མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

བོད་ཀྱི་དུས་བབ།
༢༠༢༦/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིས་བོད་མིའི་སྒྲིག་འཛུགས་ཀྱི་གཙོས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་སོགས་བོད་ཕྱི་ནང་གཉིས་ཀྱི་ལས་དོན་ཐོག་ཨ་སྒོར་ས་ཡ་ ༢༣ གྱི་རོགས་དངུལ་སྤྲད་རྒྱུ་གཏན་འབེབས་བྱས་འདུག

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ གྱི་རོགས་དངུལ་སྤྲོད་རྒྱུ་གཏན་འབེབས་བྱས། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༢།༤

ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ལོ་ ༢༠༢༦ ལོའི་སྔོན་རྩིས་ལ་མཚན་རྟགས་བསྐྱོན་ཏེ། བོད་ནང་གི་རིག་གཞུང་དང་ཤེས་ཡོན་སྲུང་སྐྱོབ་དང་རྒྱུན་གནས་འཕེལ་རྒྱས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐོག་ཕྱག་ལས་གནང་མཁན་གྱི་བོད་མིའི་ཚོགས་སྡེ་ཁག་ལ་ཨ་སྒོར་ས་ཡ་ ༡༠ དང་། བོད་མིའི་སྒྲིག་འཛུགས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་དང་གོང་སྤེལ།  ཤེས་ཡོན་གོང་འཕེལ། སྤྱི་ཚོགས་བརྟན་འཇགས་དང་མི་རབས་གསར་པ་སྐྱེད་བསྲིང་སོགས་ཀྱི་ཆེད་དུ་ཨ་སྒོར་ས་ཡ་ ༨ །  བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་གཏོང་བའི་ལས་གཞིའི་ཆེད་ཨ་སྒོར་ས་ཡ་ ༥ དང་།  དེའི་ནང་ནས་ཨ་སྒོར་ས་ཡ་གཅིག་ནས་ཕྱེད་ཀའི་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་གཞི་རྩའི་དགོས་མཁོ་གཙོ་བྱས་པའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ནུས་པ་གོང་འཕེལ་གཏོང་སླད་བཅས་ཁྱོན་ཨ་སྒོར་ས་ཡ་ ༢༣ བཀའ་འཁྲོལ་གཏན་འབེབས་གནང་འདུག

དེ་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས།  ཨ་རིའི་གཞུང་གིས་བཙན་བྱོལ་བོད་མི་རྣམས་ལ་རོགས་དངུལ་གཏན་འབེབས་བྱས་པར་སྔོན་རྩིས་ཚོགས་ཆུང་གི་མགོ་ལས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་རིའི་གྲོས་ཚོགས་ཀྱི་ལངས་ཕྱོགས་བརྟན་པོ་བཟུང་ནས་རོགས་དངུལ་གནང་བར་དགའ་པོ་བྱུང་ཞེས་བརྗོད་འདུག་ལ། བསྟན་ཆོས་རྒྱ་མཚོ་ལགས་ཀྱིས།  ང་ཚོས་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་བོད་སྐད་སྡེ་ཚན་གྱི་ལས་དོན་ཁག་སླར་གསོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། རླུང་འཕྲིན་ཁང་གཉིས་དེ་སྒོ་བརྒྱབ་པ་དེས་བོད་ནང་གི་བོད་མི་རྣམས་དང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མིའི་སྤྱི་ཚོགས་ཁག་ལ་ཡིད་ཆེས་བྱེད་རུང་བའི་རང་དབང་ཅན་གྱི་གནས་ཚུལ་གྱི་འབྱུང་ཁུངས་གལ་ཆེན་མེད་པར་བཟོས། ང་ཚོས་ཨ་རིའི་གྲོས་ཚོགས་ལ་རྩིས་ལོ་ ༢༠༢༧ ལོའི་སྔོན་རྩིས་ནང་བོད་དང་འབྲེལ་བའི་རོགས་དངུལ་གཏན་འབེབས་རྒྱུན་འཁྱོངས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག

ད་ལྟའི་ཆར་སྤྱི་ཚོགས་ཁྲོད་ཐེངས་འདིའི་རོགས་དངུལ་དེ་ནི་ཕྱི་ལོ་ ༢༠༢༤ ལོའི་རོགས་དངུལ་ལས་བརྒལ་ཡོད་མེད་ཐད་དོགས་འདྲི་དང་བསམ་ཚུལ་མང་དག་ཅིག་འབྱུང་གི་འདུག་སྟབས། འདི་གའི་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་རོགས་དངུལ་བཀའ་འཁྲོལ་གཏན་འབེབས་དེ་ནི་ཕྱི་ལོ་ ༢༠༢༤ ལོའི་ཨ་རིའི་བོད་དང་འབྲེལ་བའི་རོགས་དངུལ་གྱི་གྲངས་འབོར་ལས་འཕར་ཆག་གང་ཡང་བྱུང་མི་འདུག་ལ། འདས་ལོའི་ཕྱི་ཟླ་ ༣ ནང་ཨ་རིའི་སྲིད་འཛིན་ཊོམ་ཕུས་བོད་མིའི་སྒྲིག་འཛུགས་ཀྱི་རོགས་དངུལ་ཡོངས་བཀག་བསྐྱིལ་བྱས་ཀྱང་།  ལོ་དེའི་ཕྱི་ཟླ་ ༧ ནང་ཨ་སྒོར་ས་ཡ་ ༧ ལ་བཀའ་འཁྲོལ་བསྐྱར་དུ་ཐོབ་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༡༠ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༡༣ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese