མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱ་གར་གྱི་མངའ་སྡེ་ཨ་རི་ན་ཅལ་གྱི་ས་ཁོངས་ལ་མིང་བསྒྱུར་གསར་བའི་ས་ཁམས་ཆབ་སྲིད་ཀྱི་གཡོ་ཐབས་གཤོམ་བཞིན་པར་རྒྱ་གར་གཞུང་གིས་བརྡ་ལན་ཚ་སློག་བྱས་འདུག

Arunachal Pradesh on Google Maps.

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གནད་དོན་དེའི་ཐད་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས། རྒྱ་ནག་གཞུང་གིས་ས་ཁུལ་གྱི་མིང་རྫུན་བཟོ་དང་གཞི་མེད་ཀྱི་འགྲེལ་བརྗོད་སྣ་ཚོགས་བྱས་ཏེ། ས་ཁོངས་ཀྱི་བདག་དབང་ཡོད་ཐབས་སྟོན་བཞིན་པ་དེས་ས་ཁུལ་དེ་དག་ཨ་རུ་ན་ཅལ་གྱི་མངའ་ཁོངས་ཡིན་པའི་དོན་དངོས་ལ་འགྱུར་བ་གཏོང་མི་ཐུབ་ཅེས་དང་། རྒྱ་ནག་གི་དམིགས་ཡུལ་ངན་པའི་བྱ་སྤྱོད་དེ་དག་ལ་ངོས་ལེན་མེད་པ་མ་ཟད། གནད་དོན་དེས་རྒྱ་དཀར་ནག་གཉིས་བར་གྱི་མཉམ་འབྲེལ་ལ་ཁྱད་གསོད་གཏོང་གི་ཡོད་པས། རྒྱ་ནག་གིས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་གཏོར་བརླག་གཏོང་བའི་བྱ་སྤྱོད་དེའི་རིགས་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བྱས་འདུག

རྒྱ་གར་གཞུང་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་ལམ་རྒྱ་ནག་གཞུང་གིས་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་གྱི་ས་ཁུལ་ ༢༣ ལ་མིང་གསར་བ་བཏགས་ཡོད་ཅིང་། དེ་ནི་འདས་པའི་ལོ་ངོ་བཅུའི་རིང་རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེ་དེ་བོད་ཀྱི་ལྷོ་རྒྱུད་དམ་ཡང་ན་ལྷོ་མོན་ཡུལ་ཞེས་པའི་ས་ཁོངས་སུ་བཅུག་པ་ཐེངས་དྲུག་པ་ཆགས་འདུག་ལ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་མིང་བཏགས་པའི་ས་ཁུལ་དེ་དག་ཨ་རུ་ན་ཅལ་མངའ་ཁོངས་ཀྱི་ས་ཁུལ་གང་དག་ཡིན་མིན་དང་མིང་ཇི་ལྟར་བཏགས་ཡོད་མེད་སོགས་ཡོངས་གྲགས་ཐོག་གསལ་ཁ་མི་འདུག

ད་ཐེངས་ད་དུང་རྒྱ་ནག་གཞུང་གིས་ཤར་ཊུ་ཀི་སི་ཐན་དང་ལ་དྭགས་བར་ཆགས་པའི་(Karakoram) རི་རྒྱུད་དུ་མིང་ལ་སན་ལིང་  (Cenling) ཞེས་པའི་རྫོང་ཁུལ་གསར་བ་ཞིག་བཙུགས་ཡོད་ཅིང་། རྒྱ་གར་གཞུང་གིས་དེ་ནི་ལ་དྭགས་ཀྱི་མངའ་ཁོངས་ཡིན་པས། རྒྱ་ནག་གཞུང་གིས་འདས་པའི་ལོ་གཅིག་ལྷག་ཙམ་གྱི་རིང་ལ་དྭགས་ཀྱི་ས་ཁོངས་ཡིན་པའི་(Karakoram) རི་རྒྱུད་དུ་ཤར་ཊུ་ཀི་སི་ཐན་གྱི་མངའ་ཁོངས་ཡིན་ཤག་གིས་ཧེ་ཡེན་(Hean) དང་ཧེ་གང་(Hekang) དེ་བཞིན། སན་ལིང་ (Cenling) བཅས་རྫོང་གསུམ་གསར་དུ་བཙུགས་པར་ངོ་རྒོལ་ཡོད་པའི་སྐྱོན་བརྗོད་དྲག་པོ་བྱས་འདུག

རྒྱ་གཞུང་གིས་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེ་ནི་བོད་ཀྱི་ལྷོ་མོན་ས་ཁུལ་ཡིན་པས་རྒྱ་ནག་གི་མངའ་ཁུངས་ཡིན་ལུགས་ཀྱི་འཁྱོག་བརྗོད་ལན་མང་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༧ དང་ ༢༠༢༡། ༢༠༢༣། ༢༠༢༤ དང་ ༢༠༢༥ བཅས་སུ་ཨ་རུ་ནཱ་ཅལ་གྱི་ས་གནས་མང་དག་ཅིག་ལ་མིང་གསར་བ་བཏགས་ནས། ཁུལ་དེའི་རི་ཆུ་ནགས་གསུམ་གྱི་མིང་བསྒྱུར་ཐབས་བྱས་ཡོད་ཅིང་། དེའི་ཁྲོད་ཧ་དོང་ལ་ཟེར་བ་དང་། ཁྲི་ལམ་ཚོ། འབེ་རྩེ་གླིང་། མཁར་མང་ཆུ། མག་སྒོ། རླི་ཚོ། འཁྱགས་བཏུམ་རི། འབྲས་སྤྲུངས་རི། མཐོ་ལྕོག་རི། བདེ་པོ་རི། ཅི་ལོ། མཐོ་པོ་ལ། ཨ་ཤིང་རྩེ་ལ། སྤྲིན་དཀར་ལ། སྤང་སྒོར། མོ་ཤིང་། ཀུན་རིན། རིན་རྐང་། རྟ་སྒ་ལ། གཡང་བཟང་ཆུ། ཉ་མོ་རི་ཆུ། ཆུ་སྒང་། རྡོ་རི། ལུང་འགོ་ཁ་ལ། སྤང་ཁུག་ཆུ་འཛོམས། སོ་ལྟ་མཚོ། ད་བུ་ཧོ་གོང་། ཟླ་བ་སྒང་། གཉའ་ཨ་ཤ་བི་ལ་ཆུ། སྟ་ཀ་ཤིང་ཟེར་བ་སོགས་ལ་མིང་གསར་པ་བཏགས་ཡོད་འདུག

རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ས་མིང་དོ་དམ་ལྷན་ཁང་ཟེར་བས་བོད་ལྷོ་རྒྱུད་ཁུལ་གྱི་ས་ཁུལ་ཁག་ཅིག་ལ་མིང་བཏགས་ནས།  རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་ ༢༦ ལྷག་བོད་མཚོ་སྣ་རྫོང་དང་ལྷུན་རྩེ་རྫོང་། རྫ་ཡུལ་རྫོང་། མེ་ཏོག་རྫོང་བཅས་ཀྱི་ཁོངས་སུ་བཅུག་ཡོད་ལ། དེ་བཞིན་ཕྱི་ལོ་ ༢༠༡༧  ཟླ་ ༤ ཚེས་  ༡༩ ཉིན་རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་ཁུལ་གྱི་ཨོ་རྒྱན་གླིང་དང་མི་ལ་རི། མཆོད་རྟེན་དཀར་པོ་རི། སྨན་ཆུ་ཁ། པུས་མོའི་ལ། ནམ་མཁའ་ཕུབ་རི་བཅས་ཀྱང་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་ཀྱི་དྲིལ་བསྒྲགས་བྱས་ཡོད་པ་མ་ཟད། གྷོ་གྷུལ་ (Google) སོགས་སུའང་ནང་འཇུག་བྱས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese