མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

བོད་ཀྱི་དུས་བབ།
༢༠༢༦/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་གློ་བུར་དུ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གིས་ཆེད་འཛུགས་གནང་བའི་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་བཙན་གྱིས་སྒོ་བརྒྱབ་བཅུག་འདུག

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།

རྒྱ་ནག་གཞུང་གིས་འདས་པའི་ལོ་གཉིས་ཙམ་གྱི་གོང་ནས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་དུ། རྒྱ་ནག་དམར་ཤོག་གཞུང་གི་ལྟ་བ་དང་འབྲེལ་བའི་སློབ་ཚན་འཆད་ཁྲིད་མ་བྱས་སྟབས་སློབ་མ་གསར་ཞུགས་བྱ་རྒྱུར་བཀག་འགོག་བྱས་ཏེ། ཉེ་ལམ་སློབ་གྲྭ་དེའི་མཐའ་མཇུག་གི་སློབ་མ་སུམ་ཅུ་ཙམ་སློབ་མཐར་ཕྱིན་རྗེས། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་རྒྱ་གཞུང་གིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གིས་ཆེད་འཛུགས་གནང་བའི་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་བཙན་གྱིས་སྒོ་བརྒྱབ་བཅུག་འདུག

གནད་དོན་དེའི་ཐད་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས། འདས་པའི་མི་ལོ་གཉིས་ཙམ་གྱི་གོང་ནས་རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་དུ་རྒྱ་ནག་དམར་ཤོག་རིང་ལུགས་ཀྱིས་སློབ་གསོ་སོགས་དང་འབྲེལ་བའི་སློབ་ཚན་འཆད་ཁྲིད་མ་བྱས་ཚེ་སྒོ་བརྒྱག་རྒྱུ་ཡིན་ལུགས་ཀྱི་ཉེན་བརྡ་གཏོང་སྐབས། མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དམར་ཤོག་གི་སློབ་གསོ་དང་འབྲེལ་བའི་སློབ་ཚན་འཆད་ཁྲིད་བྱ་རྒྱུར་མོས་མཐུན་མ་གནང་སྟབས། དེ་ནས་བཟུང་རྒྱ་ནག་གཞུང་གིས་སློབ་མ་གསར་ཞུགས་བྱ་རྒྱུར་བཀག་འགོག་བྱས་ཡོད་ཅིང་། ཉེ་ལམ་སློབ་གྲྭ་དེའི་མཐའ་མཇུག་གི་སློབ་མ་སུམ་ཅུ་ཙམ་བསླབ་པ་མཐར་སོན་བྱུང་རྗེས། རྒྱ་ནག་གཞུང་གིས་དངོས་སུ་སློབ་གྲྭ་དེ་སྒོ་བརྒྱབ་བཅུག་ཡོད་སྐོར་སོགས་བརྗོད་བྱུང་།

གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་དང་འབྲེལ་ནས་དེ་སྔ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གིས། ལྷག་བསམ་དང་དཀའ་ལས།  སྙིང་རུས་དང་རིགས་ཞེན།  དུས་ཚོད་དང་དངུལ་ནོར་སོགས་ཀྱི་མཐུ་ལ་ལྟོས་ཤིང་། དགེ་རྒན་དང་ལས་བཟོ་བ།  སྒྲིག་ལམ་དམ་སྲུང་སོགས་མདོར་ན་འབད་རྩོན་དང་དཀའ་བ་བརྒྱ་ཕྲག་གི་འབྲས་བུ། བདག་གི་རིགས་ཞེན་དང་རུས་པ་ནི་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་འདི་ཡིན་ནོ།། ཞེས་གསུངས་འདུག

སློབ་གྲྭ་དེའི་སློབ་མ་དང་སློབ་ཟུར་རྣམས་ཀྱིས་སྐྱོ་ངལ་དང་བཅས་རང་གི་སྐད་འཕྲིན་རྒྱབ་ལྗོངས་སུ། སྐྱེས་བུ་དམ་པ་ཁོང་སྐུ་ཚེ་གང་བོར་རྒྱལ་བསྟན་དང་གངས་རིའི་ཆེད་དུ་ཡོད་ཚད་འབུལ་ནས་ཕེབས་སོང་། གང་གི་ཞལ་གསུང་ཚན་པ་གཅིག་ལས། བདག་གི་རིགས་ཞེན་དང་རུས་པ་ནི་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་འདི་ཡིན་ནོ།།  ཞེས་གསུངས་ཡོད། ཅེས་དང་། སློབ་གླིང་དང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་པར་སོགས་བཞག་སྟེ་སེམས་འཚབ་ཆེན་པོ་བྱེད་ཀྱིན་ཡོད་པ་རེད།

བོད་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་ཉེ་འགྲམ་དུ་ཡོད་པའི་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་ནི་ཞིང་གཤེགས་དམ་པ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གིས་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༦ ཉིན་ཆེད་འཛུགས་གནང་བ་ཞིག་ཡིན་ཞིང་། སློབ་གྲྭ་དེའི་ནང་བོད་ཡིག་གཙོས་བོད་ཀྱི་རིག་གཞུང་ཆེད་སྦྱོང་བྱེད་ཀྱིན་ཡོད་པ་མ་ཟད། དབྱིན་ཡིག རི་མོ། ཐང་ཀ ཡིག་གཟུགས་གཙོས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྦྱང་བརྩོན་བྱ་སའི་སློབ་གླིང་ཆེན་པོ་ཞིག་ཡིན་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༡ ཟླ་ ༧ པའི་ཟླ་མགོར་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབ་པ་དང་འབྲེལ་ནས། མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ཀྱི་སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གྲྭ་དང་། རྨ་ཆེན་རྫོང་ཁོངས་ཀྱི་སློབ་གྲྭ་གསུམ།  དགའ་བདེ་རྫོང་ཁོངས་ཀྱི་སློབ་གྲྭ་གཅིག དེ་བཞིན་གཅིག་སྒྲིལ་རྫོང་ཁོངས་ཀྱི་སློབ་གྲྭ་གཉིས་བཅས་སྒེར་གཉེར་སློབ་གྲྭ་ཁག་བདུན་སྒོ་བརྒྱག་དགོས་པའི་བཀའ་བཏང་སྟེ་སྒོ་བརྒྱབ་བཅུག་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡༤ ཉིན་རྒྱ་ནག་གཞུང་གིས་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་གྱིས་སྒོ་བརྒྱབ་ཡོད་པ་རེད།

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གིས་ཕྱི་ལོ་ ༢༠༠༤ ལོར་མཚོ་སྔོན་ཞིང་ཆེན་གེ་སར་གཞན་ཕན་ཐེབས་རྩ་གསར་འཛུགས་གནང་སྟེ་གེ་སར་རིག་གནས་རྒྱུན་འཛིན་ཐད་ཕྱག་ལས་མང་པོ་གནང་།  ཕྱི་ལོ་ ༢༠༠༧ ལོ་ནས་མགོ་ལོག་ཁུལ་སྲིད་གཞུང་དང་སློབ་གསོ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་དགེ་སློབ་ཆིག་སྟོང་ཙམ་ཡོད་པའི་ཧཱུྃ་ཀར་རྡོ་རྗེ་མི་རིགས་ལག་རྩལ་མཐོ་འབྲིང་གསར་འཛུགས་གནང་བ་སོགས་བོད་ཁུལ་གྱི་རོང་འབྲོག་གི་བྱིས་པ་སྟོང་ཕྲག་མང་པོར་རིན་མེད་ཐོག་ཤེས་ཡོན་སློབ་གསོའི་གོ་སྐབས་ཐོབ་སླད་སློབ་གྲྭ་ཆུང་འབྲིང་ ༡༤ ཙམ་སྔ་གཞུག་ཏུ་ཆེད་འཛུགས་གནང་ཡོད་པ་དང་། དེ་བཞིན་དགོན་པ་དང་བཤད་གྲྭ་མང་པོ་ཕྱག་བཏབ་སྟེ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་མཛད་འཕྲིན་རླབས་ཆེན་བསྐྱངས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་ལ་ཆབ་སྲིད་ཀྱི་སྙོན་འཛུགས་སྣ་ཚོགས་བྱས་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese