མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་པ་རྡོ་རྗེ་དགྲ་འདུལ་ལགས་སུ་ཕྱི་ལོ་ ༢༠༢༦ ལོའི་གཡུ་ཐོག་གཟེངས་རྟགས་ཕུལ་སོང་།

བོད་ཀྱི་དུས་བབ།
༢༠༢༦/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་རྒྱུན་ལས་སྐབས་བརྒྱད་པ་གསལ་བསྒྲགས་དང་འབྲེལ་འདི་ལོའི་གཡུ་ཐོག་གཟེངས་རྟགས་དེ་སྨན་པ་རྡོ་རྗེ་དགྲ་འདུལ་ལགས་སུ་ཕུལ་སོང་།

བོད་ཀྱི་གསོ་བ་རིག་པའི་རྒྱུན་ལས་སྐབས་བདུན་པ་དང་བརྒྱད་པའི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༤

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་བདུན་པ་དང་བརྒྱད་པའི་རྩིས་སྤྲོད་རྩིས་ལེན་དང་གཡུ་ཐོག་གཟེངས་རྟགས་སྤྲོད་པའི་མཛད་སྒོ་བཅས་དུས་གཅིག་ཏུ་འཚོགས་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་དང་སྨན་རྩིས་ཁང་གི་འགན་འཛིན་བསྟན་འཛིན་བཟང་པོ་ལགས། སྐུའི་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས། སྐབས་བདུན་པའི་གསོ་རིག་ལྷན་ཚོགས་ཀྱི་འགན་འཛིན་སྨན་པ་རྡོ་རྗེ་དགྲ་འདུལ་ལགས། དེ་བཞིན། སྨན་རྩིས་ཁང་གི་སྨན་པ་རྣམས་དང་ལས་བྱེད། སློབ་ཕྲུག གསར་འགོད་པ་བཅས་འཛོམས་འདུག

མཛད་སྒོའི་སྟེང་སྐབས་བདུན་པའི་གསོ་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ལོ་གསུམ་རིང་གི་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་ཞུས་གྲུབ་མཚམས། འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་ཀྱིས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དགོས་དབང་ཆེན་པོར་གཟིགས་ཏེ་གཏན་འབེབས་ཀྱིས་བཙུགས་པ་ཞིག་རེད། འདི་ལ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ནི་རང་བཞིན་འགན་འཁྲི་ཆགས་ཡོད། ཅེས་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་བཙུགས་པ་ནས་བཟུང་བོད་མིའི་འཕྲོད་བསྟེན་དང་འབྲེལ་ནས་གསོ་རིག་གི་ལས་དོན་ཚང་མར་རྒྱབ་སྐྱོར་ཞུས་ཡོད་པ་དང་། མ་འོངས་པར་ཡང་བོད་ཀྱི་གསོ་བ་རིག་པའི་ལས་དོན་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་རྒྱབ་སྐྱོར་ལྷོད་མེད་གནང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

མཛད་སྒོའི་སྟེང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྐབས་བརྒྱད་པའི་ཚོགས་མི་ ༡༧ འོས་འདེམས་བྱུང་བ་ཡོངས་བསྒྲགས་དང་སྐབས་བདུན་པའི་རྒྱུན་ལས་རྣམས་ལ་ཆེ་བསྟོད་ཕྱག་འཁྱེར་དང་། སྨན་པ་རྡོ་རྗེ་དགྲ་འདུལ་ལགས་སུ་ཕྱི་ལོ་ ༢༠༢༦ ལོའི་གཡུ་ཐོག་གཟེངས་རྟགས་ཕུལ་སོང་།  གཡུ་ཐོག་གཟེངས་རྟགས་དེ་ཕྱི་ལོ་ ༢༠༠༩ ལོར་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་བོད་ཀྱི་གསོ་བ་རིག་པའི་གཟེངས་ཐོན་མི་སྣར་འབུལ་མགོ་བཙུགས་པ་ཞིག་ཡིན་པ་དང་། གཟེངས་རྟགས་དེ་ནི་བོད་ཀྱི་གསོ་བ་རིག་པའི་ལས་དོན་ཐོག་དམིགས་བསལ་ཧུར་བརྩོན་དང་བྱས་རྗེས་ཅན་གྱི་མི་སྣ་རྣམས་ངོས་འཛིན་དང་། བོད་ཀྱི་གསོ་བ་རིག་པའི་རྒྱུད་འཛིན་སྨན་པ་གཞན་རྣམས་ལ་མིག་དཔེ་དང་སེམས་ཤུགས་བསྐྱེད་ཐབས་སོགས་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན་འདུག་ལ། ལོ་གསུམ་རེའི་མཚམས་སུ་འབུལ་སྲོལ་ཡོད་པ་རེད་འདུག

ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༥ ཉིན་ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཡུ་ཐོག་གཟེངས་རྟགས་ཕུལ་ཡོད། ཕྱི་ལོ་ ༢༠༡༠ ལོར་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་སུ་ཐེངས་དང་པོའི་གཡུ་ཐོག་གཟེངས་རྟགས་ཕུལ་བ་དང་།  ཕྱི་ལོ་ ༢༠༡༢ ལོར་བླ་སྨན་ཡེ་ཤེས་དོན་ལྡན་མཆོག  ཕྱི་ལོ་ ༢༠༡༦ ལོར་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་མཆོག ཕྱི་ལོ་ ༢༠༡༩ ལོར་བླ་སྨན་ཚེ་དབང་རྟ་མགྲིན་མཆོག ཕྱི་ལོ་ ༢༠༢༢ ལོར་བླ་སྨན་སྤེན་པ་ཚེ་རིང་མཆོག་དང་འདི་ལོའི་གཟེངས་རྟགས་དེ་ནི་སྐབས་དྲུག་པ་ཆགས་ཀྱི་འདུག

སྨན་པ་རྡོ་རྗེ་དགྲ་འདུལ་ལགས་སུ་གཡུ་ཐོག་གཟེངས་རྟགས་ཐོབ།

ཕྱི་ལོ་ ༢༠༢༦ ལོའི་གཡུ་ཐོག་གཟེངས་རྟགས་ཐོབ་པའི་སྨན་པ་རྡོ་རྗེ་དགྲ་འདུལ་ལགས་ནི་རྒྱ་གར་བྱང་ཐང་ལ་དྭགས་སུ་ཕྱི་ལོ་ ༡༩༦༥ ཟླ་ ༧ ཚེས་ ༡ ཉིན་འཁྲུངས་ཤིང༌། ཆུང་དུས་བོད་ཕྲུག་ཁྱིམ་སྡེར་གཞི་རིམ་སློབ་སྦྱོང་གནང་།  ཕྱི་ལོ་ ༡༩༨༨ ལོར་དྷ་རམ་ས་ལའི་བོད་ཀྱི་སྨན་ རྩིས་ཁང་གི་སློབ་ཐོན་སྐབས་དྲུག་པའི་ཁོངས་ནས་སྨན་པ་དཀའ་བཅུ་བ་ཐོན། ཕྱི་ལོ་ ༡༩༩༦ ལོ་ནས་ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་བ་རིག་པའི་སྡེ་ཚན་དུ་སློབ་དགེའི་ལས་འཁུར་ཞུས་དང་ཞུ་མུས་ཡིན་ཞིང་། ཁོང་གིས་འདས་པའི་མི་ལོ་ཧྲིལ་པོ་སུམ་ཅུ་ལྷག་ཙམ་རིང་ཤེས་ཡོན་སྡེ་ཁག་འདྲ་མིན་ནང་དགེ་རྒན་དང་། ལས་ཞོར་དུ་གསོ་བ་རིག་པའི་རྒྱུད་བཞིའི་འགྲེལ་པ་དེབ་ཕྲེང་བཅུ་གཉིས་ཙམ་རྩོམ་སྒྲིག་དང་དཔར་སྐྲུན་ཞུས་ཟིན་འདུག

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༤ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༤ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese