་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese