མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

བོད་ཀྱི་དུས་བབ།
༢༠༢༦/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེ་རིང་བཀྲ་ཤིས་པའི་དུས་སྐབས་འདིར་ངས་༸གོང་ས་མཆོག་ལ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཁོང་གི་མཛད་རྗེས་དཔག་ཏུ་མེད་པ་ལ་གུས་བཀུར་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།

དེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏཱ་ལར་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལ་ཤི་ (Kailash Satyarthi) ལགས། ཆེ་བསྟོད་སྐུ་མགྲོན་ཧྥི་ལི་པིན་སིའི་གྲོས་ཚོགས་འོག་མའི་འཐུས་མི་མའེ་ཁལ་ (Adrian Michael A. Amatong) ལགས། ཧྥི་ལི་པིན་སིའི་གྲོས་ཚོགས་འོག་མའི་འཐུས་མི་རུ་ཧྥ་སི་ (Rufus B. Rodriguez) ལགས། ཧིན་རྡུའི་ཆོས་དཔོན་ཨ་རྗེ་ཀུ་མར་ (Ajay Kumar Sharma) ལགས། ཁ་ཆེའི་ཆོས་དཔོན་མོ་ཧ་མ་དྷི་ (Muhamad Kamil Jamie) ལགས། ཡེ་ཤུའི་ཆོས་དཔོན་ཝིག་ཊོར་ (Rev. Victor Khojee) ལགས། ་སིག་གི་ཆོས་དཔོན་སར་བྷི་ཇི་ཏི་སིངྒ་ (Sarbjeet Singh) ལགས། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆག ཁྲིམས་ཞིབ་པ་གཞན་གཉིས། བཀའ་བློན་རྣམ་པ། མི་མང་སོགས་ལྷན་འཛོམས་གནང་ཡོད་འདུག

ཐོག་མར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གཏམ་བཤད་སྒྲོགས་སྦྱངས་གནང་བའི་ནང་། དེ་རིང་ང་ཚོ་གངས་ལྗོངས་ལྷ་མི་ཡོངས་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕོ་བྲང་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་ཞུས་ནས་ལོ་ངོ་ ༨༦ འཁོར་བའི་དུས་ཚེས་ཁྱད་པར་ཅན་འདིར་དགའ་སྤྲོའི་ངང་དྲན་གསོ་ཞུ་བའི་མཛད་སྒོ་འདིའི་ཐོག བཀའ་ཤག་ནས་གཞིས་བྱེས་སྤུན་ཟླ་རྣམ་པ་དང་། བོད་ཀྱི་གྲོགས་པོ་རྣམ་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད། ཅེས་དང་། ལོ་ངོ་ ༨༦ གོང་གི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་དེ་ནི་བོད་ལ་མཚོན་ན་སྲོལ་རྒྱུན་ལམ་ལུགས་ཀྱི་ཁྱད་འཕགས་སྒྲིག་འཛུགས་གནམ་བསྐོས་དགའ་བ་བརྒྱ་ལྡན་པའི་གངས་ལྗོངས་ཆབ་སྲིད་ཀྱི་དབང་ལུང་རྒྱུན་བསྲིངས་དང་། འཕགས་པ་སྤྱན་རས་གཟིགས་དབང་གི་ཐུགས་བསྐྱེད་སྨོན་ལམ་གྱི་ལྕགས་ཀྱུ་དང་གངས་ལྗོངས་ལྷ་མི་ཀུན་གྱི་དད་པའི་ཨ་ལོང་མཐུད་སྦྲེལ་གྱི་ཆོ་ག་གཟབ་གཟེངས་ལྡན་པ་ཞིག་ཡིན་པས། གཞུང་ངོས་ནས་རྒྱ་ནག་གོ་མིང་སྲིད་གཞུང་དང་། དབྱིན་གཞུང་གི་སྐུ་ཚབ་དང་། འབྲས་ལྗོངས། བལ་ཡུལ་དང་འབྲུག་སོགས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་སྐུ་ཚབ་ལའང་མཇལ་ཕྱག་དང་ཁྲི་སྐྱེས་དངོས་འབུལ་གྱི་གོ་སྐབས་གནང་སྟེ་སྣེ་ལེན་ཞུས་ཡོད་ལ། སྐབས་དེའི་རྒྱ་ནག་གོ་མིན་ཏང་སྲིད་གཞུང་གི་སྐུ་ཚབ་ནས་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་གཙོ་སྐྱོང་བྱས་ལུགས་དང་། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་གསེར་བུམ་དཀྲུག་འདོན་མ་དགོས་པའི་སྙན་ཞུ་ཕུལ་ལུགས་སོགས་རྒྱ་ནག་གུང་ཁྲན་གཞུང་གིས་ད་དུང་ཨུ་ཚུགས་ཀྱིས་རྫུན་སྒྲོགས་བྱས་དང་བྱེད་བཞིན་པ་དེ་རིགས་ཡིག་ཚགས་དང་། དཔྱད་རྩོམ་རིམ་ཐོན་ལ་བརྟེན་ནས་དངོས་དོན་གསལ་ལྷང་བྱུང་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།

ལོ་ངོ་ ༨༦ ནི་ལོ་རྒྱུས་ཀྱི་གྲངས་ཀ་ཙམ་ཞིག་མ་ཡིན་པར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་དར་སྤེལ་དང་། ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་རིག་སྲུང་སྐྱོབ། རྒྱ་གར་གྱི་གནའ་བོའི་ཤེས་རིག་བསྐྱར་གསོ་བཅས་མཛད་ཁུར་དམ་བཅའ་བཞི་ཉམས་ལེན་དང་སྐུལ་སྤེལ་གྱི་བྱུང་རབས་ཚར་དུ་དངར་བ་ཞིག་ཡིན་ལ། ༸གོང་ས་༸སྐྱབས་མགོན་མཆོག་གི་བྱམས་བརྩེའི་བསྟན་བཅོས་ཀྱིས། བྱམས་བརྩེ་དང་བཟོད་བསྲན་ནི་སྟོབས་མེད་ཀྱི་མངོན་རྟགས་མིན་པར། ནུས་སྟོབས་ཀྱི་མཚོན་རྟགས་ཡིན་པ་དུས་རབས་ ༢༡ པའི་འཇིག་རྟེན་འདིར་ར་སྤྲོད་གནང་བས། གླུ་གཞས་ཀྱི་གཟེངས་རྟགས་གྲགས་ཆེན་ (68th Annual Grammy Awards) ནས་ཀྱང་འདི་ཟླའི་ཚེས་ ༡ ཉིན་གཟེངས་བསྟོད་ཕུལ་ཡོད་ལ། ༸མགོན་པོ་གང་ཉིད་ཀྱི་སྐུ་ཚེ་ཧྲིལ་པོའི་བྱམས་བརྩེ་དང་ཤེས་རབ་ཀྱི་ཉམས་ལེན་དང་གདམ་ངག་ལ་བརྟེན་ནས། འགྲོ་བ་མིའི་དཔལ་ཡོན་ལ་འཛད་མཐའ་མེད་པའི་འོད་སྣང་སྦྱིན་ཡོད་པ་དང་། བོད་ཀྱི་གནད་དོན་འདི་ཆབ་སྲིད་ཀྱི་མངོན་འདོད་རྐྱང་པ་ཞིག་ནས། འཛམ་གླིང་ཞི་བདེ་དང་། ཆོས་ལུགས་འཆམ་མཐུན། ཁོར་ཡུག་སྲུང་སྐྱོབ་སོགས་འགྲོ་བ་མི་ཐུན་མོང་གི་རེ་སྙེགས་ཀྱི་མཐོ་ཚད་བར་སྤར་གནང་ཡོད།

ལོ་ངོ་འདི་དག་ནི་ང་ཚོ་བཙན་བྱོལ་བོད་མི་ཚོར་མཚོན་ན། ༸མགོན་པོ་མཆོག་གིས་ང་ཚོའི་ཆེད་དུ་དུས་ཚོད་དང་འགྲན་རྒྱུགས་ཀྱི་བྱུང་རབས་ཤིག་ཀྱང་ཡིན་ཞིང་། ངོ་ཤེས་པ་གནམ་དང་ས་ལས་མེད་པའི་བཙན་བྱོལ་གྱི་ལོ་ཟླའི་ནང་། ང་ཚོའི་སྐད་ཡིག་དང་། ཆོས་ལུགས། རིག་གཞུང་། མི་རིགས་ཀྱི་ཆེ་མཐོང་ད་ལྟའི་བར་དུ་སྲུང་ཉར་ཐུབ་སྟེ། འཛམ་གླིང་ཤར་ནུབ་ཀྱི་གྲོང་དང་གྲོང་ཁྱེར་འདྲ་མིན་དུ་གནས་འཁོད་ངེད་ཅག་ཚང་མས་དེང་སང་སྤོབས་པའི་ཐོག་ནས་ང་བོད་པ་ཡིན་ཞེས་གསུང་ཕོད་ཀྱི་ཡོད་པ་འདི་དང་། བོད་ནང་བོད་མི་རིགས་རྩ་མེད་གཏོང་རྒྱུའི་རྒྱ་གཞུང་གི་དྲག་ཆར་རླུང་འཚུབ་ལྟ་བུའི་ཆབ་སྲིད་ལས་འགུལ་དང་། སྲིད་ཇུས་གང་གིས་ཀྱང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་གཅེས་ཉར་གྱི་སེམས་ཤུགས་གཅོག་ཐུབ་ཀྱི་མེད་པ་འདིའང་༸མགོན་པོ་མཆོག་གི་ཐབས་མཁས་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ང་ཚོ་ཚང་མས་དུས་དང་རྣམ་པ་ཀུན་ཏུ་བཀའ་དྲིན་རྗེས་དྲན་ཞུ་དགོས། ཞེས་འཁོད་འདུག

བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།

༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསེར་ཁྲི་མངའ་གསོལ་ནི་ལོ་རྒྱུས་ཐོག་བོད་མི་ཙམ་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་ཆེད་དུ་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན། འཛམ་གླིང་གི་འགྱུར་འགྲོས་དང་ལྷན་དུ་བོད་མི་རྣམས་ཀྱིས་དཀའ་ངལ་མང་དག་ཅིག་གདོང་ལེན་བྱས་དགོས་བྱུང་ཡོད་ཀྱང་། སྐབས་དེ་དུས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལ་བརྟེན་ནས་བོད་མི་རྣམས་ལ་སོ་སོའི་ངོ་བོ་དང་། ཆོས། རིག་གཞུང་ཉར་ཚགས་བྱས་ཐུབ་པ་མ་ཟད། འཛམ་གླིང་ཡོངས་སུ་ཁྱབ་སྤེལ་ཐུབ་པ་བྱུང་ཡོད། དེ་རིང་བཀྲ་ཤིས་པའི་དུས་སྐབས་འདིར་ངས་༸གོང་ས་མཆོག་ལ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་བ་དང་། ཁོང་གི་མཛད་རྗེས་དཔག་ཏུ་མེད་པ་ལ་གུས་བཀུར་ཞུ་རྒྱུ་ཡིན། ང་ཚོས་ཆོས་ལུགས་མཐུན་སྒྲིལ་དང་ཁོར་ཡུག་སྲུང་སྐྱོབ་སྐོར་གླེང་སློང་བྱ་དགོས་ཀྱི་ཡོད་པ་རེད། ཆོས་ལུགས་དང་གནའ་བོའི་རྒྱ་གར་གྱི་རིག་གཞུང་གཉིས་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། འོན་ཀྱང་འདས་པའི་དུས་རབས་བཞི་དང་ལྔའི་རིང་ཚན་རིག་དང་འཕྲུལ་རིག་ཡར་རྒྱས་ཤུགས་ཆེན་ཕྱིན་པ་ལ་བརྟེན་ནས་ཆོས་ལུགས་ཉམས་རྒུད་དུ་ཕྱིན་ཡོད་ལ། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་བྱུང་མེད་པའི་རྐྱེན་གྱིས་རྩོད་རྙོག་སོགས་བྱུང་གི་ཡོད་པ་རེད། ང་ཚོས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་ཆོས་ལུགས་སྐོར་སློབ་སྦྱོང་ངེས་པར་དུ་བྱ་དགོས་པ་མ་ཟད། ཆོས་ལུགས་མཐུན་སྒྲིལ་དང་། ཆོས་ལུགས་ཡོངས་ལ་བརྩི་བཀུར་གཅིག་མཚུངས་ཞུ་དགོས། ཞེས་གསུངས་སོང་།

ཡང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། འགྲོ་བ་མིའི་རིགས་ཀྱིས་འཚོ་གནས་ཀྱི་ཐབས་ལམ་ཡང་དག་ཅིག་མ་བླངས་ན་ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ་ཀྱི་མ་རེད་བསམ་གྱི་འདུག འཚོ་ཐབས་ཡང་དག་ཟེར་ན་དགོས་ངེས་ཀྱི་ཆ་རྐྱེན་ཁོ་ན་ཐོན་སྐྱེད་བྱེད་པ་དང་། དགོས་ངེས་ཡོད་པ་ཁོ་ན་བེད་སྤྱོད་གཏོང་བ་དེ་རེད། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་རྟག་ཏུ་རེ་བ་ནམ་ཡང་མ་ཆད། ང་ཚོས་མུ་མཐུད་དུ་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱེད་དགོས། ཞེས་གསུངས་ཀྱི་ཡོད་པར་བརྟེན། ང་ཚོས་ཁོར་ཡུག་སྲུང་སྐྱོབ་དང་། ཁོར་ཡུག་ལ་གནོད་པའི་འཚོ་བའི་གོམས་གཤིས་བཟོ་མི་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ལ། མི་སྒེར་སོ་སོས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་ཐོགས་གང་བྱེད་ཐུབ་མིན་ཐད་བསམ་གཞིག་ངེས་པར་དུ་གཏོང་དགོས། བོད་ཀྱི་ལོ་གསར་དང་༸གོང་ས་མཆོག་གསེར་ཁྲི་མངལ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་དུས་དྲན་གྱི་ཉིན་མོར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཧྥི་ལི་པིན་སིའི་གྲོས་ཚོགས་འོག་མའི་འཐུས་མི་མའེ་ཁལ་ (Adrian Michael A. Amatong) ལགས་ཀྱིས་གསུང་བཤད་གནང་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།

ཧྥི་ལི་པིན་སིའི་གྲོས་ཚོགས་འོག་མའི་འཐུས་མི་མའེ་ཁལ་ (Adrian Michael A. Amatong) ལགས་ཀྱིས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཚེ་མེད་ཞི་བ་དང་། འགྲོ་བ་མི་རྣམས་གཅིག་མཚུངས་ཡིན་པ་སོགས་ཐུགས་བསྐྱེད་དམ་བཅའ་བཞི་ཉམས་ལེན་གནང་མུས་ཡིན་པ་རེད། ཧྥི་ལི་པིན་སི་ནང་བཟང་སྤྱོད་ལྡན་པའི་མགོ་ཁྲིད་ཚོར་བརྩི་བཀུར་ཆེན་པོ་ཞུ་ཡི་ཡོད། ང་ཚོའི་ལོ་རྒྱུས་ཀྱིས་ང་ཚོར་རང་དབང་དང་། ངོ་བོ། རང་དབང་གཙང་མའི་བདག་དབང་བཅས་སྲུང་སྐྱོབ་དང་ཉར་ཚགས་བྱེད་དགོས་པའི་ལམ་སྟོན་བྱས་ཡོད་པ་རེད། ང་ཚོས་མི་རིགས་ཤིག་གི་སྟོབས་ཤུགས་དེ་མངའ་ཁོངས་གཅིག་པུའི་ཐོག་ནས་ཚད་འཇལ་མི་ཐུབ་པར་ཁོང་ཚོའི་སེམས་ཁམས་དང་། རིག་གཞུང་། མ་འོངས་པར་གྲུབ་འབྲས་ལེགས་པོ་ཡོང་རྒྱུའི་ཡིད་ཆེས་བྱེད་པའི་རྒྱུ་ལ་བརྟེན་ནས་ཚད་འཇལ་དགོས་པ་ཤེས་ཀྱི་ཡོད། ༸གོང་ས་མཆོག་གིས་བྱམས་སྙིང་རྗེ་ནི་སྒེར་གྱི་དགེ་མཚན་ཁོ་ན་མིན་པར་སྤྱི་ཚོགས་ལ་འགྱུར་བ་གཏོང་ཐུབ་པའི་ཤུགས་རྐྱེན་ཞིག་ཡོད་པ་དྲན་སྐུལ་གནང་ཡོད། མགོ་ཁྲིད་ཀྱི་གོ་གནས་དེ་དབང་ཆའི་ཐོག་ནས་མིན་པར་ཞབས་ཞུའི་ཐོག་ནས་ཤེས་རྟོགས་ཐུབ་ཀྱི་རེད། ཧྥི་ལི་པིན་སིའི་མི་རིགས་ཤིག་ཡིན་པའི་ཆ་ནས། རང་མི་རིགས་ཀྱི་ངོ་བོ་དང་། རིག་གཞུང་། ཞི་བདེའི་ཐོག་ནས་འཚོ་གནས་བྱ་རྒྱུའི་མི་མང་དང་མཉམ་དུ་ཡོད། ང་ཚོས་བོད་མི་རིགས་ཀྱི་བརྟན་ལྷིང་ལ་གུས་བཀུར་བྱེད་པ་དང་། ༸གོང་ས་མཆོག་གི་ཁྱད་དུ་འཕགས་པའི་མི་ཚེ་དང་མཛད་རྗེས་ལ་གུས་བཀུར་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལ་ཤི་ (Kailash Satyarthi) ལགས་ཀྱིས། ང་རང་བཞུགས་སྒར་དང་ལྷག་པར་དུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སླེབས་སྐབས་གནས་སྐོར་ལ་སླེབས་པའི་ཚོར་བ་ཡོང་གི་འདུག དེ་རིང་ལོ་ངོ་ ༨༦ འཁོར་བའི་དུས་སྟོན་སྲུང་གཙི་ཞུ་བཞིན་པ་ནི་དུས་སྟོན་ཙམ་དུ་མ་ཡིན་པར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་པ་ནས་བཟུང་ད་བར་ལོ་ངོ་ ༨༦ རིང་འཛམ་གླིང་སྟེང་བྱམས་བརྩེ་དང་། འཚེ་བ་མེད་པའི་སྐོར་བཀའ་སློབ་ལམ་སྟོན་གནང་བཞིན་ཡོད་པ་རེད། བོད་མི་རྣམས་ཀྱི་རྒྱུད་ལ་ཡོད་པའི་སེམས་ཤུགས་དང་། ལྷག་བསམ། བྱམས་སྙིང་རྗེ་དེ་དག་གིས་འཛམ་གླིང་ཁྱོན་ཡོངས་ལ་མིག་དཔེ་དང་སེམས་སྐུལ་སྤྲོད་ཀྱི་ཡོད། ༸མགོན་པོ་གང་ཉིད་མཆོག་གི་དམིགས་ཡུལ་གཅིག་ནི་བོད་ནང་དུ་ཡོད་པའི་གནས་ཆེན་ཁག་ཏུ་གནས་སྐོར་ཕེབས་རྒྱུ་དེ་ཡིན་པ་དེ་ལྟར་བྱུང་བའི་རེ་བ་ཡོད། རྒྱུ་མཚན་ནི་དྲང་བདེན་དང་། སྙིང་རྗེའི་རྒྱལ་ཁ་ཐོབ་ངེས་རེད། ༸གོང་ས་མཆོག་གི་བྱམས་སྙིང་རྗེའི་དགོངས་པ་དེར་བོད་མི་ཁོ་ན་ཙམ་མིན་པར་འཛམ་གླིང་གི་ཆོས་ལུགས་མི་འདྲ་བའི་སྤྱི་ཚོགས་ཡོངས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་བཞིན་གཞུང་དང་སྲིད་དབང་སྟོབས་ཤུགས་ཅན་དང་། དཔལ་འབྱོར་དབང་ཐང་ཆེན་པོ་གང་འདྲ་ཞིག་ཡིན་རུང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ཁྲིམས་མཐུན་དབང་ཆ་མེད་པ་དང་། ཡང་སྲིད་ངོས་འཛིན་གྱི་བདག་དབང་ཆ་ཚང་ཆོས་ཕྱོགས་ཀྱི་ལམ་སྲོལ་ལྟར་འགྲོ་དགོས་པའི་ནན་བརྗོད་གནང་སོང་།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལ་ཤི་ (Kailash Satyarthi) ལགས་ཀྱིས་གསུང་བཤད་གནང་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱངས་གནང་བའི་ནང་། བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་ལྔའི་ཐོག་བོད་ཀྱི་རྒྱལ་སར་ཕོ་བྲང་པོ་ཏ་ལར་གསེར་ཁྲིར་མངའ་གསོལ་ཞུས་ཏེ་མི་ལོ་ཧྲིལ་པོ་ ༨༦ འཁོར་བའི་སྐལ་བཟང་ཉིན་མོར་བོད་མི་རྩམ་ཟན་པ་ཡོངས་དང་། དད་ལྡན་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་རྣམས་ཀྱི་ཚབ་ཞུས་ཏེ་གུས་ཕྱག་དང་བཅས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་དང་།

༸གོང་ས་མཆོག་གིས་བོད་མི་ཙམ་མ་ཟད་འགྲོ་བ་མི་སྤྱི་ལ་བདེ་སྐྱིད་དང་ཞི་བདེ་ཡོང་ཐབས་ཀྱི་ལམ་སྟོན་མཛད་ཅིང་། དེ་ཡང་རིགས་རུས་དང་། མཆོག་དམན། ཤ་མདོག་སོགས་ཀྱི་ཁྱད་མེད་ཀྱིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དགོས་པ་དང་། འཛམ་གླིང་ཞི་བདེ་ཡོང་ཐབས་སུ་དང་པོ་རང་ཉིད་ནས་ནང་སེམས་ཀྱི་ཞི་བདེ་ཡོང་ཐབས་བྱ་དགོས་པ་ལས་ཕྱིའི་དངོས་པོའི་མཐུན་རྐྱེན་ཙམ་གྱིས་ཞི་བདེ་ཡོང་མི་ཐུབ་པ་དང་། སྤྱི་ཚོགས་ནང་དཀའ་རྙོག་ཆེ་ཆུང་གང་ཞིག་ཡིན་ཡང་སྟོབས་ཆེ་ཆུང་དང་གོ་མཚོན་བེད་སྤྱོད་ཀྱིས་དམག་འཐབ་དང་འཁྲུག་འཛིང་མེད་པར་ཕན་ཚུན་གྲོས་མོལ་གྱི་ལམ་ནས་དཀའ་ངལ་ཐག་གཅོད་ཡོང་ཐབས་བྱ་དགོས་པའི་ལམ་སྟོན་གནང་ཞིང་བོད་དོན་འཐབ་རྩོད་ཀྱང་འཚེ་མེད་ཞི་བའི་ལམ་ནས་རྒྱ་ནག་གཞུང་མཉམ་འབྲེལ་ལམ་གྱིས་དཀའ་རྙོག་སེལ་ཐབས་ལ་འབད་བརྩོན་གནང་ཡོད།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།

དེང་གི་ཚན་རིག་དང་ནང་ཆོས་དབར་ལོ་ངོ་སུམ་ཅུ་ལྷག་བགྲོ་གླེང་དང་གོ་བསྡུར་གནང་ཞིང་སྙན་གྲགས་ཅན་གྱི་ཚན་རིག་པ་མང་པོ་ཞིག་གིས་ནང་ཆོས་ནས་བཤད་པའི་སེམས་སེམས་བྱུང་དང་། དྲན་པ་ཉེར་བཞག་བཞི་སོགས་ནས་དམིགས་བསལ་སེམས་ཀྱི་བདེ་སྐྱིད་ལ་ཕན་ཐོགས་ཡོང་བའི་ར་སྤྲོད་བྱས་ཤིང་། ༸གོང་ས་མཆོག་གི་མཁྱེན་བརྩེའི་ཡོན་ཏན་དང་། རླབས་ཆེན་གྱི་དགོངས་གཞི་ལ་བསྔགས་བརྗོད་ཡི་རང་ཞུ་བཞིན་པ་དང་། འཛམ་གླིང་ནང་ཆོས་ལུགས་དང་བཟང་སྤྱོད་ཀྱི་ནང་དོན་ལ་ཤུགས་རྐྱེན་ཆེ་ཤོས་ཐེབས་མཁན་དང་། ཚན་རིག་དང་ཆོས་ལུགས་ཟུང་འབྲེལ་གྱིས་མིའི་རིགས་ཀྱི་བདེ་སྐྱིད་དང་ཤེས་རབ་གོང་འཕེལ་གཏོང་མཁན་གྱི་རླབས་ཆེན་མི་སྣ་ཞིག་ལ་ངོས་འཛིན་གྱིས་ཕྱི་ལོ་ ༢༠༡༢ ལོར་ཆོས་ལུགས་དང་འབྲེལ་བའི་གཟེངས་རྟགས་སྙན་གྲགས་ཆེ་ཤོས་ཊེམ་པལ་ཊོན་གཟེངས་རྟགས་ (The Templeton Prize) སོགས་གཟེངས་རྟགས་བརྒྱ་ཕྲག་མང་པོ་འབུལ་བཞེས་བྱུང་ཡོད། ཉེ་ཆར་ཕྱི་ཟླ་ ༢ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྷ་རམ་མི་ (Grammy Award) གཟེངས་རྟགས་འབུལ་བཞེས་གནང་བ་གོ་སྐབས་འདི་བརྒྱུད་ནས་འཚམས་འདྲི་ཞུ་རྒྱུ་དང་། གཟེངས་རྟགས་འབུལ་བཞེས་གནང་བ་འདི་ནི་༸གོང་ས་མཆོག་སྐུ་སྒེར་གྱི་མཛད་རྗེས་ཙམ་ལ་མ་ཡིན་པར། འདིས་བོད་མི་རིགས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་ནི་འཛམ་གླིང་ནང་རིན་ཐང་ཆེ་བའི་གཅེས་ནོར་ཞིག་ཡིན་པ་སླར་ཡང་ར་སྤྲོད་བྱས་ཤིང་། ༸གོང་ས་མཆོག་གི་བྱམས་བརྩེའི་བཀའ་སློབ་དང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས། ཆོས་ལུགས། ཁོར་ཡུག འགྲོ་བ་མིའི་བཟང་སྤྱོད་བཅས་ཀྱི་ལམ་སྟོན་དེས་འཛམ་གླིང་སྤྱི་དང་། རང་ཅག་བོད་མི་རྣམས་ལ་དགོས་མཁོ་གལ་ཆེ་ཞིག་ཆགས་ཡོད་པས་རང་ཅག་རྣམས་ཀྱིས་ཉམས་ལེན་ལག་བསྟར་ཞུ་དགོས་པ་གལ་ཆེ་ཆགས་ཡོད།

༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་ནས་ཆོས་ལུགས་མཐུན་འབྲེལ་གལ་ཆེར་བརྩི་བཞིན་པ་དང་། གང་ཉིད་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ནང་ཆོས་ལུགས་མི་འདྲ་བ་མང་ཡང་དེ་དག་གིས་ཆོག་ཤེས་དང་། བྱམས་བརྩེ། བཟོད་སྒོམ་སོགས་གཅིག་གྱུར་ཉམས་ལེན་ལག་བསྟར་གྱིས་འགྲོ་བའི་ཁམས་དང་མོས་པར་འཚམ་པའི་ཕན་ཐོགས་ཡོང་བཞིན་ཡོད་པས་ཕན་ཚུན་གུས་བཀུར་དགོས་པ་ལས་སྤྱི་ཚོགས་ནང་ཆོས་ལུགས་ཀྱི་དབང་གིས་འཁྲུག་རྩོད་བྱེད་པ་ནི་ཐབས་སྡུག་གི་བྱ་བ་ཞིག་ཡིན་པ་གསུང་བཤད་ནན་ཏན་མང་པོ་གནང་ཡོད། ཅེས་སོགས་འཁོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

ཆུ་ཚོད་ ༡༠ སྔོན་ལ།
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བོད་ཀྱི་སྐད་ཡིག་གི་གནས་བབ།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese