མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་མཆོད་འཇོར་མི་མང་ལ་དངོས་གཞིའི་འོས་བླུགས་པའི་ཐོབ་ཐང་གནང་།

བོད་ཀྱི་དུས་བབ།
༢༠༢༦/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་མཆོད་འཇོར་མི་མང་གིས་རེ་སྐུལ་ནན་པོ་ཞུས་པ་ལྟར་དབུས་འོས་བསྡུ་ལས་ཁང་གིས་ས་གནས་མི་མང་ལ་དངོས་གཞིའི་འོས་བླུགས་པའི་ཐོབ་ཐང་སྤྲད་གནང་འདུག

བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར། དྲ་ལམ་གྱི་པར།

བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་བསྡུའི་སྐབས་བལ་ཡུལ་མཆོད་འཇོར་ཁུལ་ནས་འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་བྱུང་བའི་ངོས་འཛིན་འོག དབུས་འོས་བསྡུ་ལས་ཁང་གིས་ས་གནས་དེར་དངོས་གཞི་འོས་བསྡུའི་ལས་རིམ་ཕྱིར་འཐེན་གནང་རྗེས། སྤྱི་ཚོགས་ནང་གླེང་སློང་ཆེན་པོ་བྱུང་བ་དང་ལྷག་པར་དུ་མཆོད་འཇོར་ས་གནས་མི་མང་གིས་ཡིག་ངག་གཉིས་ཐོག་ནས་རེ་སྐུལ་ནན་པོ་ཞུས་པར་བརྟེན། ཁ་སང་ཕྱི་ཆེས་ ༡ ཉིན་དབུས་འོས་བསྡུ་ལས་ཁང་གིས་ཉེ་སྔོན་གྱི་ཐག་གཅོད་ཕྱིར་འཐེན་གནང་སྟེ་ས་གནས་མི་མང་གིས་འོས་བླུགས་ཆོག་པ་བཟོས་འདུག ཡིན་ནའང་། ཀ་ཐ་མན་ཌུ་ས་གནས་འོས་བསྡུའི་འགན་འཛིན་གྱི་ཐད་ཀར་སྟངས་འཛིན་འོག་མཆོད་འཇོར་ཁུལ་གྱི་འོས་བསྡུ་གནང་དགོས་པའི་བཀོད་ཁྱབ་གནང་འདུག

དེ་ཡང་དབུས་འོས་བསྡུ་ལས་ཁང་གིས་མཆོད་འཇོར་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ལ་དེ་འབྲེལ་བཀོད་ཁྱབ་ཅིག་གནང་བའི་ནང་། ཀ་ཐི་མན་ཌུ་ས་གནས་འོས་བསྡུའི་འགན་འཛིན་གྱི་ཐད་ཀར་སྟངས་འཛིན་འོག ས་གནས་དེའི་འོས་བསྡུའི་ཚོགས་ཆུང་གི་ཚོགས་མི་དང་ཟུར་དཔང་ཐོག ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་འཕར་མ་བསྐོ་གཞག་གནང་སྟེ། ད་ལན་བལ་ཡུལ་མཆོད་འཇོར་ས་གནས་སུ་དངོས་གཞིའི་འོས་བླུགས་ཆོག་པ་དང་། སྐབས་དེར་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཀྱིས་འགན་འཁུར་ཞུ་མི་དགོས་པའི་ཐག་གཅོད་གནང་བ་གསལ་འདུག

འདི་ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་བལ་ཡུལ་མཆོད་འཇོར་ཁུལ་གྱི་འོས་བསྡུ་ཚགས་ཚུད་མ་བྱུང་བའི་ལབ་གླེང་ཞུ་གཏུག་བྱུང་བ་ལྟར། དབུས་འོས་བསྡུ་ལས་ཁང་གིས་འབྲེལ་ཡོད་ལ་འདྲི་བརྩད་དང་འོས་ཤོག་ལ་ཞིབ་འཇུག་གནང་བ་བརྒྱུད། ཕྱི་ཟླ་ ༤ ཚེས་ ༢༣ ཉིན་མཆོད་འཇོར་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཀྱི་མིང་ཐོག་ཏུ་ཐག་གཅོད་ཡི་གེ་ཞིག་བཏང་སྟེ། འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ཁག་དང་འགལ་འཛོལ་ཚབས་ཆེན་བྱུང་ཡོད་པ་ར་འཕྲོད་བྱུང་བ་གཞིར་བཟུང་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་ཞུ་རྒྱུའི་ཐག་གཅོད་གནང་བ་ཡིན་སྐོར་བཀོད་ཡོད་པ་རེད། 

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese