མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༦/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་མ་གཏོགས་ངན་ཕྱོགས་ཀྱི་འགྱུར་བ་གང་ཡང་མི་འདུག་ཅེས་གསུངས་སོང་།

Chinese President Xi Jinping and U.S. President Donald Trump during a meeting in Beijing on Thursday, May 14, 2026 (IANS)

ཁ་སང་ཕྱི་ཚེས་ ༡༣ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སུ་འབྱོར་ཡོད་པ་དང་།  དེ་རིང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་དང་ཐུག་འཕྲད་གནང་སྟེ་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་དང་། ཨི་རན་གྱི་དམག་འཁྲུག  མིས་བཟོས་རིག་ནུས། ཐའེ་ཝན་གྱི་གནད་དོན་སོགས་ཀྱི་ཐོག་གྲོས་མོལ་བྱས་ཡོད་འདུག  སྐབས་དེར་ཞི་ཅིན་ཕིང་གིས་ཐའེ་ཝན་ནི་ཨ་རྒྱ་རྒྱལ་ཁབ་གཉིས་བར་གྱི་གནད་དོན་ཆེན་པོ་ཞིག་ཡིན་པས། ཕྱོགས་གཉིས་ཀའི་ཐག་གཅོད་ཡག་པོ་མ་བྱས་ཚེ་འཁྲུག་རྩོད་ཀྱི་གཞི་ཞིག་ཏུ་འགྱུར་སྲིད་སྐོར་བརྗོད་འདུག

དེ་རིང་གསར་འགོད་པས་ཨ་རིའི་སྲིད་འཛིན་ཊོམ་ཕུའི་འཚམས་གཟིགས་ནང་བོད་དོན་ཐོག་ཤུགས་རྐྱེན་ཡོང་མིན་སྐོར་དྲིས་པར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཆུ་ཚོད་གཅིག་གི་སྔོན་ཙམ་ལ་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གཉིས་འཛོམས་ནས་བཀའ་མོལ་ཞུས་དང་ཞུ་བཞིན་པ་རེད། ནང་དོན་གཙོ་བོ་དབུས་ཤར་ཨེ་ཤ་ཡའི་དམག་འཁྲུག་གི་རྐྱེན་གྱིས་འཛམ་གླིང་ནང་དཀའ་ངལ་འཕྲད་བཞིན་པ་དེ་གླེང་དགོས་ཀྱང་། འབབ་ས་གང་འདྲ་ཞིག་ལ་ཕབ་དགོས་མིན་བཤད་རྒྱུ་ཁག་པོ་རེད། དེ་བཞིན་ཨ་རྒྱ་གཉིས་བར་གྱི་ཚོང་འབྲེལ་གྱི་གནད་དོན་དང་། ཐའེ་ཝན་གྱི་གནད་དོན། སྣུམ་གྱི་གནད་དོན། བདེ་འཇགས་གནད་དོན་སོགས་ཡོད་པ་རེད། ད་ལན་གྱི་ཚོགས་འདུ་དེའི་ནང་དུ་བོད་ཀྱི་གནད་དོན་ཇི་ཙམ་གླེང་སློང་བྱ་ཐུབ་མིན་ཞུ་ཚོད་ཁག་པོ་རེད། སྤྱིར་རྒྱ་ནག་གི་ངོས་ནས་བོད་ཀྱི་གནད་དོན་དེ་ཨ་རིའི་བེད་སྤྱོད་བཏང་ཡོང་བསམ་པ་དེ་ཤེས་ཀྱི་ཡོད། རྒྱ་གཞུང་གི་མི་སྣ་ཁ་ཤས་ཀྱིས་ཨ་རིའི་གཞུང་གིས་བོད་ཐོག་སྲིད་ཇུས་འཛིན་ཕྱོགས་སྐོར་ལ་ཉམས་ཞིབ་བྱེད་བཞིན་འདུག  དེའི་ཐོག་གླེང་སློང་བྱ་སྲིད་པའི་གྲ་སྒྲིག་བྱས་ཡོད་ས་རེད། ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གྱི་ཐུག་འཕྲད་དེ་ཡང་ཟླ་གཅིག་གི་སྔོན་ནས་ཕྱིར་འགྱངས་བྱས་པ་ཞིག་ཡིན་པ་དང་། དེའི་བར་དུ་དབུས་ཤར་ཨེ་ཤ་ཡའི་ནང་དུ་གནས་ཚུལ་མང་པོ་ཞིག་བྱུང་བསྡད་པ་རེད། དབུས་ཤར་ཨེ་ཤ་ཡའི་གནས་ཚུལ་དེའི་རྐྱེན་གྱིས་རྒྱ་ནག་ལ་དོ་ཕོག་ཤུགས་ཆེན་འགྲོ་བཞིན་ཡོད་པ་རེད། ཉེ་ལམ་ཉམས་ཞིབ་པ་མང་པོ་ཞིག་གིས་ད་ལན་གྱི་ཚོགས་འདུའི་ཐོག་ཆབ་སྲིད་དང་ཚོང་འབྲེལ་གྱི་ཐོག་ནས་རེ་བ་རྒྱག་རྒྱུ་ཁག་པོ་ཡིན་པ་བརྗོད་ཀྱི་འདུག དེ་རིང་ཚོགས་འདུའི་ཐོག་སྲིད་འཛིན་ཊོམ་ཕུས་སྲིད་འཛིན་གཉིས་གྲོགས་པོ་ཡིན་པ་དང་། མ་འོངས་པར་ཨ་རྒྱ་གཉིས་ཀྱི་བར་བཟང་ཕྱོགས་ཐོག་འབྲེལ་ལམ་ཡར་རྒྱས་འགྲོ་རྒྱུ་ཡིན་པའི་སྐོར་གསུངས་སོང་། རྒྱ་ནག་གི་སྲིད་འཛིན་གྱིས་ཀྱང་ཁོང་ཚོའི་ཁེ་ཕན་གྱི་སྐོར་བརྗོད་ཡོད། ད་ལྟའི་ཆར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་འཁྲུག་ཆ་ཆེན་པོ་ཞིག་ཐེབས་ཡོད་པས། དེ་ཅུང་ཙམ་ལྷིང་འཇགས་མ་བྱུང་བར་དུ་ཨ་རིའི་འབྲེལ་བ་གཅིག་པོའི་ཐོག་ནས་ཡར་རྒྱས་འགྲོ་རྒྱུ་ཁག་པོ་རེད་བསམ་གྱི་འདུག ད་ལྟའི་འཛམ་གླིང་གི་འཁྲུག་ཆ་དོད་པོ་འདིའི་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་སླེབས་རྒྱུ་ཁག་པོ་ཆགས་འདུག ཨ་རྒྱ་སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་ཐོག་བོད་དོན་གླེང་སློང་ཇི་ཙམ་ཡོང་མིན་མེི་ཤེས་ཀྱང་། ཐའེ་ཝན་གྱི་གནད་དོན་ཐོག་ཐག་གཅོད་ཞིག་བྱ་སྲིད་པའི་སེམས་འཚབ་ཡོང་གི་ཡོད་པ་རེད། དེ་ཡང་མཐའ་གཅིག་ཏུ་ཡོང་ཐུབ་མིན་བཤད་ཤེས་ཀྱི་ཡོད་པ་མ་རེད། ཅེས་གསུངས་སོང་།

ཡང་ཨ་རིས་བོད་དོན་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་འགྲོ་མིན་སྐོར་ལ་སྲིད་སྐྱོང་མཆོག་གིས། ད་ལྟ་བར་དུ་ང་ཚོས་ངན་ཕྱོགས་ཀྱི་འགྱུར་བ་གང་ཡང་མཐོང་གི་མེད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའང་སྲིད་འཛིན་ཊོམ་ཕུའི་སྐབས་དང་པོ་ལས་སྐབས་གཉིས་པར་བསྐོ་གཞག་བྱས་ཐུབ་ཡོད། རྒྱ་གར་གནས་སྡོད་ཨ་རིའི་གཞུང་ཚབ་པའང་བོད་དོན་ཐོག་དོ་སྣང་ཤུགས་ཆེན་པོ་རེད། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཀྱང་བོད་དོན་ཐོག་དོ་སྣང་ཤུགས་ཆེན་བྱེད་བཞིན་ཡོད། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ལྡི་ལི་རུ་ཨ་རི་རང་བཙན་ཐོབ་ནས་ལོ་ངོ་ ༢༥༠  འཁོར་བའི་དུས་དྲན་ཐོག་ཆེད་བཅར་བྱ་རྒྱུ་ཡིན་འདུག དེ་དག་གི་རྣམ་འགྱུར་སྟོན་སྟངས་ལ་བལྟས་ཚེ་བོད་དོན་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་མ་གཏོགས་ངན་ཕྱོགས་ཀྱི་འགྱུར་བ་གང་ཡང་མི་འདུག ཅེས་གསུངས་སོང་།

དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཨེག་སི་ (X) སྟེང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་རྒྱ་ནག་ལ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པའི་སྐབས་འདིར། ང་ཚོས་གུས་བརྩི་ཆེན་པོའི་ཐོག་ནས་ཁོང་ལ་བོད་ཀྱི་གནད་དོན་གླེང་སློང་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ལ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཚེ་མེད་ཞི་བའི་ལམ་སྟོན་འོག་བོད་མིའི་འཐབ་རྩོད་ལ་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་གནང་རོགས། ཞེས་གསུངས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༣ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༣ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese