རྩོམ་ཁུངས། བོད་ཀྱི་དུས་བབ།
རྩོམ་པ་པོ། བློ་བཟང་ཐབས་མཁས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་།
རྒྱ་ནག་དམར་ཤོག་ཚོགས་པས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་མེད་བརླག་ཏུ་གཏོང་བའི་སྲིད་བྱུས་འདྲ་མིན་སྤེལ་མུས་ཡིན་ཞིང་། དེ་ཡང་བོད་ཡར་རྒྱས་ལ་ཁ་གཡར་ནས་གཡོ་ཐབས་དང་ངན་བྱུས། བཙན་ཤེད་འདྲ་མིན་བེད་སྤྱོད་བྱས་ནས་མི་ལོ་བདུན་ཅུ་མ་ཟིན་ཙམ་འགྲོ་བཞིན་ཡོད། མི་ལོ་དེ་དག་གི་རིང་བོད་ཀྱི་སྣོད་བཅུད་གཉིས་ཐད་ནས་བཙན་ཤེད་ཧམ་འཕྲོག་བསད་བཟུང་གཏོར་བཅོམ་སོགས་ངན་དགུ་མ་བྱས་པ་གཅིག་ཀྱང་མེད།
ལོ་མང་རིང་རྒྱ་ནག་དམར་ཤོག་གིས་བོད་མི་རིགས་རྒྱ་སྒྱུར་སྲིད་བྱུས་གཏིང་ནག་པོ་དེ་ལག་བསྟར་བྱས་པ་ནས་ད་བར་དུ་བོད་མི་ཚོར་རང་གི་ཆོས་དང་རིག་གཞུང་། ཤུལ་བཞག་རིག་དངོས་བཅས་ལ་དད་མོས་དང་སྦྱོང་སྤྱོད་དར་སྤེལ་སྲུང་སྐྱོབ་བྱེད་དབང་མེད་ཁར། བཙན་འཕྲོག་དང་བཀག་འགོག གཏོར་བཤིག་བཏང་བ་སོགས་བགྲང་གིས་མི་ལང་།
རྡོ་མཁར་བཙན་རྫོང་ཡོད་ས་ནི་བཙན་ལྷ་དང་རོང་བྲག ཆུ་ཆེན་དང་འབར་ཁམས་སོགས་སུ་བཙན་རྫོང་ཆེ་ཆུང་དང་མཐོ་དམའ་བརྒྱ་ཕྲག་ལོང་བ་ཡོད་ཅིང་། ལ་ལ་མཐོ་ཚད་རྨི་༤༠ ནས་༥༠ ལྷག་དང་། ཟུར་བཞི་ནས་བཅུ་གཉིས་ཅན་བར་ཡོད།
རྡོ་བརྩིགས་ཀྱི་བཟོ་རྩལ་ཁྱད་དུ་འཕགས་ཤིང་། ཟུར་དང་ངོས་རྣམས་སྙོམ་ལ་བཀོད་དབྱིབས་མཛེས་ཤིང་ལྟ་ན་སྡུག སྲ་ཞིང་བརྟན་ལ་བཙན་རྫོང་གི་ནང་ངོས་ནས་ཡང་སྟེང་བར་དུ་ནང་སྐས་རིམ་འཛེགས་བྱེད་ས་དང་། སྟེང་ན་སོ་ལྟ་བྱེད་ས་ཡོད། རྡོ་མཁར་རམ་བཙན་རྫོང་དེ་དག་ནི་རྒྱལ་རོང་ཡུལ་གྱི་མཛེས་རྒྱན་དང་མི་རིགས་ཀྱི་རང་གི་ས་ཡུལ་བརྟན་སྲུང་བྱས་པའི་ལོ་རྒྱུས་ཀྱི་རི་མོ་མཛེས་པར་བལྟམས་ཡོད་ཅིང་། གནམ་འདེགས་ཀྱི་ཀ་བ་དང་ས་འཛིན་གྱི་ཕུར་བ། ལོ་རྒྱུས་ཀྱི་དཔང་པོ་ལྟར་གྱུར་ཡོད། ས་གནས་མི་མང་གྱི་ང་རྒྱལ་དང་ས་གསན་ཀྱི་ལོ་རྒྱུས་གསལ་བའི་མེ་ལོང་ལྟ་བུ་དང་། ཕྱི་ནས་ཡོང་བའི་མི་རྣམས་ཀྱི་མིག་གི་དཔྱིད་དང་དེ་འབྲེལ་ལོ་རྒྱུས་རྣམས་ནི་རྣ་བའི་གསས་སུ་འགྱུར་བཞིན་ཡོད། དེར་མ་ཟད་རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཁོངས་སུ་བཞག་ནས། སྲུང་སྐྱོབ་དང་ཡུལ་སྐོར་སྤྲོ་འཆམ་པའི་མིག་གི་ལོད་སྤྱོད་དུ་འགྱུར་བཞིན་ཡོད།
དེ་ལྟ་བུའི་བོད་མི་རིགས་ཀྱི་ཤུལ་བཞག་རོག་དངོས་རྪ་ཆེན་པོ་དང་ལོ་རྒྱུས་རང་བཞིན་ལྡན་པའི་རྡོ་མཁར་བཙན་རྫོང་ཞིག་གཏོར་བཤིག་བྱེད་སྐབས། བོད་མི་ཚོས་སེམས་ཀྱིས་མ་བཟོད་པར་ཞི་བའི་ལམ་ནས་མི་འདོད་པའི་རྣམ་འགྱུར་སྟོན་པ་དང་། སེམས་ནང་དུ་བཤད་པའི་སྐད་ཆ་འཚང་ཁ་ཤིག་ཤིག་ཡོད་ནའང་རྒྱ་གཞུང་གི་དྲག་པོའི་ཁྲིམས་ཀྱི་འོག་ནས་སྨྲ་བརྗོད་རང་དབང་ཅུང་ཙམ་མེད་པས། སྐད་ཆ་ཟ་ཟུར་དང་ཡི་གེའི་རྒྱབ་མདུན་ནས་རང་གི་སེམས་ཚོར་ཕྱི་ལ་མངོན་པར་བྱེད་བཞིན་ཡོད།
བོད་མི་ཚོས་རྒྱ་གཞུང་གིས་དམ་དྲག་དང་བཙན་གནོན་ཅི་ཙམ་བྱེད་པར་སྣང་མེད་ངང་རང་གི་ཐུན་མིན་གནའ་བོའི་རིག་དངོས་གཏོར་ཞིག་གཏོར་བར་བཟོད་སྲན་བྱེད་ནུས་བྲལ། རྒྱལ་རོང་གི་རྡོ་མཁར་(རྒྱལ་རོང་བཙན་རྫོང་)གཏོར་ཞིག་གཏོང་བཞིན་པའི་བརྙན་ཞིག་དྲ་ལམ་དུ་ཐོན་མ་ཐག་བོད་མི་མང་པོས་སེམས་ཀྱིས་མ་བཟོད་པར་ “ད་ངོ་མ་ཚར་ཐལ།” “གནའ་བོའི་རིག་དངོས་གཏོར་མི་རུང་བ་དང་། དེ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན་ཚུལ།” “ཡིད་ཆད། ཡིད་ཕངས། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་གཅིག་མེད་པ་བཏང་བའི་བསམ་ངན་ཅན་དག། ང་ཚོ་རིག་གནས་ཡོད་མི་ཆོག་པ་གང་ཡིན།” ཞེས་མིག་ཆུ་གཏོང་བའི་པར་རིས་འགའ་དང་མཉམ་བཀོད་བྱས་ཡོད། “ནོར་འཁྲུལ་ཆེན་པོ།” “འདྲེ་ལག་བརྐྱངས་འདུག” “མི་རིགས་མཐུན་སྒྲིལ་ལ་གནོད་པའི་ལས་ཀ་ཡིན་” ཚུལ་གྱིས་བསམ་ཚུལ་མཆན་བུ་སྟོང་ཕྲག་བཏབ་ཅིང་། རང་གི་སེམས་ནས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེར་མངོན་པར་བྱས་ཡོད།
བརྙན་དེ་དྲ་ཐོག་ཏུ་སྤེལ་ནས་དུས་ཚོད་ལྔ་ཙམ་རིང་མིས་རྟགས་like 1.1k དང་། འདྲེན་བཀོད་Share 1.7k དང་། སྙིང་དམར་1.8K ། མཆན་བུ་Comments 1.0k བཅས་བཀོད་འདུག དུས་ཚོད་ལྔའི་རྗེས་བརྙན་དེ་དྲ་ལམ་ནས་བསུབ་ཡོད་ཅིང་། དེ་དང་འབྲེལ་བའི་བསམ་ཚུལ་མཆན་བུ་ཚང་མའང་སྡེབས་གཅིག་ལ་མེད་པར་གྱུར་ཡོད།
མཆན་བུའི་ཁྲོད་རྡོ་མཁར་ཞིག་པའི་བརྙན་ནང་གི་ས་གནས་གང་ཡིན་གསལ་ཁ་མེད་ཅིང་། ས་གནས་གང་ཡིན་དྲི་བ་འགའ་དྲིས་ཡོད་ནའང་དེའི་ལན་ཁ་གསལ་བཏབ་པ་མི་འདུག བརྙན་ངོས་སུ་ཡིག་གཟུགས་ཅུང་ཆེན་པོས་(རྒྱལ་རོང་བཙན་རྫོང་) ཞེས་བྲིས་འདུག
དྲ་ལམ་དུ་བརྙན་ཐོག་མར་སྤེལ་མཁན་སུ་ཡིན་གྱི་དྲི་བའང་འགའ་རེ་དྲིས་འདུག་པས་བརྙན་འདི་ཐོག་མར་སྤེལ་མཁན་གཞན་ཞིག་ཡོད་ངེས་ཡིན་འདུག བདག་གིས་མཐོང་བའི་བརྙན་དེ་ནི་ཐོག་མར་སྤེལ་མཁན་གྱི་དྲ་ངོས་མ་ཡིན་པར། གཞན་ཞིག་གིས་སྤེལ་བ་ལས་བརྒྱུད་བཀོད་བྱས་པ་ཞིག་རེད་སྙམ། ད་དུང་ཁོང་གི་གསལ་བྱེད་དུ། བརྙན་སྤེལ་གྱིས་ཟེར་ན། བཙན་རྫོང་རྡོ་མཁར་འདི་བཤིག་དོན་ནི་(མྱུར་བགྲོད་གཞུང་ལམ་ it was located on a highway ) བཟོ་གནས་སུ་འཁེལ་ཡོད་པས་རེད་” ཅེས་སོགས་རྒྱ་ཡིག་གིས་བྲིས་པའི་དོན་གཤམ་དུ་བཀོད་ཡོད། མཆན་བུ་རེ་ཟུང་ལས་རྡོ་མཁར་དེ་རྒྱལ་རོང་གི་རྡོ་མཁར་རེད་ཅེས་བྲིས་འདུག
ངས་མཐོང་བའི་བརྙན་སྤེལ་མཁན་གྱིས། རྡོ་མཁར་བཙན་རྫོང་བཤིག་པའི་བརྙན་གྱི་འོག་ཏུ་ 大家对事物的感知也多元多化,你们的心情我全然领会,生活里大家亦是如此,有些朋友很是愕然惋惜,有些朋友不以为然得过且过,但我们要明白遗憾也是我们生命里的一部分,它让我们更懂得珍惜,在有选择的时候大家都会去选择最合适的路,亦如这个碉楼在高速的必经之路上,不得不拆除,我想能选择保留的时候大家还是会保留吧,我们不否认遗憾,而是赋予它新的意义,朋友们,别遗憾,至少在我们还有机会去创造更美好的回忆 (སྐྱེ་བོ་ཀུན་གྱིས་དངོས་པོར་འཛིན་པའི་ཚོར་བ་ནི་སྣ་ཚོགས་ཤིག་ཡིན་ལ། ཁྱེད་ཅག་གི་སེམས་ཁམས་ཀྱང་ངས་ཡོངས་སུ་རྟོགས་ཐུབ། འཚོ་བའི་ཁྲོད་དུའང་འདི་ལྟར་ཏེ། གྲོགས་པོ་འགའ་ཞིག་ལ་ཧ་ལས་པ་དང་ཕངས་སེམས་སྐྱེས་ཤིང་། གྲོགས་པོ་འགའ་ཞིག་གིས་སྣང་བ་མ་བཞག་པར་གང་འཚམ་གྱིས་འཚོ་བ་སྐྱེལ་བཞིན་ཡོད། འོན་ཀྱང་། འགྱོད་པ་ནི་ང་ཚོའི་མི་ཚེའི་ཆ་ཤས་ཤིག་ཡིན་པ་ཤེས་དགོས་ཏེ། དེས་ང་ཚོར་དེ་བས་ཀྱང་གཅེས་སྤྲས་བྱེད་དགོས་པ་གོ་རུ་འཇུག་ཅིང་། འདེམས་ག་ཡོད་དུས་ཀུན་གྱིས་རང་ལ་འཚམས་ཤོས་ཀྱི་ལམ་བུ་དེ་འདེམས་སྲིད། དཔེར་ན་མགྱོགས་ལམ་འཛུགས་སྐྲུན་གྱི་བརྒྱུད་ལམ་དུ་ཡོད་པའི་ལྕོག་མཁར་(碉楼Watchtower) འདི་མ་བཤིག་ཐབས་མེད་དུ་གྱུར་པ་བཞིན། གལ་ཏེ་ཉར་ཚགས་བྱེད་པའི་འདེམས་ག་ཡོད་ཚེ་ཀུན་གྱིས་སྔར་བཞིན་ཉར་ཚགས་བྱེད་སྲིད་པ་འདྲ། ང་ཚོས་འགྱོད་པ་དེ་ཁས་མི་ལེན་པ་མ་ཡིན་པར། དེ་ལ་དོན་སྙིང་གསར་པ་ཞིག་སྦྱིན་པ་ཡིན། གྲོགས་པོ་རྣམ་པ་ལགས། ཕངས་སེམས་མ་བྱེད་དང་། ཉུང་མཐར་ཡང་ང་ཚོར་དེ་ལས་ལྷག་པའི་དྲན་ཤིང་བཟང་པོ་སྐྲུན་པའི་གོ་སྐབས་ཡོད་དོ།།) ཞེས་བཀོད་འདུག་པ་དང་། མཆན་བུ་འདི་མི་གཞན་དག་གིས་བཙན་རྫོང་འདི་བཤིག་དགོས་དོན་དྲིས་པའི་རྗེས་སུ་བསྐྱར་བཀོད་བྱས་འདུག
བརྙན་འདི་ལ་བོད་རྒྱའི་མཆན་བུ་སྟོང་ཕྲག་བྲིས་པ་དག་གིས་ “བོད་མི་རིགས་ཀྱི་རིག་དངོས་གཏོར་དོན་ཅི་ཡིན། ང་ཚོར་རིག་གནས་དང་རིག་དངོས་ཡོད་མི་ཆོག་གམ།” “ནོར་འཁྲུལ་ཚབས་ཆེན་གྱི་ལས་ཀ་བྱས་པ་རེད།” “བཙན་ལ་ཚོད་མི་འདུག” “རྒྱལ་རོང་བཙན་རྫོང་ལོ་རྒྱུས་ལ་གཏོར་བཤིག་བཏང་བ་ཡིད་རེ་སྐྱོ།” “ལྟས་ངན་པ་རེད།” ཅེས་སོགས་དང་། རྒྱ་ཡིག་ནང་། 宝贵文物,国宝,文物代表国家, 宝贵代表民族。为什么这样破坏文物,,,太不公平了吧,太欺负了,,, (རིན་ཐང་བྲལ་བའི་རིག་དངོས་དང་རྒྱལ་བའི་ནོར་བུ། རིག་དངོས་ཀྱིས་རྒྱལ་ཁབ་མཚོན་ལ་རིན་ཐང་བྲལ་བས་མི་རིགས་མཚོན། ཅི་ཞིག་གི་ཕྱིར་རིག་དངོས་འདི་ལྟར་གཏོར་བཤིག་གཏོང་བ་ཡིན། འདི་ནི་དངོས་གནས་མི་སྙོམས་པ་ཞིག་རེད། ཐུབ་ཚོད་ཆེ་དྲགས་པ་རེད།།)ཅེས་དང་།
གཞན་ཡང་ 国家文化遗产就这样可以拆了吗 (རྒྱལ་ཁབ་རིམ་པས་རིག་དངོས་ཤུལ་བཞག་འདི་ལྟར་བཤིག་ཆོག་གམ།) ཞེས་དང་།
ཡང་གཞན་ཞིག་གིས་ 各族历史文物,既是本民族珍贵的文化瑰宝,更是整个国家共同的历史财富,也是全人类共有的文化遗产。文物承载着历史记忆与民族文脉,不可随意拆除、肆意损毁。保护历史古迹,守护文化根脉,是所有人共同的责任。(མི་རིགས་ཁག་གི་ལོ་རྒྱུས་ཀྱི་ཤུལ་བཞག་ནི་རང་མི་རིགས་ཀྱི་རིན་ཐང་བྲལ་བའི་རིག་གནས་ཀྱི་བང་མཛོད་ཁོ་ན་མ་ཡིན་པར་མི་རིགས་ཡོངས་ཀྱི་མཉམ་སྤྱོད་ཀྱི་ལོ་རྒྱུས་རྒྱུ་ནོར་དང་མིའི་རིགས་ཡོངས་ཀྱི་རིག་གནས་ཤུལ་བཞག་ཅིག་ཡིན། རྗེས་ཤུལ་འདི་དག་གིས་ལོ་རྒྱུས་ཀྱི་དྲན་ཤེས་དང་མི་རིགས་ཀྱི་རིག་གནས་ཀྱི་རྒྱུད་འཛིན་འཁུར་ཡོད་པས་གང་འདོད་དུ་གཏོར་བརླག་དང་གཏོར་བརླག་གཏོང་མི་རུང་། ལོ་རྒྱུས་ཀྱི་ས་ཚིགས་སྲུང་སྐྱོང་དང་རིག་གནས་ཀྱི་རྩ་བ་སྲུང་སྐྱོང་བྱ་རྒྱུ་ནི་མི་ཚང་མའི་ཐུན་མོང་གི་འགན་འཁྲི་ཡིན།) ཞེས་དང་། ཡང་གཞན་ཞིག་གིས་ 喂喂喂拆文物古迹是违法的难道不知道吗?ཧེད། རིག་དངོས་གནའ་ཤུལ་བཤིག་ན་ཁྲིམས་འགལ་རེད་ཟེར་བ་དེ་ཧ་མི་གོ་བ་ཡིན་ནམ། ཞེས་དང་ “གདོང་བཀབ་ནས་དགོད་པ་” ཡི་པར་རིས་འགའ་བཀོད་འདུག
ཡང་གཞན་ཞིག་གིས་那里有我们藏族的历史,为什么要拆 (ས་ཆ་དེས་ང་ཚོའི་བོད་ཀྱི་ལོ་རྒྱུས་བཟུང་ཡོད། དེ་གཏོར་དགོས་དོན་ཅི་ཡིན་ནམ།) ཞེས་དང་། ཡང་གཞན་ཞིག་གིས་ (历史文物就这样慢慢就小毁掉) “ ལོ་རྒྱུས་ཀྱི་རྗེས་ཤུལ་རྣམས་དེ་ལྟར་རིམ་བཞིན་གཏོར་བརླག་འགྲོ་གི་ཡོད།” ཅེས་སོགས་བོད་ཡིག་དང་རྒྱ་ཡིག་གི་མཆན་བུ་བྲིས་པ་དང་། མིག་ཆུ་བཞུར་བའི་པར་རིས་བཀོད་པ་སོགས་མཆན་བུ་སྟོང་ཕྲག་ལྷག་བཀོད་ཡོད་འདུག
རྒྱ་ནག་གི་དྲ་རྒྱ་གཞན་ཞིག་ཏུ་རྒྱལ་རོང་གི་རྡོ་མཁར་དག་རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིག་དངོས་ཤུལ་བཞག་མིང་ཐོར་བཀོད་ཚུལ་བཤད་མོད། དེ་ལྟར་རྒྱལ་ཁབ་འདིས་རང་གིས་སྲུང་སྐྱོབ་རིག་དངོས་ཀྱི་ཁོངས་སུ་བཞག་པ་ལའང་གཏོར་བཤིག་བྱེད་ཀྱི་ཡོད་པ་ཤེས་ཐུབ།
ཁོ་ཚོས་དགོན་གྲྭ་ཤག་སྟོང་ཕྲག་གཏོར་བཤིག་བཏང་ནས་དགོན་པ་ཕྱེད་ཀ་ཙམ་མེད་པར་བཟོས་ཡོད་པ་མ་ཟད། སྟོན་པ་བཅོམ་ལྡན་འདས་དང་གུ་རུ་རིན་པོ་ཆེའི་སྐུ་བརྙན་ཆེན་པོ་ཡང་གཏོར་ཐུབ།
ད་དུང་ཡེ་ཤེའི་ཆོས་ཁང་གཏོར་ཐུབ་ལ། ཁ་ཆེའི་ཕྱག་ཁང་ཡང་བཤིག་ཐུབ། རྒྱ་ནག་དམར་ཕྱོགས་གཞུང་ནི་སྙིང་རྗེ་མེད་པའི་སྙིང་ཁམས་ཅན་དང་། གུས་ལུགས་མི་ཤེས་པའི་བོང་བུའི་ཚོགས་ཤིག་རེད། འདི་འདྲའི་གཞུང་འཛིན་པ་ཚོས་རྒྱའི་གནའ་བོའི་གུས་ལུགས་དང་ཁོང་ཙིའི་གཞུང་ལ་ཅི་ལྟར་སྦྱངས་ཤིང་ལག་ལེན་བསྟར་རམ། ངོ་ཚ་མེད་པའི་ངོ་གཉིས་པ་འདི་ཚོས། མི་དམངས་ཀྱི་མདུན་ནས་སྐད་ཆ་བཤད་སྐབས་གདོང་འབག་གཅིག་དང་། ལག་ལེན་ལས་ཀ་བྱེད་སྐབས་གདོང་འབག་གཞན་ཞིག་གྱོན་རྒྱུ་ཡོད། རྒྱ་གཞུང་གིས་བྱེད་སྟངས་འདི་ནི་རྒྱའི་སྲོལ་རྒྱུན་ཟློས་གར་ལས་变脸 Sichuan Opera ཞེས་པ་གདོང་འབག་མང་པོ་མྱུར་དུ་བརྗེ་སྒྱུར་བྱེད་པའི་འཁྲབ་སྟོན་དེ་དང་འདྲ་བོ་མི་འདུག་གམ།
བཙན་རྫོང་བཤིག་པའི་བརྙན་འདི་འདྲེན་བཀོད་མཁན་གཞན་གིས། “བརྙན་འདི་མཐོང་མ་ཐག་ཡིད་སེམས་བློང་བློང་དུ་གྱུར་ཏེ། ང་ཚོ་ལྐུགས་པའི་རྟུལ་ཞུགས་ལ་གནས་ནས་བཟོད་བདེའམ་སྙམ་ལ། ནམ་ཤར་ཆོས་རྒྱུན་དང་། ཆོལ་ཁ། ཡུལ་ཕྱོགས་དབང་རིས་ཀྱི་ཞེན་ཁ་ཡོད་མདོག་གིས་དཔའ་གཏུམ་ནང་ལ་ཚ་བའི་རིགས་མཐུན་ཚོགས་རྣམས་ད་དུང་ནམ་མ་ལངས་པ་ཡིན་ནམ།” ཞེས་རང་གི་སེམས་ཚོར་བྲིས་ནས་བཀོད་འདུག
ཡང་མི་གཞན་ཞིག་གིས་བརྙན་དེ་རང་གི་དྲ་ངོས་སུ་སྤེལ་ཏེ་དེའི་གསལ་བཤད་དུ། “གནའ་བོའི་ཤུལ་བཞག་རིག་དངོས་གཏོར་མི་རུང་བ་དང་། དེ་ནི་ཁྲིམས་དང་མི་མཐུན་པ་མ་ཟད་མི་རིགས་མཐུན་སྒྲིལ་ལ་གནོད་པའི་ལས་ཀ་ཡིན་” པའི་བསམ་ཚུལ་བཤད་འདུག
བཙན་རྫོང་རྡོ་མཁར་རྙིང་པ་གཏོར་བའི་བྱ་སྤྱོད་འདི་ནི་རྒྱ་གཞུང་གིས་“མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་” ངོ་མ་ཞིག་ཡིན་པས་རང་གིས་བཟོས་ནས་ཁྱབ་སྤེལ་གྱི་དུས་ཐུང་ནང་བཅའ་ཁྲིམས་ཀྱི་ནང་དོན་རྡོག་རོལ་བཏབ་བ་ཞིག་དང་། ཁྲིམས་ཟུར་དུ་བཞག་ནས་བོད་མི་རིགས་ལ་མཐོང་ཆུང་ཁྱད་གསོད་དང་དབང་ཡོད་བཙན་འགེལ་བྱས་པ་ཞིག་ཡིན།
བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གིས་བོད་ནང་སྲིད་བྱུས་གང་ཞིག་ནམ་སྤེལ་བའི་ཚེ་མི་འདོད་པའི་རྣམ་འགྱུར་དང་ངོ་རྒོལ་རིམ་པར་བྱེད་ཅིང་། ད་རེས་ཀྱི་རྒྱལ་རོང་གི་རྡོ་མཁར་བཙན་རྫོང་བཤིག་པར་ཡང་མི་འདོད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་འདུག
་བཞག་སྲུང་སྐྱོང་དང་རྒྱུད་འཛིན། སླར་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ།) ཞེས་པ་དང་། གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ།) ཞེས་རྒྱ་གཞུང་གིས་གྲོང་གསེབ་རིག་དངོས་ཤུལ་བཞག་སྲུང་སྐྱོང་གི་ཁྲིམས་དང་རྒྱབ་འགལ་དུ་གྱུར་ཡོད།
གཤམ་དུ་བོད་ཡིག་དང་རྒྱ་ཡིག་ནང་བཀོད་པའི་མཆན་བུ་འགའ་དཔེ་མཚོན་དུ་བཀོད་ཡོད།
གོང་བཀོད་རྣམས་ནི་བརྙན་ཐུང་དེར་བཀོད་མཆན་བུ་འགའ་དཔེ་མཚོན་དུ་བཀོད་པ་དང་། ད་ལྟ་བརྙན་ཐུང་དང་མཆན་བུ་དེ་རྣམས་དྲ་ལམ་ནས་མངོན་དུ་གྱུར་ཡོད། མཇུག་གི་པར་འདི་གཉིས་ལས་བརྙན་ཐུང་དེར་མོས་རྟགས་Like 1.1K དང་། འདྲེན་བཀོད་བརྒྱུད་སྐུར Share 1.7k ། སྙིང་དམར་ Love 1.8K ། མཆན་བུ་Conments 1.0K བཅས་བཀོད་པའི་གྲངས་ཀ་མངོན་ཞིང་། པར་རིས་རྗེས་མ་དེར་བརྙན་ཐུང་དེ་དྲ་ལམ་ནས་བསུབ་ཚར་བའི་དཔེ་མཚོན་(Unable to view this content due to the author’s privacy settings རྩོམ་པ་པོ་སྒེར་གྱི་སྒྲིག་སྟངས་ལ་བརྟེན་ནས་ནང་དོན་འདི་ལྟ་མི་ཐུབ།) ཞེས་ཤར་ཡོད་པ་དེ་ཡིན།
ུལ་བཞག་རིག་དངོས་ལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཤུལ་བཞག་རིག་གནས་ཀྱི་རིན་ཐང་སྔོག་འདོན་འཆད་འགྲེལ་དང་བརྒྱུད་སྒྲོག་ཁྱབ་བརྡལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དུས་རབས་གསར་པའི་ལོ་རྒྱུས་རིག་གནས་དང་འབྲེལ་བའི་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཀྱི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་རྒྱ་ཁྱབ་ངང་དྲིལ་སྒྲོག་”
བྱེད་དགོས་པ་དང་ཡང་རྒྱབ་འགལ་དུ་གྱུར་ཡོད།
རྡོ་མཁར་བཙན་རྫོང་གཏོར་བཤིག་གཏོང་བཞིན་པའི་རྣམ་པ་དང་། དྲ་ཐོག་ནས་བརྙན་དང་མཆན་བུ་རྣམས་ནག་བསུབ་བཏང་རྗེས་ཀྱི་པར་རིས།
ད་དུང་(乡村历史文化遗产 གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་ཤུལ་བཞག) ཞེས་པའི་ཡིག་ཆ་དེར། གྲོང་གསེབ་ཀྱི་ལོ་རྒྱུས་དང་རིག་གནས་ཤུལ་བཞག་ཅེས་པ་ནི་གྲོང་གསེབ་ས་ཁུལ་དུ་གྲུབ་པའི་ལོ་རྒྱུས་དང་རིག་གནས་ཤུལ་བཞག་ལ་གོ་དགོས། དེའི་སྲུང་སྐྱོབ་དང་བེད་སྤྱོད་ལ་སྲོལ་རྒྱུན་དང་དེང་རབས་ཀྱི་ཆ་ཤས་སླར་ཡང་མཉམ་བསྲེས་དང་བཟོ་བཅོས་བྱེད་དགོས།
སྲུང་སྐྱོབ་ལས་ཀ་དེ་གྲོང་གསེབ་འཛུགས་སྐྲུན་གྱི་ལས་གཞི་དང་ཞིང་ལས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་བྱེད་དགོས། གྲོང་གསེབ་ཀྱི་སྲོལ་རྒྱུན་གྱི་རས་ཆ་དང་། ས་ཆའི་རྣམ་པ་། སྲོལ་རྒྱུན་གྱི་བཟོ་སྐྲུན་བཅས་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་ལོ་རྒྱུས་རིག་གནས་དང་དེང་རབས་ཤེས་དཔལ་མཉམ་བསྲེས་བྱས་ནས་ཐོན་ཁུངས་གྲོང་གསེབ་ཁུལ་དུ་རྒྱུག་པར་སྐུལ་འདེད་གཏོང་དགོས། ཞེས་བཀོད་ཡོད་པ་དང་། རིག་དངོས་སྲུང་སྐྱོབ་ལ་བརྟེན་ནས་གྲོང་གསེབ་ཕྱོགས་བསྡུས་གསོན་ཤུགས་ལ་སྐུལ་འདེད་གཏོང་བ། བཀོད་ཡོད་མོད། ཞི་ཅིན་ཕིང་གི་བཤད་པའི་སྐད་ཆ་དང་ཤོག་ཐོག་ཏུ་བཟོས་པའི་ཁྲིམས་ཡིག་དག་གིས་དོན་དངོས་གང་བཤད་དང་གང་འཁོད་ལ་རྩི་འཇོག་དང་སྲུང་བརྩི་བྱ་མི་དགོས་པར་གང་འདོད་དུ་བྱ་ངན་སྤྲོད་ངན་རིགས་རྒྱུ་མར་སྤེལ་བཞིན་པས། རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ལ་ཁ་གཡར་ནས་མི་རིགས་རྒྱ་སྒྱུར་དང་རིག་གཞུང་དང་རིག་དངོས་རྩ་མེད་གཏོང་བཞིན་པ་མངོན་སུམ་དུ་བསྟན་ཡོད།



