མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་གཙི་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༦/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུགས་སྒར་དྷ་སར་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་ཐེངས་ ༣༣ པ་སྲུང་གཙིའི་ལས་རིམ་འཚོགས་སོང་།

དྷ་སར་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་གཙི་ཞུས། ༠༢།༠༥།༢༠༢༦ དུས་བབ་ཀྱི་པར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་གངས་སྐྱིད་ཉེ་འདབས་གྷམ་རོའུ་དོ་ར་ཇ་ཁང་དུ། བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་གཙི་ཞུས་སོང་བ་དང་། མཛད་སྒོའི་སྟེང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་པའི་གསར་ཁང་ཁག་གི་གསར་འགོད་པ་རྣམས་ལྷན་འཛོམས་ཐོག་གསར་འགོད་རང་དབང་དང་འབྲེལ་བའི་གཏམ་བཤད་དང་ཕན་ཚུན་བར་བསམ་ཚུལ་བརྗེ་རེས་སོགས་གནང་ཞིང་། སྐབས་དེར་ནོ་ཝེ་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་འོད་ཟེར་ལགས་སུ་འདི་ལོའི་གསར་འགྱུར་ལས་རིགས་ཀྱི་ཞབས་ལོ་རིང་ཤོས་ཀྱི་གཟེངས་རྟགས་དང་ངོས་འཛིན་ལག་འཁྱེར་ཞིག་ཕུལ།  དེ་རིང་ནི་ཕྱི་ལོ་ ༡༩༩༣ ལོའི་ཟླ་ ༥ ཚེས་ ༣ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་གཏན་འབེབ་སྲུང་གཙི་བྱས་ནས་ལོ་ངོ་  ༣༣ འཁོར་བའི་ཉིན་མོ་ཡིན་ཞིང་། བཙན་བྱོལ་དུ་ཕྱི་ལོ་ ༡༩༩༧ ལོར་བོད་ཀྱི་གསར་འགོད་མཐུན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༢༩ འཁོར་གྱི་འདུག

དེ་རིང་གི་གསར་འགོད་རང་དབང་ཉིན་མོའི་བསྒྲགས་གཏམ་ནང་། དེ་རིང་ང་ཚོས་ང་ཚོ་བཙན་བྱོལ་བའི་གནས་སྟངས་འོག་ནས་གསར་འགོད་རང་དབང་ཉིན་མོ་སྲུང་གཙི་བྱེད་བཞིན་ཡོད་ཀྱང་། ང་ཚོས་སྤོབས་པ་དང་ལྡན་པའི་ཐོག་ནས་རང་དབང་དང་འདྲ་མཉམ། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སོགས་སྲུང་སྐྱོབ་བྱེད་བཞིན་ཡོད་པ་མ་ཟད། བོད་རྒྱལ་ཁབ་ཀྱི་དམངས་གཙོའི་ལམ་ལུགས་ཀྱི་མ་འོངས་པའི་གཞི་རྟེན་བསྐྲུན་བཞིན་ཡོད།  དེ་བས་ང་ཚོས་ཉིན་མོ་འདི་ནི་ང་ཚོའི་སྤོབས་པ་དང་གཟི་བརྗིད་དུ་བརྩི་ཆོག

འདི་ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་ཐེངས་ ༣༣ ་པའི་གཏན་འབེབས་བརྗོད་གཞི་ནི། ཞི་བདེ་ལྡན་པའི་མ་འོངས་པ་ཞིག་འཛུགས་སྐྲུན་བྱེད། འགྲོ་བ་མིའི་ཐོབ་ཐང་དང་འཕེལ་རྒྱས། བདེ་འཇགས་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་གསར་འགོད་རང་དབང་གོང་འཕེལ་གཏོང་། ཞེས་པ་འདི་ཡིན། ང་ཚོ་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་འདི་ལོའི་གསར་འགོད་རང་དབང་ཉིན་མོའི་གཏན་འབེབས་བརྗོད་གཞི་ནི། ཀ་ཁ་ག་ངའི་བདག་པོ་བོད་མི་ཡིན། ང་ཚོས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད། ཅེས་པ་འདི་ཡིན། བརྗོད་གཞི་འདི་བདམས་དགོས་དོན་ནི། ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་མི་རྣམས་ལ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་དགོས་པ་དང་བོད་མི་ནང་ཁུལ་དུ་བོད་སྐད་མ་བཤད་པར་ཕྱིའི་སྐད་ཡིག་ལ་བརྟེན་དགོས་ན་ངོ་ཚ་དང་ཐབས་སྐྱོ་བོ་རེད་ཅེས་བཀའ་སློབ་བསྩལ་ཡོད། དེ་བཞིན། ༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས། ངས་རྒྱ་སྐད་བཤད་ཤེས་པ་ནི་ངའི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་ངས་མ་ཤེས་ནའང་ངོ་ཚ་དགོས་དོན་མེད། འོན་ཀྱང་གལ་སྲིད་ངས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། དེ་ནི་ངའི་ཞབས་འདྲེན་ཡིན་པས་ང་རང་ངོ་ཚ་དགོས་པ་ཞིག་རེད།” ཅེས་གསུངས་དྲོན་མོ་བཞག་ཡོད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཀྲུང་ཧྭ་མི་རིགས་གཅིག་གྱུར་ཡར་ཐོན་སྐུལ་འདེད་ཟེར་བ་དང་མི་རིགས་བཅའ་སྡོད་སློབ་གྲྭ་ཟེར་བའི་ལམ་ལུགས་སོགས་བཙུགས་ཏེ་བོད་མི་རྒྱ་བསྒྱུར་གྱི་སྲིད་ཇུས་གཏིང་ནག་དེ་འདྲ་ལག་བསྟར་བྱེད་བཞིན་ཡོད་ལ། ལྷག་པར་དུ་ད་ལྟའི་བོད་ནང་གི་མི་རབས་གསར་བ་མང་པོ་ཞིག་ལ་རྒྱའི་སྐད་ཡིག་གི་ཤུགས་རྐྱེན་ཐེབས་ནས་རང་མི་རིགས་ཀྱི་སྐད་ཡིག་མི་ཤེས་པའི་མི་རབས་ཤིག་བསྒྱུར་དང་སྒྱུར་མུས་ཡིན་པ་སོགས་ལ་བརྟེན་ནས། ང་ཚོས་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུ་གལ་ཆེན་དུ་བརྩིས་ནས་བརྗོད་གཞི་འདི་བདམས་པ་ཡིན། ཞེས་གསལ་འདུག

དེ་རིང་གསར་འགོད་རང་དབང་ཉིན་མོ་སྲུང་གཙི་དང་བསྟུན། ད་ལྟ་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ ལོ་རྒྱུས་དང་བཅས་པ་རྒྱ་བསྒྱུར་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་དང་འབྲེལ་ནས་རྒྱ་ནག་གཞུང་ལ་གཤམ་འཁོད་དགོས་འདུན་དོན་ཚན་བཞི་དང་དགག་བྱ་གཅིག་བཅས་བཏོན། དང་པོ། རྒྱ་ནག་གཞུང་གིས་༸ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ་དང་། རྒྱའི་བཙོན་ཁང་ནས་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་ཆབ་སྲིད་བཙོན་མ་རྣམས་ཀྱི་གནས་ཚུལ་ཁ་གསལ་བཟོ་དགོས། གཉིས་པ། རྒྱལ་སྤྱིའི་གསར་འགོད་པ་དང་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཚོགས་པ་རང་དབང་གི་ཐོག་ནས་བོད་ནང་དུ་བསྐྱོད་བཅུག་སྟེ་བོད་ནང་གི་བོད་མིའི་དངོས་ཡོད་ཀྱི་གནས་སྟངས་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕྱི་གསལ་ནང་གསལ་གྱི་ཐོག་ནས་འགྲེལ་བརྗོད་ཞུ་ཆོག་དགོས། གསུམ་པ། རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱ་གྲོས་མོལ་སླར་གསོ་བྱས་ཏེ་བོད་རྒྱའི་དཀའ་རྙོག་མགྱོགས་མྱུར་སེལ་དགོས། བཞི་པ། རྒྱ་ནག་གཞུང་གིས་བོད་མི་ལོ་ཆུང་རྣམས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་བོད་མི་རྒྱ་བསྒྱུར་གྱི་གཡོ་ཇུས་ལག་བསྟར་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས། བོད་ཀྱི་བྱིས་པ་ཚོར་ཀྲུང་ཧཱ་མི་རིགས་ཀྱི་རྩ་ཁྲིམས་ནང་གསལ་ལྟར། སོ་སོའི་སྐད་ཡིག་རིག་གཞུང་ལ་སློབ་སྦྱོང་བྱེད་པ་དང་གཅེས་སྤྲས་བྱེད་པའི་ཐོབ་ཐང་སྤྲོད་དགོས། ལྔ་པ། ཀྲུང་ཧ་མི་རིགས་གཅིག་གྱུར་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་རིགས་རྩ་གཏོར་གྱི་གཡོ་ཇུས་ཤིག་ཡིན་པས་མཐའ་གཅིག་ཏུ་དགག་པ་བྱ་རྒྱུ་ཡིན།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese