མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་གོང་མའི་ལོ་རྒྱུས་ཡིག་ཚགས་དང་གཞུང་འབྲེལ་ཡིག་ཆ། ཆིངས་ཡིག མིག་མཐོང་ལོ་རྒྱུས་བཅས་ལ་གཞི་བཅོལ་ནས་བོད་ནི་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དཔེ་དེབ་གསར་པ་ཞིག་དབུ་འབྱེད་བྱས་འདུག

བོད་མིའི་རང་དབང་གི་པར།

ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་ཨ་རིའི་རྒྱལ་ཡོངས་དམངས་གཙོ་གོང་འཕེལ་ལྟེ་གནས་ཁང་གི་གོ་སྒྲིག་འོག སློབ་དཔོན་ཆེན་མོ་ཧོང་ཧྲིང་ལའོ་ལགས་ (Hon-Shiang Lau) ཀྱིས་བརྩམས་པའི་དཔེ་དེབ། བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད་ཅིང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་ཚབ་ཟུར་པ་སེམ་བྷིརཎ་བྷེག་ (Sam Brownback) ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་བུ་ཆུང་ཚེ་རིང་ལགས། བགྲོ་གླེང་གཙོ་སྐྱོང་བ་ཝ་ཤིན་ཊོན་ཆ་འཕྲིན་གྱི་ (Washington Post) ཀ་ཐིག་རྩོམ་པ་པོ་ཇོ་ཤི་རོ་གྷིན་ (Josh Rogin) ལགས་སོགས་གནད་ཡོད་མི་སྣ་མང་པོས་མཉམ་ཞུགས་བྱས་ཡོད་འདུག

སྐབས་དེར་རྩོམ་པ་པོ་ཧོང་ཧྲིང་ལའོ་ལགས་ཀྱིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དཔེ་དེབ་དེ་ཕྱི་ལོ་ ༡༩༤༩ ཡར་སྔོན་གྱི་རྒྱ་ནག་གི་གཞུང་འབྲེལ་ངོས་འཛིན་ལྡན་པའི་ཡིག་ཆ་ཁག་དང་། ཕྱི་ལོ་ ༡༩༤༩ རྗེས་ཀྱི་རྒྱ་ནག་གཞུང་གིས་བསྐྱར་དུ་དཔར་སྐྲུན་བྱས་པའི་ཡིག་ཆ་ཁག དེ་བཞིན། རྒྱ་ནག་གཞུང་གི་བདག་ཉར་འོག་ཡོད་པའི་མི་མང་དཔེ་མཛོད་ཁང་ངམ་ཡང་ན་ཡིག་ཚགས་ཁང་སོགས་ཀྱི་དཔྱད་གཞི་རྒྱུ་ཆ་ཁག་གཞི་ལ་བཅོལ་ནས་བྲིས་ཡོད་སྟབས། རྒྱ་ནག་གཞུང་གིས་རྒྱ་ནག་གི་ལོ་རྒྱུས་ཡིག་ཚགས་ཁག་ལ་ངོ་རྒོལ་བྱེད་མི་ཐུབ་སྐོར་ངོ་སྤྲོད་དང་སྦྲགས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༠ ཙམ་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོད་པ་དང་། དེ་དག་ལ་ཁ་གཏད་གཅོག་པར་ཁུངས་ལྡན་ཡིག་ཆ་ལ་བརྟེན་དགོས་སྐོར་དང་། ད་ལྟ་བོད་དོན་གྱི་ཆེད་དུ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་མཁན་ཉུང་ཉུང་ཡིན་པས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཐད་ཀར་རྒྱ་ནག་མི་མང་ལ་འབྲེལ་བ་བྱས་ཏེ་བོད་ཀྱི་དངོས་ཡོད་ལོ་རྒྱུས་སྐོར་ལ་གོ་རྟོགས་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། སློབ་དཔོན་ལའོ་ལགས་ཀྱིས་རྒྱ་ནག་གི་རྒྱལ་རབས་ཡིག་ཆ་ཁག་བཀོལ་སྤྱོད་ཀྱིས། བོད་དང་འབྲེལ་བའི་རྒྱ་ནག་གི་འཁྱོག་བཤད་ལ་ཁ་གཏད་གཅོག་པའི་དཔེ་དེབ་འདོན་སྤེལ་གནང་བར་བསྔགས་བརྗོད་དང་འབྲེལ། སྲིད་སྐྱོང་མཆོག་གིས་འཛམ་གླིང་གི་གཞུང་ཁག་དང་འབྲེལ་བ་གནང་སྐབས་སློབ་དཔོན་ལའོ་ལགས་ཀྱི་བརྩམས་ཆོས་དང་། སྐུ་ཞབས་མ་ཁེལ་ཝན་ཝེལ་ལགས་ཀྱིས་ཁྲིམས་ལུགས་ཀྱི་དཔྱད་པ་གཞི་བཞག་པའི་བོད་ཀྱི་གནད་བསྡུས་ ༢༠།༢༠ ཞེས་པའི་དཔེ་དེབ་སོགས་ཡང་ཡང་ལུང་འདྲེན་གྱིས་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པའི་ར་སྤྲོད་གནང་གི་ཡོད་སྐོར་གསུངས་ཡོད་འདུག

ཧོང་ཧྲིང་ལའོ་ལགས་ཀྱིས་བརྩམས་པའི་བོད་ནི་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དཔེ་དེབ་དེ་ནི། འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་འབད་བརྩོན་ཆེན་པོས་ཞིབ་འཇུག་བྱས་པའི་གྲུབ་འབྲས་མཐར་ཐུག་ཅིག་ཡིན་པ་དང་། བོད་ཀྱི་གནའ་དེང་གི་ལོ་རྒྱུས་ཀྱི་ངོ་བོ་རྟོགས་པར་བྱེད་པའི་བྱས་རྗེས་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅིང་། དཔེ་དེབ་དེ་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་དང་། གོང་མའི་ལོ་རྒྱུས་ཡིག་ཚགས། ཆིངས་ཡིག མིག་མཐོང་ལོ་རྒྱུས་བཅས་ལ་གཞི་བཅོལ་ནས། བོད་དང་རྒྱ་ནག་བར་གྱི་འབྲེལ་བ་དེ་དབང་བསྒྱུར་གྱི་འོག་ནས་བྱུང་བ་ཞིག་མ་ཡིན་པར། རྒྱ་ནག་གི་དྲིལ་བསྒྲགས་ལས་ལོགས་སུ་གནས་པའི་རང་དབང་ཆེ་བ་དང་རྙོག་འཛིང་ཆེ་བའི་བོད་ཀྱི་ལོ་རྒྱུས་ཤིག་གསལ་བཤད་བྱས་ཡོད་པ་དེབ་ཀྱི་འགྲེལ་བརྗོད་དུ་བྲིས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༨ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese