མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༦/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

སང་ཉིན་ནས་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་རྒྱང་སྒྲོག་གི་བརྡ་རྟགས་སྤུས་ཚད་མཐོ་རུ་གཏོང་ཆེད་དང་། སྒྲིག་ཆས་གསར་སྒྱུར་སླད་རླུང་འཕྲིན་གྱི་ལས་རིམ་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་ཟེར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨

ཟླ་འདིའི་ཕྱི་ཚེས་ ༢༣ ནས་ཕྱི་ཟླ ༧ ཚེས་ ༣༠ བར་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གིས་མཚོ་སྔོན་བོད་སྐད་རླུང་འཕྲིན་དང་རྒྱ་ནག་རྒྱལ་ཡོངས་རླུང་འཕྲིན། དབུས་བོད་ཀྱི་རླུང་འཕྲིན་སོགས་གནས་སྐབས་ཀྱི་སྒྲིག་བཟོ་དང་། སྤུས་ཚད་ཇེ་ལེགས་སུ་གཏོང་སླད་ཟླ་གཅིག་ལྷག་གི་རིང་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

དེ་འབྲེལ་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་གསལ་བསྒྲགས་ནང་། མཚོ་སྔོན་རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༣ ནས་ཟླ་ ༧ ཚེས་ ༣༠ བར་རྒྱ་ནག་དབུས་རྒྱལ་སྤྱིའི་རླུང་འཕྲིན་དང་དབུས་བོད་སྐད། མཚོ་སྔོན་བོད་སྐད་བཅས་རླུང་འཕྲིན་གྱི་ལེ་ཚན་ཡོངས་ཀྱི་རྒྱང་སྒྲོག་གི་བརྡ་རྟགས་སྤུས་ཚད་མཐོ་རུ་གཏོང་ཆེད་དང་། སྒྲིག་ཆས་གསར་སྒྱུར། བཟོ་བཅོས་ཀྱི་ལས་གཞི་ཞིག་སྤེལ་རྒྱུ་ཡིན་སྟབས་རླུང་འཕྲིན་ལས་རིམ་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུ་ཡིན། ཞེས་བསྒྲགས་འདུག 

འདི་གའི་གསར་འགོད་པས། བོད་ནང་གི་འབྲེལ་ཡོད་བོད་མི་གསུམ་ལ་འབྲེལ་བ་ཞུས་ནས། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གནས་སྐབས་མཚམས་འཇོག་བྱ་དགོས་པའི་རྒྱུ་མཚན་སོགས་ཀྱི་སྐོར་ལ་འདྲི་སྐབས། དེ་ནི་གཙོ་བོ་གནས་སྐབས་རིང་མ་ལག་དང་། ཅ་དངོས། རྒྱུ་སྤུས་སོགས་ཡར་རྒྱས་གཏོང་སླད་གནས་སྐབས་རིང་ཤར་གཏོང་བྱེད་མཚམས་བཞག་པ་རེད། ཅེས་བརྗོད་བྱུང་། 

ཡང་འབྲེལ་ཡོད་བོད་མི་ཞིག་གིས། ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་ཤར་གཏོང་བྱེད་མུས་ཡིན་པའི་རླུང་འཕྲིན་རྣམས་བོད་ནང་གི་ས་གནས་གང་སར་ཁྱབ་སྤེལ་བྱེད་མུས་ཡིན་ཡང་། བོད་མགོ་ལོག་དགའ་བདེ་ཁུལ་གྱི་བོད་སྐད་བརྙན་འཕྲིན་གནས་སྐབས་རིང་ཉམས་གསོ་དང་བསྒྱུར་བཅོས་ཀྱི་སླད་ཟླ་གཅིག་གི་རིང་མཚམས་འཇོག་བྱས་ཡོད་སྐོར་བརྗོད་སོང་ལ། བོད་ནང་གི་འབྲེལ་ཡོད་ཀྱིས། དེ་རིང་ཕྱི་ཚེས་ ༢༢ ཉིན་མཚོ་སྔོན་བོད་སྐད་བརྙན་འཕྲིན་སོགས་ཤར་གཏོང་བྱེད་མུས་ཡིན་ཡང་། དེང་སྐབས་སྐད་འཕྲིན་གཙོས་དྲ་ལམ་ཁག་ཏུ་བོད་ཡིག་བྲིས་ན་རླུང་འཕྲིན་ཁང་སོགས་ཀྱི་སྤྱི་སྟེགས་འཚོལ་ཞིབ་བྱ་མི་ཐུབ་སྐོར་སོགས་བརྗོད་བྱུང་། 

བོད་ནང་གི་དྲ་ལམ་ཁག་ཏུ་གསལ་བའི་གནས་ཚུལ་ལྟར་ན། མཚོ་སྔོན་བོད་སྐད་རླུང་འཕྲིན་ནི་ ༡༩༥༢ ཟླ ༧ ཚེས་ ༢༢ ཉིན་ཐེངས་དང་པོར་ཤར་གཏོང་བྱེད་མགོ་བཙུགས་ཡོད་ཅིང་། རྒྱང་སྒྲོག་ལེ་ཚན་ཆུ་ཚོད ༡༧ དང་སྐར་མ་ ༡༠ ལ་གཏོང་བཞིན་ཡོད་འདུག དེ་ནི་རྒྱལ་ཡོངས་ཞིང་ཆེན་རིམ་པའི་བོད་སྐད་རླུང་འཕྲིན་ཆེས་སྔ་ཤོས་དང་། ཨ་མདོ་ཁ་སྐད་ཀྱི་ལམ་ནས་གཏོང་བའི་ཞིང་ཆེན་རིམ་པའི་བོད་སྐད་རླུང་འཕྲིན་ཁོ་ན་ཡང་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༢༣ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese