མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་མཉམ་འབྲེལ་གྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༨ ནས་ ༣༠ བར་དྷ་རམ་ས་ལའི་ཉེན་རྟོག་ལས་ཁུངས་ཀྱི་རྩེད་ཐང་དུ་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་དྷ་སར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦

ཟླ་འདིའི་ཕྱི་ཚེས་ ༢༨ ནས་ ༣༠ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་གཉིས་མཉམ་འབྲེལ་གྱི་གོ་སྒྲིག་འོག དྷ་རམ་ས་ལའི་ཉེན་རྟོག་ལས་ཁུངས་ཀྱི་རྩེད་ཐང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཕེབས་པའི་བྱམས་བརྩེའི་ལོ་སྲུང་གཙིའི་ཆ་ཤས་སུ། བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

འདི་གའི་གསར་འགོད་པས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་རིག་གཞུང་དུས་སྟོན་འཚོག་དགོས་པའི་དམིགས་ཡུལ་སྐོར་དྲིས་པར་ཁོང་གིས། བོད་པའི་གནད་དོན་དེ་རྒྱལ་སྤྱིའི་སྟེང་ཕྱི་བསྒྲགས་ཡོང་གི་ཡོད་ཀྱང་། འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་༸རྒྱལ་བའི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་སོགས་དྷ་རམ་ས་ལར་གནས་སྡོད་བྱས་ཡོད་ཅིང་། ང་ཚོས་ས་གནས་ཡུལ་མི་དང་བོད་མིའི་བར་གྱི་འབྲེལ་ལམ་གལ་ཆེན་དུ་བརྩིས་ནས། རིག་གཞུང་གི་དུས་སྟོན་འདི་བརྒྱུད་རྒྱ་གར་གྱི་ཡུལ་མི་ཚོར་བོད་དོན་སྐོར་ལ་བཤད་ཐུབ་པ་ཡིན་ན། ང་ཚོར་ཁེ་ཕན་ཆེན་པོ་ཡོད་རེད་བསམ་གྱི་འདུག དེ་མིན་ལྡི་ལི་དང་ཕྱི་རྒྱལ་སོགས་སུ་དུས་སྟོན་འཚོག་རྒྱུ་གལ་ཆེན་ཡིན་ཡང་། གལ་ཆེ་ཤོས་ནི་སོ་སོ་གནས་སྡོད་བྱེད་སའི་ཡུལ་མི་དང་འབྲེལ་ལམ་དམ་ཟབ་བཟོ་རྒྱུ་གནད་འགོག་ཏུ་མཐོང་གི་ཡོད། དེར་བརྟེན། ད་རེས་བོད་ཀྱི་རིག་གཞུང་དུས་སྟོན་འདི་རྒྱ་གར་ཡུལ་མི་དང་ང་ཚོའི་མཐུན་ལམ་བཟང་དུ་གཏོང་སླད་འཚོག་གི་ཡོད། ཅེས་གསུངས་སོང་།

རིག་གཞུང་དུས་སྟོན་གྱིས་རྒྱ་གར་སྤྱི་ཚོགས་ནང་བོད་དོན་གོ་རྟོགས་ག་ཚོད་ཅིག་སྤེལ་ཐུབ་ཀྱི་ཡོད་སྐོར་ལ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ང་ཚོར་རྒྱལ་སྤྱིའི་སྟེང་ནས་ལུང་པ་ཐག་ཉེ་ཤོས་དང་གལ་ཆེ་ཤོས་དེ་རྒྱ་གར་ཆགས་བསྡད་ཡོད་ལ། ལོ་རྒྱུས་ཀྱི་སྟེང་ནས་ཀྱང་རྒྱ་གར་ཆགས་བསྡད་ཡོད། རྒྱ་གར་ལ་མཚོན་ན་འཛམ་གླིང་གི་མི་འབོར་ཆེ་ཤོས་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་གྱི་ཡུལ་མི་དང་ལས་ཀྱི་སྣེ་མོ་བ། ཚགས་པར་རྒྱག་མཁན། བློ་འདོན་བསྟི་གནས་ཁང་སོགས་ཀྱིས་བོད་ཀྱི་དངོས་ཡོད་གནས་དོན་ཤེས་རྟོགས་དགོས་རྒྱུ་གལ་ཆེན་རེད་བསམ་གྱི་ཡོད། དེ་སྔ་ལྡི་ལི་དང་མོན་བྷའེ་སོགས་ས་གནས་གང་ཞིག་ཏུ་དུས་སྟོན་ག་འདྲ་ཞིག་འཚོགས་ཡོད་ཀྱང་རྒྱ་གར་གྱི་ཡུལ་མི་ཚོར་བོད་ཀྱི་གནས་དོན་ར་སྤྲོད་ཡོང་རྒྱུ་གནད་འགོག་ཏུ་མཐོང་། ད་ལན་དམིགས་བསལ་གོ་སྟོན་གྱི་ལས་འཆར་འོག་ ༸སྐྱབས་མགོན་རིན་པོ་ཆེ་མཆོག་བཞུགས་སྒར་དྷ་སར་བཞུགས་ནས་ལོ་ངོ་དྲུག་ཅུ་ལྷག་ཕྱིན་ཡོད་སྟབས། ང་ཚོས་ཕྱི་ནས་རིག་གཞུང་དུས་སྟོན་འཚོགས་པ་ལས་བཞུགས་སྒར་རང་དུ་འཚོགས་པ་ཡིན་ན། འདི་ནས་མིག་དཔེ་དང་བག་ཆགས་བཟང་པོ་ཞིག་བསྐྲུན་ཐུབ་པའི་རེ་བ་ཞུ་བཞིན་ཡོད། ཅེས་གསུངས་སོང་།

འདི་ལོའི་བོད་ཀྱི་རིག་གཞུང་དུས་སྟོན་སྟེང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་མཚོན་པའི་ཕྱག་དེབ་དང་གློག་བརྙན། བོད་ཀྱི་ཡུལ་ལུང་འདྲ་མིན་གྱི་ཆས་གོས་འགྲེམས་སྟོན། བོད་ཀྱི་དངོས་བྱུང་གློག་བརྙན་དང་ཟློས་གར་འཁྲབ་སྟོན། བོད་ཟས་ཚོང་འགྲེམས། བོད་པའི་དངོས་ཟོག་ཚོང་འགྲེམས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་གྱི་པར་རིས་སོགས་འགྲེམས་སྟོན་གནང་རྒྱུ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༩ སྔོན་ལ།
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་མཇུག་སྒྲིལ་སོང་།

༢༠༢༦/༠༧/༠༥
Lobga Rangzen
Mobile App

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

༢༠༢༦/༠༧/༠༤
ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 
Mobile App

ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 

༢༠༢༦/༠༧/༠༤
བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

༢༠༢༦/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese