མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

བོད་ཀྱི་དུས་བབ།
༢༠༢༦/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོའི་མི་ཚེ་དང་འབྲེལ་བའི་དབྱིན་ཡིག་དཔེ་དེབ་ཅིག་དབུ་འབྱེད་གནང་སྟེ། རིན་པོ་ཆེ་མཆོག་རྒྱ་གཞུང་གིས་སྐུ་བཀྲོངས་ནས་མི་ལོ་བཅུ་གཅིག་འཁོར་བའི་དུས་དྲན་སྲུང་གཙི་ཞུས། 

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༧།༡༣

དེ་རིང་དྷ་ས་ནོར་བུ་གསོལ་མགྲོན་ཁང་དུ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་སྐུ་བཀྲོངས་ནས་མི་ལོ་བཅུ་གཅིག་འཁོར་བའི་དུས་དྲན་དང་། ཚ་མོ་ཉི་མ་ལྷ་མོ་ལགས་ཀྱི་མི་ཚེ་དང་འབྲེལ་བའི་དཔེ་དེབ་ (NO TONGUES IN THEIR MOUTHS: ALLEGATIONS OF ASSASSINATION IN TENZIN DELEK RINPOCHE’S DEATH) ཅིག་དབུ་འབྱེད་གནང་སོང་། མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པའི་ཚོགས་གཙོ་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་སོགས་ཆེད་ཕེབས་གནང་འདུག 

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས། དེ་རིང་ང་ཚོས་དཔེ་དེབ་གཅིག་དབུ་འབྱེད་ཀྱི་ཐོག་ནས་བོད་དོན་དང་འབྲེལ་བའི་གནས་ཚུལ་གལ་ཆེན་ཞིག་འཛམ་གླིང་ས་གནས་ཁག་གི་ཀློག་པ་པོར་ངོ་སྤྲོད་བྱེད་ཀྱི་ཡོད། ཐོག་མར་ངས་བརྗོད་དགོས་པ་ཞིག་ལ་དེ་རིང་གལ་ཆེའི་སྐུ་མགྲོན་གཉིས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་ལོ་རྒྱུས་དང་མཛད་པ་འཕྲིན་ལས་དང་འབྲེལ་བའི་གནད་དོན་ཐད་ཞིབ་ཕྲའི་ངོ་སྤྲོད་གནང་རྒྱུ་རེད། ངས་འདི་ནས་ཁོང་གི་རིན་ཐང་བྲལ་བའི་མཛད་པ་འཕྲིན་ལས་དེ་དག་བསྐྱར་བཤད་མ་ཞུས་པར་ད་རེས་དཔེ་དེབ་འདི་དབྱིན་སྒྱུར་བྱེད་པའི་རིན་ཐང་དང་། དེབ་འདིའི་རྩོམ་པ་པོ་ཉི་མ་ལྷ་མོ་ལགས་ཀྱི་ཁྱད་དུ་འཕགས་པའི་འགྲུལ་བཞུད་སྐོར་ལ་བཤད་འདོད་བྱུང་། དེབ་འདི་ལྟ་ཀློག་བྱས་པའི་བརྒྱུད་རིམ་ནང་ངའི་སེམས་ལ་བག་ཆགས་ཆེ་ཤོས་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་ལོ་རྒྱུས་ཙམ་མ་ཡིན་པར་ད་ལྟའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གྱོད་གཞི་ཆེན་པོ་ཞིག་གི་དཔང་མི་ཡིན་པའི་བོད་རིགས་གཞོན་ནུ་མ་ཞིག་གི་ལོ་རྒྱུས་དེ་རེད། ཉི་མ་ལྷ་མོ་ལགས་ཀྱིས་ཁོང་གི་ཨ་ཞང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་དང་། དེ་བཞིན་སློབ་གྲྭ་གསར་འཛུགས་དང་ཁོར་ཡུག་སྲུང་སྐྱོབ་སོགས་སྤྱི་ཕན་གྱི་ཆེད་དུ་སྐུ་ངལ་ཇི་ཙམ་ཁྱད་བསད་གནང་བ་དངོས་སུ་མཐོང་ཡོད་ལ། མཐར་འཛིན་བཟུང་དང་། བཙོན་འཇུག་བཅས་ཀྱི་རྐྱེན་པས་ཁོང་གི་སྐུ་སྲོག་ཤོར་བའི་གནས་ཚུལ་ཡང་དངོས་སུ་མཐོང་ཡོད། ཡིན་ནའང་། ང་ལ་སེམས་འགུལ་ཆེ་ཤོས་ཐེབས་ས་ནི་དེའི་རྗེས་སུ་བྱུང་བའི་གནས་ཚུལ་རྣམས་རེད། མི་མང་པོ་ཞིག་གོད་ཆག་དེ་འདྲའི་འོག་གཉའ་ཆག་སྲིད་ཀྱང་། ཉི་མ་ལྷ་མོས་དེ་ལས་ལྡོག་སྟེ་བདེན་པ་དང་འགན་ཁྲི་ལྗིད་པོ་འཁུར་རྒྱུ་དེ་གདམ་ཁ་བྱས་པ་རེད། ཁོ་མོས་རང་ཉིད་ཀྱི་ཨ་ཞང་སྐུ་སྲོག་ཤོར་བའི་གནས་ཚུལ་དེ་དག་ཁུ་སིམ་ངང་ཡལ་དུ་མི་འཇུག་པའི་ཆེད་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་བྱས་ཡོད། ཅེས་བརྗོད་སོང་། 

ཁོ་མོས། དཔེ་དེབ་འདིའི་ཡིད་དབང་འཕྲོག་པའི་གནད་དོན་གཞན་ཞིག་ནི་ཉི་མ་ལྷ་མོས་རང་ཉིད་ལ་འཕྲད་པའི་དཀའ་སྡུག་འདི་དག་གིས་རང་ཉིད་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་པའི་ཐད་བདེན་པ་བདེན་ཐུབ་ཀྱིས་འགྲེལ་བརྗོད་བྱས་པ་དེ་རེད། དྲང་བདེན་མིན་པའི་གནོན་ཤུགས་ཀྱིས་རྐྱེན་པས་ཐ་ན་ཁོ་མོའི་འཚོ་གནས་ལ་ཉེན་ཁ་ཐུག་པའི་གནས་སྟངས་ཡང་གསལ་པོར་འགྲེལ་བརྗོད་བྱས་ཡོད། ཁོ་མོའི་ཞུམ་པ་མེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་ཡོད། སྙིང་སྟོབས་ལ་བརྟེན་ནས་ནམ་ཡང་རེ་བ་མི་བརླག་པ་བྱ་དགོས་ཟེར་བ་དེ་ཁ་ནས་བཤད་པ་ཙམ་མ་ཡིན་པར། གཏན་ནས་མེད་པའི་སྐབས་སུའང་མུ་མཐུད་ནས་མདུན་བསྐྱོད་བྱེད་པའི་གདམ་ཁ་བྱེད་པ་དེ་རེད། ཉི་མ་ལྷ་མོ་ལགས་ཀྱིས་མུ་མཐུད་ནས་རྩོམ་འབྲི་དང་། གཏམ་གླེང་། འགན་འཁུར་དང་དྲང་བདེན་གླེང་བར་ཕེབས་པ་དེ་ནི་འགོག་རྒོལ་གྱི་བྱ་སྤྱོད་ཅིག་ཡིན། དེ་ལྟ་བུའི་དཀའ་ངལ་ལ་གདོང་ལེན་བྱས་པའི་སྙིང་སྟོབས་ནི་དཔེ་དེབ་འདི་ཀློག་དགོས་པའི་རྒྱུ་མཚན་དེ་རེད། ང་ཚོས་རིན་པོ་ཆེ་མཆོག་གི་གྱོད་གཞིར་ཕྱིར་མིག་བལྟ་སྐབས་ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་དང་། སྤྱི་ཚོགས་ཞབས་ཞུའི་ལས་དོན་ལ་འབད་བརྩོན་བྱས་པའི་རྐྱེན་གྱིས་དམ་དྲག་དང་བལྟ་སྲུང་འོག་ཚུད་པ་དང་། དེའི་རྗེས་གང་བྱུང་འཇུ་བཟུང་དང་། བཙོན་འཇུག་བྱས་ཏེ་མཐར་སྐུ་སྲོག་ཤོར་བའི་གནས་ཚུལ་དེ་དག་མཐོང་ཡོད་པས། དེ་ནི་མི་སྒེར་གྱི་ལོ་རྒྱུས་ཙམ་ག་ལ་ཡིན། ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཆ་མཚོན་ན། དཔེ་དེབ་འདིས་བོད་ནང་ཡོངས་གྲགས་ཡིན་པའི་གནས་ཚུལ་མང་པོ་ཞིག་མཚོན་ཡོད་པ་སྟེ། ཆོས་ལུགས་དང་རིག་གཞུང་གི་རང་དབང་བཙན་འཕྲོག་དང་། གང་བྱུང་བཀག་ཉར། འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ལྟ་ཞིབ་ཚོགས་སྡེ་ཁག་གིས་དྲང་བདེན་དང་ཁྲིམས་ཀྱི་གོ་རིམ་མེད་པར་སྐྱོན་བརྗོད་བྱས་པའི་ཁྲིམས་ཐོག་གི་བྱ་སྤྱོད་དང་། བཀག་ཉར་ཁང་དུ་མནར་གཅོད་དང་སྡུག་སྦྱོང་བཏང་བ་དང་། མཐར་ཚེ་སྲོག་ཤོར་བའི་གྱོད་གཞི་དེ་དག་རེད། ཅེས་བརྗོད་སོང་། 

ཡང་ཁོ་མོས། དེབ་འདི་དབྱིན་སྐད་ཤེས་མཁན་གྱི་ཀློག་པ་པོར་ངོ་སྤྲོད་བྱས་ཏེ་ཉི་མ་ལྷ་མོའི་ལོ་རྒྱུས་དེ་འཛམ་གླིང་ས་གནས་གང་སར་ཡོད་པའི་སྲིད་ཇུས་གཏན་འབེབས་བྱེད་མཁན་དང་། ཤེས་ཡོན་ཅན། གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་སོགས་ཀློག་པ་པོར་ངོ་སྤྲོད་བྱེད་འདོད་ཡོད་ལ། ཐབས་ལམ་འདི་ལ་བརྟེན་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གྱོད་གཞིར་སྔར་ལས་ལྷག་པའི་ཤེས་རྟོགས་ཟབ་ཏུ་འགྲོ་བ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྔར་ལས་ལྷག་པའི་དོ་སྣང་ཡོང་བའི་རེ་བ་བྱེད་བཞིན་ཡོད། ང་ཚོས་དབྱིན་ཡིག་གི་པར་གཞི་འདི་དཔར་སྐྲུན་བྱེད་པའི་དམིགས་ཡུལ་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་དང་ཉི་མ་ལྷ་མོས་བདེན་དོན་འཚོལ་བའི་ཆེད་དུ་བློས་གཏོང་གནང་བའི་སྙིང་སྟོབས་དེ་དག་མི་རབས་རྗེས་མའི་དྲན་པའི་ནང་རྒྱུན་གནས་ཐུབ་པའི་ཆེད་དུ་ཡིན་ལ། ལོ་རྒྱུས་འདི་དག་ཉར་ཚགས་བྱས་པ་དེ་ཡང་དྲང་བདེན་གྱི་བྱ་སྤྱོད་གཅིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད། འགན་འཁྲི་ནི་དྲན་པ་ནས་འགོ་འཛུགས་དགོས་པ་དང་། དྲན་པ་ནི་དྲང་བདེན་བརྗོད་དགོས་པ་དེ་ཡིན། དཔེ་དེབ་འདི་ལྟ་ཀློག་བྱེད་མཁན་ཚང་མས་དེ་ནི་ཁྱིམ་ཚང་གཅིག་དང་མི་སྒེར་པ་གཅིག་གི་སྒྲུང་གཏམ་ལྟ་བུར་ངོས་འཛིན་མི་བྱེད་པར་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྔར་ལས་ལྷག་པའི་བསམ་གཞིགས་དང་། དྲང་བདེན། འགན་འཁྲི་བཅས་ཆེད་ང་ཚོ་ཐུན་མོང་གི་དམ་བཅའ་འཇོག་པའི་འབོད་བརྡ་ཞིག་ལ་ངོས་འཛིན་བྱེད་པའི་རེ་བ་འཆང་བཞིན་ཡོད། ཅེས་བརྗོད་སོང་། 

བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ལ་ཆ་མཚོན་པ་ཡིན་ན། ཁོང་གི་སྐུ་ཚེའི་ལོ་རྒྱུས་ལས་བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གི་འོག་ནས་མནར་གཅོད་གང་འདྲ་མྱངས་ཡོད་མེད་དང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་ཆེད་དུ་སྐུ་ལས་ག་ཚོད་བསྐྱོན་ཡོད་མེད་ང་ཚོས་ཚོད་དཔག་ཐུབ་རྒྱུ་ཞིག་རེད། ཁོང་ནི་ང་ཚོའི་སྙིང་སྟོབས་ཀྱི་དཔའ་བོ་ཞིག་ཆགས་ཡོད་ལ། དམ་པ་ཁོང་བཙོན་འཇུག་བྱས་ཏེ་སྐུ་གྲོངས་པ་ཙམ་གྱིས་ང་ཚོས་རྗེས་དྲན་ཞུ་ཡི་ཡོད་མ་རེད། ཁོང་བཙོན་ཁང་ལ་ག་རེ་བྱས་ནས་ཕྱིན་པ་རེད། ག་རེ་བྱས་ནས་བཙོན་ཁང་དུ་དཀའ་སྡུག་མྱངས་ཡོད་མེད་ཀྱི་རྒྱུ་མཚན་དེར་བསམ་བློ་བཏང་ན། ད་གཟོད་ང་ཚོས་སྤྱི་ཚོགས་ཀྱི་བསླབ་བྱ་ག་རེ་བླང་དགོས་པར་བསམ་བློ་གཏང་རྒྱུའི་གཞི་ཞིག་རེད། ཅེས་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆ་ེམཆོག་གིས། ཕྱི་ལོ་ ༡༩༧༩ ལོར་བློ་བཟང་བསམ་གཏན་ལགས་གཙོ་བྱས་པའི་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་ཚོགས་ཆུང་ལ་ཉེན་ཁར་མ་འཛེམ་པར་གསང་སྟབས་ཀྱིས་ཕེབས་ནས། ལི་ཐང་དགོན་ཆེན་རྒྱ་ནག་གཞུང་གིས་གང་འདྲ་བྱས་ནས་གཏོར་བའི་གནས་ཚུལ་དེ་དག་སྙན་ལམ་དུ་འཁོད་པར་བྱས་འདུག གནད་དོན་དེའི་སྒང་ནས་ག་རེ་སྟོན་གྱི་རེད་ཟེར་ན། ཁོང་ཉིད་དགུང་ལོ་གཞོན་དུས་ནས་བོད་ཀྱི་ཁྱད་ནོར་དེ་དག་རྒྱ་ནག་གཞུང་གིས་ག་རེ་བྱས་ནས་མེད་པར་བཟོ་ཡི་ཡོད་མེད་དང་། རྒྱ་ནག་གིས་མེད་པ་གང་འདྲ་བཟོས་མིན་སོགས་དཔང་རྟགས་དང་བཅས་ལོ་རྒྱུས་ཀྱི་དེབ་ཐེར་དུ་གནས་དགོས་པར་གསལ་ངེར་མཁྱེན་གྱི་ཡོད་པ་རེད། དེ་གཅིག་པུར་བསམ་བློ་བཏང་ན། དེང་སང་ང་ཚོ་བོད་པའི་ནང་སེམས་ལ་བསམ་ཡང་བྱ་མི་ཐུབ་མཁན་མང་པོ་ཞིག་ཡོད་རེད། ཡིན་ཡང་། སེམས་ལ་བསམས་ནས་བྱ་ཐུབ་མཁན་ཁ་ཤས་ཤིག་རྒྱ་ནག་གཞུང་གིས་མེད་པར་བཟོ་དོན་ནི། དེ་དག་གིས་མགོ་ཁྲིད་ནས་རྒྱ་ཆེ་མང་ཚོགས་ཁོང་ཚོའི་རྗེས་སུ་ཕྱིན་པ་ཡིན་ན། རྒྱ་ནག་གཞུང་གི་མགོ་ཁྲིད་ཚོའི་དབང་ཆ་ལ་དོ་ཕོག་དང་དྲི་བ་ཡོང་གི་ཡོད་ཙང་། བྱས་པ་ཅན་གྱི་མི་སྣ་དེ་དག་མེད་པར་བཟོ་ཡི་ཡོད་རེད། ཅེས་གསུངས་སོང་། 

ཁོ་མོས། ཕྱི་ལོ་ ༡༩༨༠ ཡས་མས་ཤིག་ལ་བོད་ནང་ཕྲན་བུའི་གུ་ཡངས་འབྱུང་སྐབས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་མདུན་ལ་ཕེབས་ནས། རིགས་གནས་གསར་བརྗེ་སྐབས་སུ་དཀའ་ངལ་མང་པོ་ཞིག་བྱུང་བ་རེད། ད་ལྟ་ང་ཚོས་ག་རེ་བྱ་དགོས་འདུག་ཅེས་བཀའ་སློབ་ལམ་སྟོན་ཞུ་སྐབས། ༧པཎ་ཆེན་རིན་པོ་ཆེ་མཆོག་གིས་ད་གུ་ཡངས་ཕྱིན་པ་རེད། སྔོན་མ་ཞྭ་མོ་གཡོགས་པ་དེ་དག་ཕུད་རྒྱུ་དང་། དགོན་པ་དེ་དག་ཉམས་གསོ་ཞུ་རྒྱུའི་གོ་སྐབས་རག་གི་རེད་ཅེས་བཀའ་སློབ་གནང་ཡོད། གནས་སྟངས་དེ་འདྲ་ཞིག་གི་སྐབས་ལས་དོན་དེ་འདྲ་ཞིག་གཉེར་ཐུབ་པ་ནི་རླབས་ཆེན་ཞིག་རེད། དེ་བཞིན་ས་གནས་སྲིད་གཞུང་གིས་ཉེན་ཁ་ཡོད་རུང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་དང་དུ་བླངས་ནས་སྐུ་ལས་བསྐྱོན་འདུག དེ་དག་གིས་བོད་མི་རིགས་ཀྱི་སྙིང་སྟོབས་མཚོན་གྱི་ཡོད། བྱས་ཙང་ཁོང་སྙིང་སྟོབས་ཀྱི་མཚོན་རྟགས་ཤིག་ཡིན་སྟབས་རྗེས་དྲན་དང་། སྙིང་སྟོབས་དེ་ནས་ང་ཚོས་སྙིང་སྟོབས་ཤིག་བླངས་ནས་ཆང་ང་ཆུང་ངེའི་སྤྱི་ཚོགས་ཀྱི་གནད་དོན་དང་འགྲིག་མ་འགྲིག་ལ་མ་བལྟས་པར། དོན་དངོས་ཀྱི་ཐོག་ནས་རིན་པོ་ཆེ་མཆོག་གིས་ག་རེ་གནང་བ་ནང་བཞིན་གྱི་བོད་མི་རིགས་ལ་ཞབས་ཕྱི་ཞུ་རྒྱུའི་བསམ་བློ་གཏང་དགོས་ཀྱི་ཡོད་རེད་མ་གཏོགས། དྲ་ལམ་ཁག་ལ་སྐད་ཅོར་བརྒྱབ་ནས་སྤྱི་ཚོགས་དེ་གཏོར་བཤིག་བཏང་ཐུབ་ཙམ་བྱས་པ་ཡིན་ན། ངས་རྒྱལ་གཅེས་བློས་གཏོང་གནང་མཁན་གྱི་དཔའ་བོ་དཔའ་མོ་དེ་དག་ལའང་ལས་རྒྱུ་འབྲས་འགྲོ་ཡི་མ་རེད་བསམ་གྱི་འདུག ང་ཚོ་མིའི་སྤྱི་ཚོགས་རེད། ཤེས་ཡོན་སྣ་ཚོགས་ཡོད་རེད། ཤེས་པ་ཕྱེད་ཀ་དང་མ་ཤེས་པ་ཕྱེད་ཀ་ཡོང་གི་རེད་ལ། སྐུ་གྲལ་བསྒྲིགས་པ་འདྲ་ཡོང་གི་མ་རེད་དེ། བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ལ་རྒྱ་ཡི་ཆེད་དུ་ག་རེ་བྱ་དགོས་མིན་དང་། ད་ལྟ་སེམས་ན་བསམ་པ་དང་མགྲིན་ནས་བསྒྲག་དགོས་པའི་དུས་སྐབས་ཤིག་རེད་ལ། རང་ཉིད་འདོད་པ་མ་ཚིམས་པ་དང་དྲང་པོ་མ་ཆགས་པའི་རིགས་ཡོང་གི་ཡོད་ཀྱང་། བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཆེད་དུ་ཞབས་ཕྱི་ག་རེ་བསྒྲུབ་དགོས་མིན་ཐད་བསམ་བློ་གཏང་དགོས་རྒྱུ་ཞིག་རེད། ཅེས་གསུངས་སོང་། 

ཡང་ཁོ་མོས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་བོད་ཀྱི་ན་གཞོན་ཤེས་ཡོན་ཅན་གང་མང་སྐྱེས་སྲིང་བྱ་རྒྱུར་དམིགས་ནས། བོད་མི་གཞོན་སྐྱེས་རྣམས་ཀྱིས་ཤེས་རིག་ལ་སྦྱང་བརྩོན་དགོས་པའི་བསླབ་གདམས་གནང་བ་དང་སྦྲགས། བོད་ནང་དུ་སློབ་གྲྭ་གསར་འཛུགས་དང་དབུལ་ཕོངས་ཀྱི་བྱིས་པ་རྣམས་ལ་ཟས་གོས་གནས་མལ་ཚང་མ་སྦྱིན་ནས་ཤེས་ཡོན་གྱི་གོ་སྐབས་གནང་སྟེ་བོད་མི་ན་གཞོན་ཤེས་ཡོན་པ་སྐྱེས་སྲིང་བྱེད་པར་སྐུ་ལས་ཚད་མེད་བསྐྱོན་ཡོད་སྐོར་དང་། རྒས་ཁོག་རྣམས་ལ་རྒས་གསོ་ཁང་གསར་འཛུགས།  བོད་ཀྱི་རང་བྱུང་ཁོར་ཡུག་བདག་གཅེས་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་ཀྱི་ཤིང་ནགས་གཅོད་བྲེག་བྱས་པར་ངོ་རྒོལ་ཤུགས་ཆེན་གནང་བ་སོགས། བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་། ཁོར་ཡུག་བདག་གཅེས། བོད་སྐད་ཡིག་སྦྱང་བརྩོན། བོད་ཀྱི་ཡུལ་སྲོལ་གོམས་གཤིས་བདག་གཅེས་ཀྱི་ཐད་ལ་སྐུ་ལས་བསྐྱོན་ནས། མཐར་རྒྱ་ནག་གཞུང་གི་མིག་ལམ་གྱི་ཚེར་མ་ལྟ་བུར་གྱུར་ནས་སྐུ་བཀྲོངས་པ་ཡིན་སྐོར་སོགས་གསུངས་སོང་ལ། དེ་བཞིན་དེ་རིང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པའི་ཚོགས་གཙོ་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་དང་། སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས། བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ནང་གི་བོད་མི་རྣམས་ཀྱི་སེམས་མི་ཕམ་སླད། ཆོལ་ཁ་དང་ཆོས་ལུགས་དབྱེ་མེད་ཀྱིས་མཐུན་སྒྲིལ་དང་འཐབ་རྩོད་ཀྱི་ལས་དོན་གཉེར་དགོས་སྐོར་སོགས་གསུངས་སོང་། 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

ཆུ་ཚོད་ ༡༠ སྔོན་ལ།
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese