མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་ཀྱིས་རྒྱ་གཞུང་གི་ཁྲིམས་ཡིག་གསར་པར་སྐྱོན་བརྗོད་བྱས།

བོད་ཀྱི་དུས་བབ།
༢༠༢༦/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པས་རྒྱ་གཞུང་གི་ཁྲིམས་ཡིག་གསར་པ་དེས་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་ཐོབ་ཐང་དང་གྲངས་ཉུང་མི་རིགས་ལ་གནོད་སྐྱོན་བཟོས་ཡོད་པའི་སྐྱོན་བརྗོད་བྱས།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་ཚོགས་ཆུང་གིས་ཉེ་ལམ་རྒྱ་ནག་གཞུང་གིས་གསར་དུ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་ཟེར་བ་དེའི་སྐོར་ལ་བསྒྲགས་གཏམ་ཞིག་སྤེལ་ཡོད་ཅིང་། རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་རྣམས་ཀྱིས་རྒྱ་གཞུང་གི་ཁྲིམས་ཡིག་གསར་པ་དེས་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་ཐོབ་ཐང་དང་གྲངས་ཉུང་མི་རིགས་ལ་གནོད་སྐྱོན་བཟོས་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག

བསྒྲགས་གཏམ་དེའི་ནང་། མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་ཟེར་བ་དེས་རྒྱ་ནག་གི་ས་གནས་ཡོངས་ཀྱི་མི་རིགས་བར་མཐུན་སྒྲིལ་ཡོང་རྒྱུར་ཉེན་ཁ་བཟོ་སྲིད་པ་མ་ཟད། ཁྲིམས་ཡིག་དེ་ལག་བསྟར་བྱས་ཚེ་བོད་དང་། ཡུ་གུར། སོག་པོ་བཅས་ཀྱི་གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་ཀྱི་གནས་སྟངས་ཐོག་ཤུགས་ཆེན་ཚབས་ཆེན་ཐེབས་རྒྱུ་རེད། ཅེས་དང་། ཁྲིམས་ཡིག་དེའི་དོན་ཚན་དང་པོའི་ནང་དུ་རྩ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་ནས་མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་གོང་འཕེལ་གཏོང་ཆེད་བཟོས་པ་ཡིན་ཞེས་བཀོད་ཡོད་ལ།  ཁྲིམས་ཡིག་དེའི་ཆ་རྐྱེན་ཁ་ཤས་རྩ་ཁྲིམས་དང་འགལ་བ་མཐོང་གི་འདུག ལྷག་པར་དུ་དོན་ཚན་བཞི་པའི་ནང་མི་རིགས་ཚང་མས་རང་ཉིད་ཀྱི་སྐད་དང་ཡི་གེ་རང་དབང་ཐོག་ཡར་རྒྱས་གཏོང་བར་འོས་འགན་ཡོད་པ་དང་། དོན་ཚན་ལྔ་པའི་ནང་རྒྱལ་ཁབ་ཀྱི་མི་སེར་ཚང་མ་ཁྲིམས་ཀྱི་མདུན་དུ་འདྲ་མཉམ་ཡིན་པ་དང་། མི་རིགས་དབྱེ་འབྱེད་དང་གཉའ་གནོན་བྱེད་མི་ཆོག་པའི་སྐོར་གྱི་ཁས་ལེན་བྱས་ཡོད་ཀྱང་། དོན་ཚན་གཞན་ཁ་ཤས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་དང་མཐུན་གྱི་ཡོད་མེད་དོགས་པ་བྱུང་ཡོད། ཅེས་བཀོད་འདུག

ཡང་བསྒྲགས་གཏམ་དེའི་ནང་། ང་ཚོས་ཁྲིམས་ཡིག་འདིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་གསོར་བཀག་རྒྱ་བྱེད་སྲིད་པ་མཐོང་གི་ཡོད། དོན་ཚན་ ༡༥ པའི་ནང་རྒྱ་ནག་གཞུང་གི་སྤྱི་སྐད་དང་ཡི་གེ་ཁྱབ་སྤེལ་གཏོང་རྒྱུར་སྐུལ་འདེད་གང་ལེགས་བྱ་དགོས་པ་དང་། སློབ་གྲྭ་དང་ཤེས་ཡོན་ལྟེ་གནས་ཁང་ཡོངས་སུ་རྒྱའི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། དེ་ནི་ དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་ ༣༧ པའི་ནང་གཏན་འབེབས་བྱས་པའི་ཐོབ་ཐང་དང་འགལ་བ་ཆགས་ཡོད། དེའི་ནང་སློབ་གྲྭ་ཁག་ཏུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་སློབ་དེབ་བཀོལ་སྤྱོད་ཀྱིས་སློབ་ཁྲིད་ཀྱི་བརྒྱུད་ལམ་བྱེད་དགོས་པ་གཏན་འབེབས་བྱས་ཡོད། ཁྲིམས་ཡིག་གསར་པའི་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དེ་རྒྱ་སྐད་ཀྱི་འོག་ཏུ་གནས་དགོས་པའི་གོ་རིམ་ཞིག་གཏན་འབེབས་བྱས་ཡོད། དེ་ནི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་སློབ་གསོ་སྤེལ་མཁན་དང་ཕ་མ་སོགས་བཀག་སྡོམ་བྱ་སྲིད་པའི་ཉེན་ཁ་ཞིག་མཐོང་གི་ཡོད། ཅེས་གསལ་འདུག

དེ་བཞིན་ཁྲིམས་ཡིག་དེའི་ནང་ཆོས་ལུགས་ཀྱི་རང་དབང་དང་ཡིད་ཆེས་ལ་ཚོད་འཛིན་བྱེད་པའི་ཉེན་ཁ་ཡོད་པ་ཞིག་མཐོང་གི་ཡོད། དོན་ཚན་ ༤༦ པའི་ནང་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གྲྭ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སའི་ས་གནས་ཁག་གིས་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བའི་ཁ་ཕྱོགས་སུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཕན་ཚུན་འཆམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས་པ་བཤད་ཡོད། དེས་ཆོས་ལུགས་དང་དད་པའི་རང་དབང་མེད་པ་བཟོ་བཞིན་ཡོད་ལ།  ཆོས་ལུགས་དང་དད་པའི་ཉམས་ལེན་དེ་རྒྱལ་ཁབ་ཀྱིས་བསྒྲགས་པའི་བཀའ་རྒྱའི་ནང་དོན་དང་མཐུན་དགོས་ཀྱི་ཡོད་པས། སྤྱི་ཚོགས་དང་མི་སྒེར་གྱི་ཐོག་ནས་ཆོས་ལུགས་ལ་དད་པ་དང་ཉམས་ལེན་བྱེད་མཁན་ཚང་མར་ཐེ་གཏོགས་བྱེད་ཀྱི་ཡོད། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་ ༡༡ པ་དང་འགལ་ཡོད།  དེའི་ནང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་མི་མང་ལ་ཆོས་དད་རང་མོས་ཀྱི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ་ཞེས་གསལ་ཡོད་སྐོར་བཀོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་རྣམས་ཀྱིས་མི་རིགས་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག་ཟེར་བའི་གནད་དོན་ཐོག་བསྒྲགས་གཏམ་སྤེལ་བ་དགའ་བསུ་ཞུས་པ་ཡོད་པ་དང་། ཁྲིམས་ཡིག་དེ་ནི་མི་རིགས་རྩ་མེད་བཟོ་བའི་བཙན་ཤེད་ཀྱི་བྱེད་ཐབས་ཤིག་ཡིན་པས།  རྒྱ་ནག་གཞུང་གིས་ཁྲིམས་ཡིག་དེ་ལག་བསྟར་བྱེད་རྒྱུ་མཚམས་འཇོག་དགོས་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་དང་མཐུན་པའི་བསྐྱར་བཅོས་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་སྟེང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༣

ཐེངས་འདིའི་བསྒྲགས་གཏམ་ཁྲོད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་དམིགས་བསལ་སྙན་སྒྲོན་པ་སློབ་དཔོན་ནི་ཁོ་ལཱ་སི་ལེ་ཝ་ར་ཏི་(Prof. Nicolas Levrat) ལགས་དང་། རིག་གཞུང་གི་ཐོབ་ཐང་ཐོག་དམིགས་བསལ་སྙན་སྒྲོན་པ་ཨེ་ལེ་ཛན་ཌར་ཤན་ཏཱ་ཀི་(Alexandra Xanthaki) ལགས། ཡར་རྒྱས་ཐོབ་ཐང་གི་དམིགས་བསལ་སྙན་སྒྲོན་པ་སུར་ཡ་དྷི་བ་(Surya Deva) ལགས། ཤེས་ཡོན་ཐོབ་ཐང་གི་དམིགས་བསལ་སྙན་སྒྲོན་པ་ཧྥ་རི་ཌ་ཤཱ་ཧེད་ (Farida Shaheed) ལགས། བསམ་ཚུལ་དང་བརྗོད་པ་རང་དབང་གི་དམིགས་བསལ་སྙན་སྒྲོན་པ་ཨའི་རིན་ཁཱན་(Irene Khan) ལགས། ཞི་བའི་འདུ་འཛོམས་དང་མཐུན་ཚོགས་ཀྱི་རང་དབང་གི་དམིགས་བསལ་སྙན་སྒྲོན་པ་ཇི་ནཱ་རོ་མེ་རོ་(Gina Romero) ལགས། འོས་འཚམ་གྱི་སྡོད་ཁང་དང་དབྱེ་འབྱེད་མེད་པའི་ཐོབ་ཐང་གི་དམིགས་བསལ་སྙན་སྒྲོན་པ་བྷི་ལེ་ཁི་ཁི་རི་ཤན་ནན་རཱ་ཇཱ་གྷོ་པཱལ་ (Balakrishnan Rajagopal) ལགས། ཆོས་དད་རང་དབང་གི་དམིགས་བསལ་སྙན་སྒྲོན་པ་ནཱ་ཟི་ལཱ་གྷ་ནེ་ཡ་ (Nazila Ghanea) ལགས་བཅས་ཀྱིས་མཚན་རྟགས་བཀོད་ཡོད་འདུག

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བའི་ཐོག་གཏན་འབེབས་བྱས་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་རྒྱལ་ཡོངས་སུ་དངོས་སུ་ལག་བསྟར་བྱ་རྒྱུ་བསྒྲགས་ཡོད་འདུག གནད་དོན་དེའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་སྟེང་འཛིན་སྐྱོང་བཀའ་ཤག་གིས་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་གྲོས་འཆར་བསྣམས་ཕེབས་པར་སྤྱི་མོས་གཏན་འབེབས་གནང་ཡོད་པ་རེད། གྲོས་ཆོད་དེའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གསར་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཚད་གཞི་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཁས་ལེན་དང་རྒྱབ་འགལ་དུ་སོང་ཡོད་པས། ཁྲིམས་དོན་གྱི་ཐོག་ནས་བོད་མི་རིགས་ལ་ཁྲིམས་མཐུན་རང་བཞིན་མི་ལྡན་པ་དང་། བཟང་སྤྱོད་ཀྱི་ཐོག་ནས་ཚོད་འཛིན་ཐེབས་པའི་ནུས་པ་མེད་པ་ངོས་འཛིན་གནང་བ་སོགས་བཀོད་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese