མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

བོད་ཀྱི་དུས་བབ།
༢༠༢༦/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

བརྟན་བཞུགས་བསྟར་འབུལ་ཞུ་མཁན་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ཤར་སྐྱོད་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པ་ལས་དམ་ཚིག་གཙང་མ་མེད་ན་བརྟན་བཞུགས་ཕུལ་མ་ཕུལ་མེད་སྐོར་སོགས་བརྗོད་བྱུང་།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༤།༢༢

དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པ་གཉིས་ཀྱིས། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་ལ། བརྟན་བཞུགས་བསྟར་འབུལ་ཞུ་ཆེད་བལ་ཡུལ་གློ་སྒྲིག་བདེ་དོན་ཚོགས་པའི་ཚོགས་མི་ ༢༧༠ ལྷག་བཞུགས་སྒར་དྷ་རམ་ས་ལར་བཅར་འདུག

བརྟན་བཞུགས་གྲུབ་རྗེས་མདོ་སྟོད་ཆོལ་ཁའི་དབུས་རྒྱུན་གྱི་ཚོགས་གཙོ་བསྟན་འཛིན་ལགས་ཀྱིས་གསར་འགོད་པར།  ང་ཚོས་ད་ལན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཟའ་ལྷག་པའི་ཉིན་བརྟན་བཞུགས་ཕུལ་རྒྱུ་བྱུང་བ་ཡག་པོ་ཞེ་དྲགས་བྱུང་སོང་། ད་ལན་གྱི་བརྟན་བཞུགས་ཆེད་མི་གྲངས་ ༡༨༠ ཆེད་བཅར་ཞུས་ཡོད་ལ། ད་ལན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༡༣༥ བར་བཞུགས་རྒྱུ་དང་། གང་མགྱོགས་བོད་ལ་ཞབས་སོར་བདེ་བར་འཁོད་ཆེད་སྨོན་ལམ་བཏབ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡིན། ཞེས་དང་། ཁ་སང་མདོ་སྟོད་ཆོལ་ཁའི་བརྟན་བཞུགས་ནང་མཉམ་ཞུགས་གནང་མཁན་རྣམས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཏེ། མགོན་པོ་གང་ཉིད་དགུང་གྲངས་ ༡༣༥ ལྷག་བཞུགས་པ་དང་བོད་ལ་མྱུར་དུ་ཕེབས་རྒྱུའི་སྐྱབས་འཇུག་ཞུས་པ་ཡིན་ལ། ཐུགས་མཉེས་པོ་ཞེ་དྲགས་གནང་བྱུང་། ཞེས་བརྗོད་བྱུང་། 

ཡང་ཁོང་གིས། དང་ཐོག་བརྟན་བཞུགས་དེ་གང་འདྲ་ཡོང་མིན་དང་། གྲ་སྒྲིག་གང་འདྲ་ཡོང་གི་ཡོད་ན་བསམས་ནས་སེམས་ཁྲལ་ཞེ་དྲགས་བྱུང་ནའང་། བརྟན་བཞུགས་དེ་གྲ་འགྲིག་པོ་དང་ཡག་པོ་ཞེ་དྲགས་ཆགས་སོང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་དགོས་ཀྱི་ཡོད་ན། བོད་མི་ཚང་མའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་བྱས་ན་ཡག་པོ་ཞེ་དྲགས་རེད། བརྟན་བཞུགས་ཕུལ་བ་ལས་གལ་ཆེ་བ་དེ་དམ་ཚིག་བསྲུང་རྒྱུ་དེ་གལ་ཆེན་པོ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་གཞིར་བཟུང་འགྲོ་ཐུབ་པ་དང་། གང་གསུངས་པ་དེ་བཞིན་ཤར་སྐྱོད་གནང་ཐུབ་རྒྱུ་སོགས། དམ་ཚིག་དགོས་རྒྱུ་དེ་དཔེ་གལ་ཆེན་པོ་རེད། དམ་ཚིག་མེད་པ་ཡིན་ན་བརྟན་བཞུགས་ཕུལ་མ་ཕུལ་ཡོད་མ་རེད། ཅེས་བརྗོད་བྱུང་།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༤།༢༢

གློ་སྒྲིག་བདེ་དོན་ཚོགས་པའི་ཚོགས་གཙོ་བྱམས་པ་ཚེ་རིང་ལགས་ཀྱིས། ད་ལན་བརྟན་བཞུགས་ཆེད་གློ་སྒྲིག་འཛུགས་ནས་མི་གྲངས་ ༢༧༥ ཡོང་ཡོད་པའི་ཁྲོད།  བལ་ཡུལ་སྤོག་ར་ས་གནས་ནས་ཕེབས་མཁན་ ༡༠༥ ཡོད། ད་ལྟ་བརྟན་བཞུགས་དེ་ཕུལ་ཚར་རྗེས་བློ་བདེ་པོ་ཞེ་དྲགས་བྱུང་། བརྟན་བཞུགས་དེ་ལས་དོན་གལ་ཆེན་པོ་ཞིག་ཡིན་པས་གང་འདྲ་ཆགས་ཡོང་བསམ་པའི་སེམས་ཁྲལ་བྱུང་ལ། ལྷག་པར་ང་ཚོ་ས་ཐག་རིང་པོ་ནས་ཡོང་དགོས་པ་དང་། འདིར་བསླེབས་རྗེས་མི་མང་པོ་ཞིག་ལ་བཞུགས་ས་སོགས་གྲ་སྒྲིག་བྱ་དགོས་པས་སེམས་འཚབ་ཞེ་དྲགས་བྱུང་ནའང་། ཕྱོགས་ཡོངས་ནས་གྲ་སྒྲིག་ཡག་པོ་ཞིག་བྱུང་བ་མ་ཟད། དེ་རིང་བརྟན་བཞུགས་དེའང་ལེགས་འགྲུབ་ཟིན་སོང་། ད་ལན་གློ་སྒྲིག་གིས་རྒན་འཁོགས་རྣམས་ཀྱིས་རེ་བ་དང་སྨོན་འདུན་ཞུས་པ་བཞིན། རྒན་འཁོགས་དཔེ་མང་པོ་ཞིག་འཁྲིད་ཡོང་ཡོད་པས། ཁོང་ཚོའི་རེ་བ་དང་སྨོན་འདུན་དེ་འགྲུབ་ཐུབ་པས་དགའ་པོ་ཞེ་དྲགས་བྱུང་། ཞེས་དང་། སྤྱིར་བརྟན་བཞུགས་ནི་བླ་མ་སྐུ་ཚེ་ཡུན་རིང་བརྟན་ཆེད་གསོལ་འདེབས་ཞུ་ཡི་ཡོད་རེད། དེང་སང་འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུ་མཚོན་པའི་ཕྱོགས་གང་ཅིའི་ཐད་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མེད་པ་ཡིན་ན་དཔེ་མི་སྲིད་པའི་དཀའ་ལས་ཁག་པོ་ཞིག་ཆགས་བསྡད་ཡོད་རེད་ལ། ལྷག་པར་བོད་བསྟན་པ་ཆབ་སྲིད་དང་། གཉན་འཕྲང་ཅན་གྱི་དུས་སྐབས་འདི་འདྲ་ཞིག་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་དགོས་པས། ངའི་ངོས་ནས་བརྟན་བཞུགས་ཕུལ་བ་དེ་རྒྱུ་མཚན་ལྡན་པ་དང་གལ་ཆེན་པོ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་། 

ཁ་སང་ཕྱི་ཚེས་ ༢༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བརྟན་བཞུགས་ལ་བཅར་བའི་གློ་སྒྲིག་གི་ཚོགས་མི་རྣམས་ཀྱིས་མཇལ་བཅར་ཞུ་རྒྱུ་ཡིན་འདུག དེ་བཞིན་དགའ་ལྡན་ཕོ་བྲང་གི་དྲ་རྒྱར་གསལ་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཆར་ལྟར་ན། ཕྱི་ཟླ་ ༥ ཚེས་ ༢༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། ཧི་མ་ལ་ཡ་ནང་པའི་རིག་གཞུང་མཐུན་ཚོགས་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

ཆུ་ཚོད་ ༧ སྔོན་ལ།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese