མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་དུ་གསུམ་བཅུའི་དུས་དྲན་དང་འབྲེལ་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ།

བོད་ཀྱི་དུས་བབ།
༢༠༢༦/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁྲིན་ཁྲོ་ཙུའུ་ལགས་ཀྱིས་ཉིན་གཅིག་ཐའེ་ཝན་ནང་བོད་ནང་བཞིན་དཀའ་ངལ་འཕྲད་སྲིད་པ་དེ་ཤེས་ཀྱི་མེད་མདོག་བྱས་ན་འགྲིག་གི་མེད་སྐོར་གསུངས་འདུག

ཡང་སྲིད་ངོས་འཛིན་བདག་དབང་བརྟན་སྲུང་དང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་ངོ་རྒོལ་ཞེས་པའི་གསར་འགོད་གསར་བསྒྲགས་སྤེལ། པར་འབྲེལ་ཡོད་མཁོ་སྤྲོད་གནང་།

བོད་ཀྱི་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བ་དང་བསྟུན། དེ་རིང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་གྲོས་ཚོགས་ཁང་གི་མདུན་དུ། བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག ཡང་སྲིད་ངོས་འཛིན་བདག་དབང་བརྟན་སྲུང་དང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་ངོ་རྒོལ་ཞེས་པའི་གསར་འགོད་གསར་བསྒྲགས་ཤིག་སྤེལ་ཡོད་ཅིང་། ཚོགས་ཐོག་ཏུ་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁྲིན་ཁྲོ་ཙུའུ་ (Chen chao tzu) ལགས་དང་། ས་གནས་གྲོས་ཚོགས་འཐུས་མི་ལིན་ལིང་ཁྲོན་ (lin liang chun) ལགས། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས། ཐའེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་དཀོན་མཆོག་ལྷག་པ་ལགས། དེ་བཞིན་ཐའེ་ཝན་གྱི་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད་འདུག

དེའི་སྐོར་ལ་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། གསར་འགོད་གསལ་བསྒྲགས་དེ་ནི་འདི་ལོའི་ཐའེ་པེའི་གསུམ་བཅུ་དུས་དྲན་གྱི་གོམ་བགྲོད་ཆེད་དུ་དམིགས་པ་ཞིག་ཡིན། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་མི་མང་འཛོམས་ས་ནས་མགོ་བཙུགས་ཏེ་ཐའེ་ཝན་གྱི་ཁང་རྩེག་མཐོ་ཤོས་མདུན་བར་དུ་གོམ་བགྲོད་བྱ་རྒྱུ་ཡིན། རྒྱལ་ཁབ་གཞན་དུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སྐད་འབོད་ཞུ་སྲོལ་ཡོད་ཀྱང་། ཐའེ་ཝན་དུ་རྒྱ་ནག་གཞུང་གི་ལས་ཁུངས་མེད་པས།ཐའེ་ཝན་ཡོད་པའི་རྒྱ་ནག་གི་དངུལ་ཁང་གི་མདུན་དུ་སྐད་འབོད་ཞུ་ཡི་ཡོད། ཁང་རྩེག་མཐོ་ཤོས་འདིའི་མདུན་དུ་རྒྱ་ནག་གི་ཡུལ་སྤྲོ་འཆམ་པ་མང་པོ་འཛོམས་ཡོད་པ་དམིགས་ནས་ལས་འགུལ་སྤེལ་གྱི་ཡོད། ཅེས་དང་། བོད་དང་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་ཐོག་མར་བཙུགས་པའི་དམིགས་ཡུལ་དེ་བོད་པའི་འཐབ་རྩོད་དང་བདེན་མཐའ་གསལ་བའི་ཆེད་དུ། ལངས་ཕྱོགས་གང་ཡིན་ཡང་དབྱེ་བ་མེད་པའི་ཐོག་ནས་༧གོང་ས་མཆོག་གི་བཀའ་དགོངས་ཅི་སྒྲུབ་གནང་མཁན་ཡིན་ཚེ། ང་ཚོའི་ངོས་ནས་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཞུ་བཞིན་ཡོད། དེ་ཡང་ལོ་བཅུའི་རིང་བོད་ཀྱི་བུད་མེད་ཚོགས་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་སུ་ཕྱག་རོགས་ཞུ་ཐུབ་པ་དེ་ཞུས་ཡོད། བོད་ཀྱི་རྩ་དོན་ཆེད་ལངས་ཕྱོགས་དབྱེ་བ་མེད་པའི་ཐོག་ཁ་ཞེ་གཉིས་མེད་ཀྱི་ཕྱག་ལས་གནང་མཁན་ཡིན་ཚེ་མུ་མཐུད་དུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།

སྐབས་དེར་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁྲིན་ཁྲོ་ཙུའུ་ལགས་ཀྱིས། རྒྱ་གཞུང་གིས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་སོགས་རྩ་གཏོར་གཏོང་པའི་ལས་འགུལ་མང་པོ་སྤེལ་བཞིན་ཡོད་པ་ལྟར། ཐའེ་ཝན་ནང་དུའང་རྒྱ་ནག་གིས་ཤུགས་རྐྱེན་མང་པོ་ཐེབས་བཞིན་ཡོད་པས། བོད་དོན་ཐོག་དཀའ་ངལ་འཕྲད་བཞིན་པ་དེ་རང་ཉིད་ཀྱི་དཀའ་ངལ་ཡིན་བསམ་སྟེ། ཐའེ་ཝན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག དེ་བཞིན་མི་མང་ཡོངས་ཀྱིས་བོད་དོན་ཐོག་དོ་སྣང་བྱས་ནས་ནུས་པ་མཉམ་སྤུངས་བྱ་དགོས་རྒྱུ་གལ་ཆེན་པོ་རེད། ཉིན་གཅིག་ཐའེ་ཝན་ཐོག་བོད་ནང་བཞིན་དཀའ་ངལ་འཕྲད་སྲིད་པ་ཞིག་ཡིན་པས། ད་ལྟ་མིག་མཐོང་ལག་ཟིན་ཡིན་པ་དེ་ཤེས་ཀྱི་མེད་མདོག་བྱས་ཏེ་བསྡད་ན་འགྲིག་གི་མེད་སྐོར་གསུངས་འདུག

བོད་དོན་ཐོག་རྒྱུན་རིང་རྒྱབ་སྐྱོར་བྱེད་མཁན་ཐའེ་པེ་ས་གནས་གྲོས་ཚོགས་འཐུས་མི་ལིན་ལིང་ཁྲོན་ལགས་ཀྱིས། འདས་ལོའི་ཕྱི་ཟླ་ ༧ ཚེས་ ༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ ༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་ཡོད་པ་དེར། རྒྱ་ནག་གཞུང་གིས་གནས་ཚུལ་འདྲ་མིན་སྤེལ་བྱེད་བཞིན་ཡོད་ཀྱང་། ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ས་གནས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་ཡོད།  དེ་བཞིན་ཐའེ་ཝན་མི་མང་ཡོངས་ཀྱིས་བོད་དོན་ཐོག་དམིགས་བསལ་ཐུགས་སྣང་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་འདུག།

ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། འདི་ལོའི་གསུམ་བཅུའི་དུས་དྲན་དེ་བོད་མིའི་རང་དབང་སྒེར་ལངས་བྱུང་ནས་ལོ་ངོ་ ༦༧ འཁོར་བཞིན་ཡོད་ཅིང་། དེ་ནི་རྒྱལ་སྤྱི་སྤྱི་ཚོགས་སོགས་སུ་འབོད་སྐུལ་ཞུས་པ་ཙམ་མ་ཡིན་པར་བོད་མི་རྣམས་ཀྱིས་དཀའ་སྡུག་མང་པོ་ཞིག་མྱངས་ཡོད། དེ་རིང་ང་ཚོས་རང་དབང་དང་དམངས་གཙོའི་ཆེད་དུ་སྐད་འབོད་བྱེད་བཞིན་ཡོད་ལ། དེ་ཡང་ཐའེ་ཝན་གྱི་མི་མང་དང་སྤྱི་ཚོགས་སུ་དྲན་སྐུལ་བྱེད་བཞིན་ཡོད། བོད་དང་ཤར་ཏུར་ཁི་སི་ཐན། སོག་པོ་སོགས་རྒྱ་ནག་གི་མནར་གཅོད་འོག་ཡོད་པའི་དཔེ་མཚོན་ལྟ་བུ་ཞིག་ཆགས་ཡོད། ཐའེ་ཝན་མི་མང་གིས་ད་ལྟ་མཐོང་བཞིན་པའི་བོད་ཀྱི་གནས་སྟངས་ལ་བསམ་བློ་ཡག་པོ་བཏང་སྟེ། མ་འོངས་བའི་ཐའེ་ཝན་གྱི་གནས་སྟངས་ཡར་རྒྱས་སུ་གཏོང་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་འདུག

དེ་བཞིན་གཞུང་ཁོངས་མིན་པའི་སྐུ་ཚབ་ཡང་ཚུན་ལི་(yang Tsung li) ལགས་ཀྱིས། བོད་ཀྱི་ལོ་རྒྱུས་ནང་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་བོད་རང་བཙན་བསྐྱར་གསོ་གསལ་བསྒྲགས་གནང་ཡོད་ཅིང་། དེའི་ཐོག་ནས་བོད་ལ་རང་བཙན་དང་དམངས་གཙོའི་ཐོབ་ཐང་ཡོད་པ་ཤེས་རྟོགས་ཐུབ་ཀྱི་འདུག ད་ལྟའི་ཆར་རྒྱ་ནག་གི་མནར་གཅོད་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་བོད་དང་ཤར་ཏུར་ཁི་སི་ཐན་སོགས་ཐའེ་ཝན་ནང་དུ་ཡོང་སྟེ་རྒྱའི་སྐད་ཡིག་ཐོག་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད། དེ་ནི་ཐའེ་ཝན་ནང་དུ་རང་དབང་ཡག་པོ་ཡོད་པ་ལ་བརྟེན་ནས་འབྱུང་བཞིན་ཡོད་པ་ཞིག་རེད། ཐའེ་ཝན་གྱི་མ་འོངས་བའི་རང་དབང་ཐོག་བསམ་བློ་གཏོང་དགོས་ཚེ། ད་ལྟ་ནས་མགོ་བརྩམས་ཏེ་བོད་དོན་ཐོག་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༦ ལོར་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་བཙུགས་ཤིང་། འབྲེལ་མཐུད་ཁང་གི་རྒྱུན་ལས་ཕལ་ཆེ་བ་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་འགན་འཛིན་ཆགས་ཡོད། ལས་འགུལ་འདིའི་ནང་དུ་གཞུང་ཁོངས་མིན་པའི་ཚོགས་པ་ ༡༢ ལྷག་མཉམ་ཞུགས་གནང་གི་ཡོད་ཅིང་། མཉམ་ཞུགས་པ་ཕལ་མོ་ཆེ་སློབ་ཆེན་གྱི་དགེ་རྒན་དང་གཞོན་སྐྱེས་ཡིན་པ་མ་ཟད། ཉི་ཧོང་གི་མི་ཁག་ཅིག་ཀྱང་མཉམ་ཞུགས་བྱས་ཡོད་འདུག་ལ། ལས་འགུལ་སྤེལ་ཐེངས་རེར་མི་གྲངས་ ༢༠ ནས་ ༣༠ བར་མཉམ་ཞུགས་བྱེད་ཀྱི་ཡོད་འདུག གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་ནང་བོད་མི་ཚོས་དམངས་གཙོ་ལོངས་སུ་སྤྱོད་བཞིན་ཡོད་པ་ངོ་སྤྲོད་དང་། བོད་དང་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། རང་དབང་མེད་པར་གདུག་རྩུབ་དང་མནར་གཅོད་གཏོང་བཞིན་ཡོད་པའི་གནས་སྟངས་རྣམས་རྒྱ་ནག་ནས་ཡོང་བའི་རྒྱ་མི་དང་། ཐའེ་ཝན་མི་མང་ནང་གོ་རྟོགས་སྤེལ་བཞིན་ཡོད་པ་ཞིག་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese