མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༢༦/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་ཐེངས་གསུམ་པའི་ནང་རྒྱ་བལ་གཉིས་གཙོས་ཨ་རི་དང་། ཁེ་ན་ཊ། ཧྥ་རན་སི། ཡུ་རོབ་བཅས་ནས་རང་ལོ་ ༤༠ ཡན་གྱི་སྐྱེས་པའི་རུ་ཁག་ ༢༤ ཡིས་མཉམ་ཞུགས་གནང་གི་ཡོད་འདུག

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད། པར་དུས་བབ་ཀྱིས་བསྒྲིགས།

ཨ་ཕ་རྐང་རྩེད་སྤོ་ལོའི་ཚོགས་པའི་གོ་སྒྲིག་འོག་ལོ་རེ་བཞིན་རང་ལོ་བཞི་བཅུ་ཡན་གྱི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་འཚོག་གི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ནས་ ༡༥ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་ཀྱི་རྩེད་ཐང་དུ། ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་ཐེངས་གསུམ་པ་དེ་འཚོག་རྒྱུ་ཡིན་པ་དང་། འདི་ལོའི་རྩེད་འགྲན་ཁྲོད་རྒྱ་བལ་གཉིས་གཙོས་ཨ་རི་དང་།  ཁེ་ན་ཊ། ཧྥ་རན་སི། ཡུ་རོབ་བཅས་ནས་རང་ལོ་ ༤༠ ཡན་གྱི་སྐྱེས་པའི་རུ་ཁག་ ༢༤ ཡིས་མཉམ་ཞུགས་གནང་རྒྱུ་ཡིན་འདུག ཐེངས་འདིར་འབྲས་ལྗོངས་རྐང་སྤོལ་ཚོགས་པའི་ཤན་འབྱེད་པ་སྐྱེས་པ་གསུམ་དང་བུད་མེད་ལྔ་བཅས་གདན་འདྲེན་ཞུས་ཡོད་འདུག

ཐེངས་འདིའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་སྐོར་ལ་ཨ་ཕ་རྐང་རྩེད་སྤོ་ལོ་ཚོགས་པའི་ཚོགས་གཙོ་ཚེ་རིང་ཡེ་ཤེས་ལགས་ཀྱིས་འདི་གའི་གསར་འགོད་པར། པཱ་ལགས་རྐང་སྤོལ་རྩེད་འགྲན་བཟོས་པའི་དམིགས་ཡུལ་ནི་འགྲན་བསྡུར་རྫིག་པོ་ཞིག་བྱེད་པའི་ཆེད་དུ་མ་རེད། རང་ལོ་བཞི་བཅུ་བརྒལ་བའི་པཱ་ལགས་རྣམས་ཁྱིམ་གྱི་ཨ་ཕ་དང་སྤྱི་ཚོགས་ནང་དུ་འགན་འཁུར་མཁན་སྒལ་ཚིགས་ལྟ་བུ་ཆགས་ཡོད། ཡིན་ནའང་། ང་ཚོའི་སྤྱི་ཚོགས་ནང་ལོ་བཞི་བཅུ་བརྒལ་ན་མི་ཚེ་རྫོགས་པ་ལྟར་རྩེད་མོ་སོགས་བཞག་གི་ཡོད་པས། ཁྲག་དང་། རླུང་། གཅིན་སྙི་སོགས་ཀྱི་ན་ཚ་འབྱུང་མགོ་འཛུགས་ཀྱི་འདུག ཉི་ཧོང་གཙོས་འཛམ་གླིང་གི་ས་གནས་ཁག་ཏུ་རང་ལོ་ ༩༠ བསླེབས་ཀྱང་འཕྲོད་བསྟེན་ཆེད་དུ་རྩེད་འགྲན་ནང་དུ་མཉམ་ཞུགས་བྱེད་བཞིན་ཡོད། བོད་པའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡག་པོ་ཆགས་པར་དམིགས་ནས་ཕྱི་ལོ་ ༢༠༢༤ ལོར་ཨ་ཕ་རྐང་སྤོལ་རྩེད་འགྲན་མགོ་བཙུགས་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། རྒྱ་གར་བྱང་ཤར་ཁུལ་གྱི་བོད་པའི་སྤྱི་ཚོགས་ཁྲོད་དུ་རྐང་སྤོལ་རྩེད་འགྲན་ཞིག་འཚོགས་མྱོང་མེད་པས། ཨ་ཕ་རྐང་རྩེད་སྤོ་ལོ་ཚོགས་པས་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་རྐང་སྤོལ་རྩེད་འགྲན་བསྡུས་པ་ལ་བརྟེན་ནས།  ཕྱི་རྒྱལ་དང་རྒྱ་བལ་གྱི་རྩེད་འགྲན་རུ་ཁག་ ༢༠ མཉམ་ཞུགས་གནང་སྟེ་བོད་པའི་སྤྱི་ཚོགས་ཁྲོད་དུ་དགའ་བསུ་ཐོབ་པ་དང་། ལོ་རེ་བཞིན་རང་ལོ་བཞི་བཅུ་བརྒལ་བའི་རྩེད་མོ་བ་རྣམས་མཉམ་ཞུགས་བྱེད་མཁན་ཇེ་མང་དུ་འགྱུར་མུས་ཡིན་ལ། ཨ་ཕ་རྐང་སྤོལ་རྩེད་འགྲན་ནི་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་ཨ་ཕ་རྣམས་ཀྱི་འཕྲོད་བསྟེན་ཙམ་དུ་མ་ཟད། བོད་དོན་འཐབ་རྩོད་ལའང་ཕན་ཐོགས་པ་ཞིག་རེད། ཅེས་བརྗོད་བྱུང་།

ད་ལོའི་ཨ་ཕ་རྐང་སྤོལ་རྩེད་འགྲན་གྱི་རུ་ཁག་ ༢༤ དེ་སྡེ་ཚན་དྲུག་ཏུ་ཕྱེ་ནས། རིམ་བསྡུར་རྩེད་འགྲན་( league match) ཁྲོད་ཉུང་མཐར་འགྲན་རིམ་བཞི་ལ་ཞུགས་ཆོག་ཅིང་། དེ་ལས་རྣམ་པར་རྒྱལ་ཚེ་འགྲན་རིམ་གྱི་འགྲོ་ལུགས་བཞིན་བརྒྱད་རྩོད་དང་། བཞི་རྩོད། རྟིང་རྩོད་བཅས་སུ་རིམ་གྱིས་ཞུགས་ཆོག་ཀྱང་། གལ་ཏེ་བརྒྱད་རྩོད་དང་བཞི་རྩོད་སོགས་ནས་འགྲན་ཕམ་བྱུང་ཚེ་རྩེད་འགྲན་ཕྱི་མ་དག་ལ་ཞུགས་མི་ཆོག་པ་རེད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཁོངས་སུ་གྲགས་ཆེ་བའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་འགྲན་ཚོགས་དང་། བོད་ཀྱི་བུད་མེད་ཀྱི་རྐང་སྤོལ་རྩེད་འགྲན་སོགས་རྐང་སྤོལ་དང་སིལ་སྤོལ་གྱི་རྩེད་འགྲན་ཁག་ཅིག་ཡོད་ཅིང་། ཕྱི་ལོ་ ༢༠༢༤ ལོ་ནས་བཟུང་པཱ་ལགས་གསེར་གྱི་བུམ་པའི་རྐང་སྤོལ་རྩེད་འགྲན་ཞེས་པ་འདི་ཡང་གསར་དུ་མགོ་འཛུགས་གནང་ཡོད་ཅིང་། རྐང་སྤོལ་རྩེད་འགྲན་ནི་བོད་ཀྱི་སྤྱི་ཚོགས་ནང་གི་ལོ་ ༤༠ བརྒལ་བའི་མི་རབས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏང་རྒྱུར་དམིགས་ནས་འཚོག་གི་ཡོད་འདུག

ཕྱི་ལོ་ ༢༠༢༤ ལོར་ལྡེ་ར་རྡུན་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་ཨ་ཕ་གསེར་གྱི་བུམ་པའི་རྐང་སྤོལ་རྩེད་འགྲན་ཐེངས་དང་པོ་འཚོགས་ཡོད་ཅིང་།   སྐབས་དེའི་རྩེད་འགྲན་ནང་རྒྱ་གར་དང་བལ་ཡུལ་ནས་ཡིན་པའི་དགུང་ལོ་ ༤༠ བརྒལ་བ་ཁྱོན་རུ་ཁག་ ༡༤ མཉམ་ཞུགས་གནང་ཡོད་པ་དང་།  ཨོ་ཌི་ཤ་པོ་ཏཱ་ལ་རུ་ཁག་གིས་ཕྱི་ལོ་ ༢༠༢༤ ལོའི་ཨ་ཕ་གསེར་གྱི་བུམ་པ་བཀྱགས། རྩེད་འགྲན་ཁྲོད་དུ་ཀརྨ་དངོས་གྲུབ་ལགས་ལ་ལོ་ ༦༤ བརྒལ་བའི་རྩེད་མོ་བ་རྒན་ཤོས་ཀྱི་བྱ་དགའ་དང་། ཨོ་ཌི་ཤ་པོ་ཏཱ་ལ་རུ་ཁག་གི་རུ་དཔོན་བུ་ཆུང་ལགས་སུ་རྩེད་འགྲན་པ་ལེགས་ཤོས། བལ་ཡུལ་སྤྲོ་སྐྱིད་རུ་ཁག་གི་སྒོ་ར་བ་རྒྱལ་པོ་ལགས་སུ་སྒོ་ར་བ་ཡག་ཤོས། དེ་བཞིན་དྷ་རམ་ས་ལའི་རུ་ཁག་ལ་བཟང་སྤྱོད་ཡག་ཤོས་ཀྱི་རུ་ཁག་བཅས་ཀྱི་བྱ་དགའ་ཐོབ་ཡོད་འདུག

འདས་ལོའི་རྒྱ་གར་འབྲས་ལྗོངས་སྒང་ཏོག་ཏུ་ཨ་ཕ་གསེར་གྱི་བུམ་པའི་རྐང་སྤོལ་རྩེད་འགྲན་ཐེངས་གཉིས་པ་འཚོགས་ཡོད་ཅིང་། སྐབས་དེར་རྒྱ་གར་དང་བལ་ཡུལ་ནས་ཡིན་པའི་དགུང་ལོ་ ༤༠ བརྒལ་བ་ཁྱོན་རུ་ཁག་ ༢༠ མཉམ་ཞུགས་བྱས། རྡོ་རྗེ་གླིང་གཡག་རུ་ཁག་གིས་ཕྱི་ལོ་ ༢༠༢༥ ཨ་ཕ་གསེར་གྱི་བུམ་པ་བཀྱགས།  བལ་ཡུལ་སྤྲོ་སྐྱིད་རུ་ཁག་གི་པ་སངས་ཚེ་རིང་ལགས་ལ་ལོ་ ༦༦ བརྒལ་བའི་རྩེད་མོ་བ་རྒན་ཤོས་ཀྱི་བྱ་དགའ་དང་། བལ་ཡུལ་སྤྲོ་སྐྱིད་རུ་ཁག་གི་རུ་དཔོན་རྩེད་མོ་བ་བཀྲ་ཤིས་དོན་གྲུབ་ལགས་སུ་རྩེད་འགྲན་པ་ལེགས་ཤོས། རྡོ་རྗེ་གླིང་རུ་ཁག་གི་སྒོ་ར་བ་དོན་གྲུབ་ལགས་སུ་སྒོ་ར་བ་ཡག་ཤོས། སྤོན་ཊ་ཆོལ་གསུམ་རུ་ཁག་ལ་བཟང་སྤྱོད་ཡག་ཤོས་ཀྱི་རུ་ཁག་བཅས་ཀྱི་བྱ་དགའ་ཐོབ་ཡོད་འདུག  དེ་བཞིན་འདི་ལོར་ཡུ་རོབ་ཆོལ་གསུམ་རུ་ཁག་དང་། ཁེ་ན་ཊའི་རུ་ཁག བལ་ཡུལ་ནོར་བུ་གླིང་ཁ་རུ་ཁག སྦེལ་ཀོབ་དཔའ་བོ་རུ་ཁག་བཅས་གསར་དུ་མཉམ་ཞུགས་གནང་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese