མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡོག་གཏུག་གི་ཁ་མཆུ་དང་འབྲེལ་བའི་ཉན་ཞིབ་འཚོགས།

བོད་ཀྱི་དུས་བབ།
༢༠༢༦/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཙན་བྱོལ་བོད་མིའི་ཁ་མཆུ་ཨང་ ༢༢ པ་དང་འབྲེལ། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྩོད་ལན་པ་དབུས་འོས་བསྡུ་ལས་ཁང་གིས་ཞུ་སྦྱོར་བ་ཁ་མཆུར་གཏུགས་པ་རྩིས་མེད་བཏང་བའི་ཐག་གཅོད་གནང་སོང་ལ། དེ་བཞིན་ཚེས་ ༡༩ ཉིན་ཞུ་སྦྱོར་བས་འོས་བསྡུ་ལས་ཁང་གི་ལས་བྱེད་ཁག་ཅིག་ལ་ཁྲིམས་མཐུན་གྱི་ཉེན་བརྡའང་བཏང་ཡོད་འདུག

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ནས་བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་མང་གཏུག་བཤེར་གྱི་དོན་ཚན་ ༣༥ ཡི་དགོངས་དོན་བཞིན། ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ པ་བལ་ཡུལ་མཆོད་འཇོར་ཁུལ་གྱི་དགོན་སྡེ་དྲུག་དང་མི་མང་ཁག་ཅིག་གི་འོས་བསྡུའི་ཐོབ་ཐང་འཕྲོག་པའི་གྱོད་གཞི་དང་འབྲེལ་ཕྱོགས་གཉིས་ཀྱི་ལྡོག་གཏུག་གི་ཞུ་རྩ་དང་། ཞུ་ལན་ཐོག་ངེས་བརྟན་བཟོ་རྒྱུའི་ཐོག་མའི་ཉན་ཞིབ་འཚོགས་ཏེ་ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ནས་ཕྱིར་ལོག་གནང་སོང་ལ། དེ་རིང་ཁྲིམས་རར་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་གཙོས་དབུས་ཁྲིམས་ཞིབ་པ་གཞན་གཉིས་དང་། ཞུ་སྦྱོར་བ་བལ་ཡུལ་དགོན་སྡེ་དྲུག་དང་མི་མང་ཁག་ཅིག་གི་སྐུ་ཚབ་བློ་བཟང་ཚེ་རིང་ལགས་དང་ཁྲིམས་རྩོད་པ། རྩོད་ལན་པ་དབུས་འོས་བསྡུ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་སོགས་ཆེད་ཕེབས་གནང་སོང་། 

གནད་དོན་དེ་དང་འབྲེལ་ནས་ཞུ་སྦྱོར་བའི་སྐུ་ཚབ་བོད་ཀྱི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས། དེ་རིང་ཁ་མཆུའི་ཉན་ཞིབ་དེ་ཕྱིན་པ་རེད། སྤྱིར་བཏང་ཁ་མཆུ་དེའི་བྱུང་སྟངས་སྐོར་ལ་མདོར་བསྡུས་ཤིག་བཤད་ན། སྤྱིར་བཏང་དེ་སྔོན་དབུས་འོས་བསྡུ་ལྷན་ཁང་གིས་ཁ་མཆུ་ ༢༢ དང་འབྲེལ་བའི་ཞུ་ལན་ཕུལ་ཡོད། ང་ཚོར་ཕྱི་ཚེས་ ༡༩ ཉིན་ཁ་མཆུ་ ༢༢ དང་ལྡོག་གཏུག་གི་ཁ་མཆུ་ཞིག་ཀྱང་བྱུང་བ་རེད། ལྡོག་གཏུག་གི་ཁ་མཆུ་ཟེར་ན་ང་ཚོར་ཚུར་ཁ་མཆུ་བརྒྱབ་པ་རེད། ལྡོག་གཏུག་གི་ཁ་མཆུ་དེའི་ནང་གཟིགས་ཡོད་ན། གཙོ་བོ་ཉེས་མེད་ཉེས་འཛུགས་ཚད་མཐོ་བོའི་སྒང་ནས་བྱས་ཡོད་རེད། དབུས་འོས་བསྡུ་ལྷན་ཁང་དུ་ཕྱག་ལས་གནང་མཁན་གཙོ་བོ་གཞུང་ཞབས་པ་ཞིག་ཀྱང་ཆགས་ཀྱི་ཡོད་སྟབས། ཉེས་མེད་ཉེས་འཛུགས་དེ་འདྲ་ཞིག་བྱེད་དུས། དངོས་གནས་དེ་འདྲ་ཞིག་ཡིན་ན་བསམ་པའི་སེམས་ནང་ཚོར་བ་ཞིག་དང་། གང་ཟག་དེ་རིང་འདིར་ལངས་བསྡད་པ་ཡིན་ཡང་།  བོད་ནས་བྲོས་ཏེ་བཙན་བྱོལ་དུ་བསླེབས་ནས་སློབ་ཐོན་བྱུང་བ་ཞིག་ཡིན་ལ། ད་ལྟ་ཡིན་ནའང་སོ་སོའི་གཞུང་ལའང་ཕན་ཐོགས་ཡ་མ་གཏོགས་གནོད་སྐྱེལ་བའི་སེམས་བློ་ཡུལ་ལའང་མེད། ད་ལྟ་གནས་སྟངས་ག་རེ་ཆགས་འདུག་ཟེར་ན། ཁ་སང་ཕྱི་ཚེས་ ༡༩ ཉིན་དབུས་འོས་བསྡུ་ལྷན་ཁང་གི་ལས་བྱེད་ཁག་ཅིག་ལ་ཁྲིམས་མཐུན་གྱི་ཉེན་བརྡ་ཞིག་བཏང་ཡོད་རེད་ལ། ཉེས་བརྡ་བཏང་བའི་གནས་བབ་ཀྱང་དེ་འདྲ་བྱས་ནས་ཆགས་སོང་། ཞེས་བརྗོད་བྱུང་། 

ཡང་ཁྲིམས་རྩོད་པ་རིན་ཆེན་དབང་རྒྱལ་ལགས་ཀྱིས། ཁ་མཆུ་ཨང་ ༢༢ པའི་ངོ་ཚབ་ཆགས་ཀྱི་ཡོད་རེད། དེ་རིང་ཉན་ཞིབ་འཚོགས་པ་དེ་ཁ་མཆུ་ཨང་ ༢༢ པའི་རྐྱེན་རྩ་ལ་བརྟེན་ནས། ཞུ་རྩ་ཞུ་ལན་ཕུལ་དགོས་ཀྱི་ཡོད་པ་ནང་བཞིན། ཞུ་ལན་དང་མཉམ་ལྡོག་གཏུག་གི་ཁ་མཆུ་ཞིག་བྱུང་བ་རེད། ལྡོག་གཏུག་གི་ཁ་མཆུའི་ནང་ལ་རྩ་བའི་དོན་ཚན་དྲུག་ཡོད་པའི་ཁྲོད། དོན་ཚན་ལྔ་བ་དང་འབྲེལ་ནས་ཁྲིམས་མཐུན་གྱི་ཉེན་བརྡ་བཏང་ཡོད་རེད། དེའི་ནང་དོན་དེར་སྤྱི་དམངས་ཁྲིམས་ཡིག་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནང་དོན་གྱི་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྐུ་དབང་གི་ཁྱབ་ཚད་ལ་མེད་པ་སོང་ཙང་། ཁྲིམས་མཐུན་གྱི་ཉེན་བརྡ་དེ་གཏང་དགོས་པའི་རྒྱུ་མཚན་དེ་ལ་ཐུག་ཡོད་རེད། ཡིན་ཡང་། དེའི་བྱུང་རྐྱེན་དང་དེ་གཏོང་དགོས་དོན་ནི་ཁྲིམས་ཞིབ་པ་བྱམས་པ་ལགས་ཀྱིས་གསུངས་བ་བཞིན་རེད།  ཅེས་དང་། སྤྱིར་ཁ་མཆུ་ཨང་ ༢༢ པ་དེ་མུ་མཐུད་ནས་འགྲོ་ཡི་རེད་དེ། དེ་རིང་ཁྲིམས་ཞིབ་པ་རྣམས་ཀྱིས་གསུང་རྒྱུ་དེ་ལྡོག་གཏུག་གི་ཁ་མཆུ་ནུས་མེད་ཡིན་ཞེས་གསུང་གི་ཡོད་རེད། ང་ལ་ཁས་ལེན་གྱི་ཡི་གེ་དེ་ཀློག་འདོན་བྱེད་དུ་བཅུག་སྟེ། ནང་དོན་རྣམས་རྣམ་པ་ཚོས་གསན་ཡོད་ངེས་རེད། དེའི་འགན་དབང་ང་ལ་ཡོད་པ་ནང་བཞིན་དབུས་འོས་བསྡུ་ལྷན་ཁང་ལའང་གཅིག་པ་གཅིག་རྐྱང་ཡོད་རེད། ཅེས་བརྗོད་བྱུང་། 

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦

ཞུ་སྦྱོར་བ་བློ་བཟང་ཚེ་རིང་ལགས་ཀྱིས། ད་བར་ང་ཚོས་ཞུ་གཏུག་བྱས་ནས་ཟླ་བ་གཉིས་མ་ཟིན་ཙམ་འགྲོ་ཡི་ཡོད་ཀྱང་། ད་བར་ཉམས་ཞིབ་གཅིག་ཀྱང་གནང་ཡོད་མ་རེད། ང་ཚོས་མི་མང་ཉམ་ཆུང་ལ་ག་རེ་བྱུང་བ་དེ་བདེན་པ་ཞུ་ཡི་ཡོད་རེད་མ་གཏོགས། གཞན་པ་གང་ཡང་ཞུ་ཡི་མེད་པས་དེར་དགོངས་བཞེས་གནང་དགོས་རེད། ད་བར་ཐེངས་བཞི་ལ་ཞུས་ཀྱང་ཉན་ཞིབ་འཚོག་གནང་ཡོད་མ་རེད། ཁྲིམས་ལུགས་ཀྱི་འགྲོ་སྟངས་དེ་ངས་མི་ཤེས་ཀྱང་། ངས་ང་ཚོ་མི་མང་ལ་བདེན་པ་བདེན་གཏུགས་ཀྱི་མཐོང་ཆུང་དང་ཁྱད་གསོད་བྱས་པའི་གནད་དོན་ཞུས་ཀྱང་ཉན་ཞིབ་གནང་ཡོད་མ་རེད། མ་གནང་བ་ཡིན་ནའང་ཁྲིམས་ཀྱི་ཐག་གཅོད་གནང་དགོས་པའང་མགྱོགས་པོ་གནང་ན་ཡག་པོ་འདུག་མ་གཏོགས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མི་མང་ཉམ་ཆུང་གིས་གཏུག་ས་དེ་ཁྲིམས་ཞིབ་ཁང་བཙུགས་ཡིན་གསུང་གི་ཡོད་པས། དེ་ལྟར་གནང་དགོས་རེད། ཁྲིམས་ཞིབ་པ་རྣམ་པ་གསུམ་དང་ལས་བྱེད་སུ་ཡིན་ནའང་། དམ་འབུལ་ཞུ་དུས་ག་རེ་བྱས་ནས་དམ་འབུམ་ཞུས་གནང་ཡོད་རེད། དེ་གཞིར་བཟུང་ཕྱག་ལས་ཤིག་གནང་དགོས་རེད། ང་ཚོ་མི་མང་ཉམ་ཆུང་གིས་ཁྲིམས་གང་ཡང་ཤེས་ཀྱི་མ་རེད་དེ། ང་ཚོས་བདེན་པ་གང་ཡིན་པ་དེ་ཞུ་ཡི་ཡོད་མ་གཏོགས་རྫུན་མ་ཞུ་ཡི་མེད། ཅེས་བརྗོད་བྱུང་། 

དེ་རིང་འདི་གའི་གསར་འགོད་པས། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་སུ། ལྡོག་གཏུག་གནང་དགོས་དོན་དང་ཁ་མཆུ་ཨང་ ༢༢ དང་འབྲེལ་བའི་ཐད་བཀའ་འདྲི་ཞུ་ཐབས་བྱས་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ ༢༢ དང་འབྲེལ་བའི་ཐད་ཁ་མཆུ་མཇུག་མ་སྒྲིལ་བར་གང་ཡང་བཤད་ཆོག་གི་མེད་སྐོར་གྱི་བཀའ་དགོངས་བཞིན། གང་ཡང་བཤད་ཡ་མེད། ཅེས་གསུངས་སྟབས། ང་ཚོས་ཐེངས་གཉིས་ལ་ཆེད་བཅར་ཞུས་ཏེ་ཡང་དང་བསྐྱར་དུ་བཀའ་འདྲི་ཞུ་ཐབས་བྱས་ཀྱང་། བཀའ་ལན་གང་ཡང་གནང་མ་སོང་བས། གསར་འགོད་པ་རྣམས་ལ་རྩོད་ལན་པ་དང་འབྲེལ་བའི་གནས་ཚུལ་མཁོ་བསྡུ་དང་ཞིབ་དཔྱོད། རྒྱུས་ལོན་བྱ་རྒྱུའི་གོ་སྐབས་མ་བྱུང་། 

འདི་ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་བལ་ཡུལ་མཆོད་འཇོར་ཁུལ་གྱི་འོས་བསྡུ་ཚགས་ཚུད་མ་བྱུང་བའི་ལབ་གླེང་ཞུ་གཏུག་བྱུང་བ་ལྟར། དབུས་འོས་བསྡུ་ལས་ཁང་གིས་འབྲེལ་ཡོད་ལ་འདྲི་བརྩད་དང་འོས་ཤོག་ལ་ཞིབ་འཇུག་གནང་བ་བརྒྱུད། ཕྱི་ཟླ་ ༤ ཚེས་ ༢༣ ཉིན་མཆོད་འཇོར་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཀྱི་མིང་ཐོག་ཏུ་ཐག་གཅོད་ཡི་གེ་ཞིག་བཏང་སྟེ། འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ཁག་དང་འགལ་འཛོལ་ཚབས་ཆེན་བྱུང་ཡོད་པ་ར་འཕྲོད་བྱུང་བ་གཞིར་བཟུང་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་ཞུ་རྒྱུའི་ཐག་གཅོད་གནང་བ་ཡིན་སྐོར་བཀོད་ཡོད་པ་རེད། 

དབུས་འོས་བསྡུ་ལས་ཁང་གི་པར།

ཕྱི་ཟླ་ ༥ ཚེས་ ༥ ཉིན་གྱི་ཉིན་རྒྱབ་ཏུ་བལ་ཡུལ་ནས་ཕེབས་པའི་བློ་བཟང་ཚེ་རིང་ལགས་ཀྱིས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བརྒྱུད་བལ་ཡུལ་མཆོད་འཇོར་མི་མང་ལ་དངོས་གཞི་འོས་བསྡུའི་ཐོབ་ཐང་འཕྲོག་པའི་གནད་དོན་དང་འབྲེལ་ནས་དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་བྱས། ཕྱི་ཚེས་ ༧ ཉིན་ཁྲིམས་གཏུགས་ངོས་བཞེས་ཀྱིས་ཁ་མཆུ་ཨང་ ༢༢ པར་ངོས་བཞེས་དེབ་འགོད་གནང་། ཕྱི་ཚེས་ ༨ ཉིན་ཞུ་སྦྱོར་བས་བཙན་བྱོལ་བོད་མིའི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༧༦ པའི་དགོངས་དོན་བར་བརྒལ་གྱི་བཀའ་ཁྱབ་གཏོང་གནང་ཡོང་བའི་སྙན་ཞུ་ཕུལ་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese