མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

བོད་ཀྱི་དུས་བབ།
༢༠༢༦/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་ཧྥི་རི་ཁའི་རྒྱལ་ཁབ་དགུས་བསྡུས་པའི་དམག་འཁྲུག་དང་སི་རི་ཡའི་དམག་འཁྲུག དེ་བཞིན་འདས་པའི་མི་ལོ་བཞི་ལྷག་རིང་གོ་ལ་ཧྲིལ་པོར་བརྡབ་གསིག་གཏོང་བའི་ཨུ་ཡུ་གཉིས་ཀྱི་དམག་འཁྲུག་བཅས་ཀྱི་ཁྲོད་ཉུང་མཐར་མི་གྲངས་ས་ཡ་ ༤།༠༢  ལྷག་རྐྱེན་འདས་སུ་གྱུར་འདུག

ཨུ་རུ་སུའི་དམག་དཔུང་། དྲ་ལམ་གྱི་པར།

དེ་རིང་ཡུ་ཁེ་རིན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ལས་དོན་ཚོགས་ཆུང་ (HRMMU) གིས་སྤེལ་བའི་གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༦ པ་ནི་ཕྱི་ལོ་ ༢༠༢༢ ལོར་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱས་ནས་ད་བར་ཡུ་ཁེ་རིན་གྱི་མི་སེར་དམར་གསོད་གཏོང་བའི་གྲངས་འབོར་མང་ཤོས་དེ་གྱུར་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༦ གཅིག་པུའི་ནང་ཨུ་རུ་སུས་ཡུ་ཁེ་རིན་གྱི་མི་སེར་ ༢༩༣ གཏོར་རྒོལ་གྱི་ཁྲོད་ནས་དམར་གསོད་བཏང་ཡོད་འདུག་ལ། ཕྱི་ལོ་ ༢༠༢༢ ལོ་ནས་ད་བར་ཨུ་རུ་སུས་ཉུང་མཐར་ཡུ་ཁེ་རིན་གྱི་མཐའ་སྲུང་དམག་མི་འབུམ་གཅིག་དང་ཁྲི་ལྔ་དང་། མི་སེར་ཕལ་མི་གཅིག་ཁྲི་དྲུག་སྟོང་ལྷག་དམར་གསོད་བཏང་ཡོད་པ་མ་ཟད། ཨུ་ཡུ་གཉིས་ཀྱི་དམག་འཁྲུག་ནི་དུས་རབས་ཉེར་གཅིག་པའི་འཛམ་གླིང་ལོ་རྒྱུས་ཁྲོད་ཀྱི་གོ་ལའི་སྲིད་འབྱོར་གཉིས་ལ་དོ་ཕོག་ཆེན་པོ་ཐེབས་པའི་གཡུལ་འགྱེད་ཅིག་ཏུའང་ངོས་འཛིན་བྱེད་ཀྱིན་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ལས་ཁུངས་ཀྱིས་བཏོན་པའི་གྲུབ་དོན་ལྟར་ན། འདི་ལོའི་ཕྱི་ཟླ་ ༦ ནང་ཨུ་རུ་སུས་ཡུ་ཁེ་རིན་གྱིས་མི་མང་ཕལ་བ་དམར་གསོད་གཏོང་བའི་བརྒྱ་ཆ་དེ། འདི་ལོའི་ཕྱི་ཟླ་ ༥ ནང་ཡུ་ཁེ་རིན་གྱི་མི་གྲངས་ ༢༨༢ དམར་གསོད་དང་། མི་གྲངས་ ༡༧༩༤ ལ་རྨས་སྐྱོན་ཕོག་པ་དང་བསྡུར་ན་བརྒྱ་ཆ་བཅུ་འཕར་འདུག་ལ། འདི་ལོའི་ཕྱི་ཟླ་ ༡ དང་ ༢  ལ་བསྡུར་ན་ལྡབ་གཉིས་ལྷག་འཕར་འདུག སྤྱིར་ཕྱི་ལོ་ ༢༠༢༦ གཅིག་པུའི་ནང་ཨུ་རུ་སུས་ཡུ་ཁེ་རིན་གྱི་མི་སེར་ཕལ་བ་གྲངས་ ༡༣༩༦ ལྷག་གཏོར་རྒོལ་གྱི་ཁྲོད་ནས་དམར་གསོད་བཏང་ཡོད་པས། ཕྱི་ལོ་ ༢༠༢༥ དང་བསྡུར་ན་བརྒྱ་ཆ་ ༣༧ འཕར་ཡོད་འདུག

གནད་དོན་དེ་དང་འབྲེལ་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ལས་ཁུངས་ཀྱི་མགོ་ཁྲིད་བྷེལ་ (Danielle Bell) ལགས་ཀྱིས། ཕྱི་ཟླ་ ༦ ནང་མི་སེར་ཕལ་བ་དམར་གསོད་དུ་བཏང་བའི་གྲངས་འབོར་འཕར་མུས་ཡིན་པ་ནི་སེམས་འཚབ་བྱ་དགོས་པའི་གནད་དོན་ཞིག་ཡིན་ལ། དམར་གསོད་དེ་དག་ནི་དྲག་པོའི་གོ་མཚོན་གྱིས་མི་གྲངས་མང་བའི་གྲོང་ཁྱེར་དེ་དག་ལ་གཏོར་རྒོལ་བྱེད་སྐབས་བྱུང་བ་ཞིག་ཡིན། དེ་ནི་གཙོ་བོ་ཨུ་རུ་སུས་ཡུ་ཁེ་རིན་གྱི་རྒྱལ་ས་ཀི་ཡིབ་ཚུད་པའི་ཌི་ནི་པོ་རོ་ (Dnipro)། ཨོ་ཌེ་ས་ (Odesa) ཡི་ཁང་བརྩེགས་དག་ལ་གཏོར་རྒོལ་བྱས་པ་ལས་བྱུང་བ་རེད། ཅེས་བརྗོད་འདུག

ཨ་ཧྥི་རི་ཁའི་དམག་འཁྲུག་ཆེན་མོ་དང་སི་རི་ཡའི་ཡོ་ལང་།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥

ཕྱི་ལོ་ ༡༩༩༨ ནས་ ༢༠༠༣ ལོ་བར་ཨ་ཧྥི་རི་ཁའི་ཀོང་གོ་རྒྱལ་ཁབ་ཏུ་བྱུང་བའི་དམག་འཁྲུག་ནི་དུས་རབས་ཉེར་གཅིག་པའི་འཛམ་གླིང་ལོ་རྒྱུས་ཁྲོད་ཀྱི་མི་གྲངས་ཆེས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཅིག་ཏུ་ངོས་འཛིན་བྱེད་མུས་ཡིན་པ་མ་ཟད་ཨ་ཧྥི་རི་ཁའི་དམག་འཁྲུག་ཆེན་མོ་ཞེས་ཡོངས་སུ་གྲགས། ཕྱི་ལོ་ ༡༩༩༧ ལོར་རྒྱལ་ཁབ་དེའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་བར་ལྟ་བ་མ་མཐུན་པ་དང་དབང་ཆ་འཐབ་རྩོད་བྱས་མཐར། ཨ་ཧྥི་རི་ཁའི་རྒྱལ་ཁབ་བརྒྱད་ཀྱིས་ལག་པ་བསྲིངས་ནས་ཆབ་སྲིད་ཚོགས་པ་གཉིས་ཀྱི་རྒྱབ་རྟེན་དུ་ལངས་རེས་བྱས་ཏེ། ཨ་ཧྥི་རི་ཁའི་རྒྱལ་ཁབ་དགུས་བསྡུས་པའི་དམག་འཁྲུག་ཅིག་ཏུ་གྱུར་ནས། དམག་འཁྲུག་གི་ཁྲོད་དུ་དམར་གསོད་དང་། ནད་ཡམས། མུ་གེ་སོགས་རྐྱེན་དུ་བྱས་ནས་ཉུང་མཐར་ཡང་མི་གྲངས་ས་ཡ་ ༣ ལྷག་རྐྱེན་འདས་སུ་གྱུར།

སི་རི་ཡའི་ནང་ད་ལྟའང་དམར་གསོད་དོན་རྐྱེན་མང་དག་ཅིག་འབྱུང་མུས་ཡིན་པའི་ཁྲོད། ད་བར་ཉུང་མཐར་ཡུལ་དེའི་མི་གྲངས་འབུམ་ ༤།༧ ལྷག་རྐྱེན་འདས་སུ་གྱུར་ཡོད་སྟབས། དེ་ནི་དུས་རབས་ཉེར་གཅིག་པའི་འཛམ་གླིང་དམག་འཁྲུག་ཁྲོད་མི་གྲངས་རྐྱེན་འདས་སུ་གྱུར་བའི་གྲངས་འབོར་མང་ཤོས་གཉིས་པར་གྲགས། ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༣ ནང་དང་ཐོག་སི་རི་ཡའི་ཤར་ཕྱོགས་ཌེ་རཱ་ (Deraa) གྲོང་ཁྱེར་ནང་སློབ་ཕྲུག་ཁག་ཅིག་གིས་ཊོ་ནེ་ཤི་ཡ་དང་ཨེ་ཇེབ་གྱེན་ལངས་པའི་འབོད་ཚིག་སྟེ། མི་མང་ལ་དགོས་པ་ནི་ད་ལྟའི་གཞུང་མགོ་རྟིང་བསློག་དགོས། མི་མང་ལ་རང་དབང་དང་དམངས་གཙོ་དགོས་སོགས་ཀྱི་སྦྱར་ཡིག་བཀྲམ་སྟབས་གཞུང་དམག་གིས་སློབ་ཕྲུག་ ༡༥ ཙམ་འཛིན་བཟུང་བྱས་པར་ས་གནས་མང་ཚོགས་ཚོས་གཞུང་ལ་ངོ་རྒོལ་བྱས་རྐྱེན། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་གྲོང་ཁྱེར་དེའི་མང་ཚོགས་མང་པོ་ཁྲོམ་གཞུང་དུ་ཐོན་ཏེ་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པར་གཞུང་དམག་གིས་དྲག་གནོན་བྱས་པ་ནས་སི་རི་ཡའི་ཟིང་འཁྲུག་མགོ་ཚུགས་ཡོད།  རྒྱལ་ཁབ་དེའི་གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པའི་བར་གདོང་ཐུག་དྲག་པོ་བྱུང་བ་དང་། ལྷག་པར་དམར་གསོད་ཀྱི་དོན་རྐྱེན་མང་དག་གཅིག་ཡང་དང་བསྐྱར་དུ་བྱུང་།

ད་ལྟའང་སི་རི་ཡ་ནི་འཛམ་གླིང་ནང་གི་སྐྱབས་བཅོལ་བ་དང་མི་ཆོས་རིང་ལུགས་ཀྱི་དཀའ་ངལ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། དམག་འཁྲུག་མ་བྱུང་གོང་གི་མི་འབོར་གྱི་བརྒྱ་ཆ་ ༦༠ ལྷག་ཙམ་གནས་སྤོ་བྱས་ཏེ། རྒྱལ་ཁབ་གཞན་དུ་འགྲོ་དགོས་བྱུང་བའི་སི་རི་ཡའི་མི་གྲངས་ས་ཡ་ ༦།༢ ལྷག་ཙམ་ལ་དཔལ་འབྱོར་གྱི་དཀའ་ངལ་དང་། ལས་ཀ་དང་སྡོད་ཁང་འཚོལ་བར་དཀའ་ངལ་ཕྲད་དང་འཕྲད་བཞིན་ཡོད་པ་མ་ཟད། ནང་ཁུལ་དུ་གནས་སྤོ་བྱས་པའི་སི་རི་ཡའི་མི་གྲངས་ས་ཡ་ ༧།༤ ལྷག་གི་ཁྲོད། མང་དག་ཅིག་སླར་ཡང་ས་གནས་གཞན་དང་གཞན་དུ་ཐེངས་མང་པོར་གནས་སྤོར་བྱ་དགོས་བྱུང་ཡོད་ཅིང་། འདས་ལོའི་ལོ་མགོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡར་གནས་སྡོད་བྱེད་མུས་ཡིན་པའི་མི་གྲངས་ས་ཡ་ ༡༦།༥ ཙམ་ལ་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་ཐོབ་ཐང་གི་གནས་བབ་གཞིར་བཞག་གི་ཐོག་ནས་རོགས་རམ་གནང་། 

ཨུ་ཡུ་གཉིས་ཀྱི་གཡུལ་འགྱེད་ཀྱི་འབྱུང་རྩ།

ཡུ་ཁེ་རིན་གྱི་འདས་པོ་རྣམས་ཀྱི་དུར་ས། དྲ་ལམ་གྱི་པར།

ཕྱི་ལོ་ ༢༠༢༢ ལོར་ཨུ་རུ་སུ་དང་ནུབ་གླིང་རྒྱལ་ཁབ་ཀྱི་མགོ་ཁྲིད་དབར་གྲོས་མོལ་རིམ་པ་བྱས་ཏེ་ཡུ་ཁེ་རིན་གྱི་དཀའ་རྙོག་སེལ་ཐབས་དང་། ཕྱོགས་གཉིས་ཀྱི་གནས་སྟངས་ཞི་འགྲིག་ཡོང་ཐབས་བྱས་ཡོད་ནའང་ལམ་ལྷོངས་མ་སོང་བར་ཨུ་རུ་སུས་ཡུ་ཁེ་རིན་གྱི་བྱང་ཕྱོགས་སུ་ཡོད་པའི་རང་གི་མཐུན་གྲོགས་རྒྱལ་ཁབ་བྷེ་ལེ་རུ་སི་ (Belarus) དང་། ཕྱི་ལོ་ ༢༠༡༤ ལོར་ཡུ་ཁེ་རིན་གྱི་ས་ནས་བཙན་འཕྲོག་བྱས་ཏེ་རང་ཁོངས་སུ་བཅུག་པའི་ཁེ་རེ་མི་ཡ་ (Crimea) ཁུལ་དུ་དཔུང་དམག་གྲ་སྒྲིག་བྱས་ཏེ་སེམས་འཚབ་ཀྱི་གནས་སུ་གྱུར་བར་བརྟེན། ཨ་རི་དང་རྒྱ་གར་སོགས་འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བས་ཡུ་ཁེ་རིན་དུ་ཡོད་པའི་རང་གི་གཞུང་འབྲེལ་མི་སྣ་དང་མི་སེར་དཀྱུས་མ་རྣམས་ཕྱིར་ཐོན་དགོས་པའི་ལམ་སྟོན་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༡༤ ཙམ་ནས་ཨུ་རུ་སུ་དང་ཡུ་ཁེ་རིན་གྱི་དཀའ་རྙོག་དེ་རྒྱལ་སྤྱིའི་དཀའ་རྙོག་ཅིག་ཏུ་གྱུར་ཏེ། ལོ་དེའི་ནང་ཧྥ་རན་སི་དང་འཇར་མ་ནི་གཉིས་ཀྱིས་གཟུ་དཔང་བྱས་ཏེ་ཡུ་ཁེ་རིན་དང་། ཨུ་རུ་སུ། ཡུ་རོབ་ཀྱི་བདེ་སྲུང་དང་མཉམ་ལས་སྒྲིག་འཛུགས་ (OSCE) དབར་ལ་མིན་སི་ཀི་གྲོས་ཆོད་ (Minsk Agreement) ཅེས་པའི་གྲོས་ཆོད་ཐེངས་གཉིས་བཞག་ཡོད་ནའང་། ཕྱོགས་གཉིས་ཀས་གྲོས་ཆོད་ཀྱི་དགོངས་དོན་རྡོག་རོལ་བཏང་བའི་རྐྱེན་གྱིས་ད་བར་ཡུ་ཁེ་རིན་གྱི་དཀའ་རྙོག་དེ་སེལ་ཐུབ་མེད་པ་རེད། ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༢ ཚེས ༢༤ ཉིན་ཨུ་རུ་སུས་ཡུ་ཁེ་རིན་ལ་དངོས་སུ་བཙན་འཛུལ་བྱེད་མགོ་བཙུགས་ཏེ། ཡུལ་མི་བརྒྱ་ཆ་ ༣༦ ལྷག་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དངོས་སུ་སྐྱབས་བཅོལ་དུ་འགྲོ་མགོ་བཙུགས།

ཕྱི་ལོ་ ༡༩༩༡ ལོར་ཨུ་རུ་སུ་མཉམ་འབྲེལ་དུམ་བུར་འཐོར་ཏེ་སྤྱི་མཐུན་རྒྱལ་ཁབ་གསར་པ་མང་པོར་གྱུར་ཡོད་ནའང་། དེ་དག་ཕལ་ཆེ་བ་ཨུ་རུ་སུའི་ཕྱོགས་སུ་མ་བསྡད་པར་ཡུ་རོབ་ཀྱི་ཕྱོགས་གཏོགས་ལྟ་བུར་གྱུར་བ་མ་ཟད། ཨུ་རུ་སུ་མཉམ་འབྲེལ་ནུབ་བརྒྱུད་རྒྱལ་ཕྲན་ཕལ་ཆེ་བ་ཡུ་རོབ་མཐུན་ཚོགས་ནང་ཞུགས་ཏེ། ཨུ་རུ་སུའི་ཤུགས་རྐྱེན་ཇེ་ཆུང་དང་ནུབ་གླིང་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་སྐབས་དེར། ཨུ་རུ་སུས་ཡུ་ཁེ་རིན་རང་ཁོངས་སུ་བསྒྱུར་ཐབས་དང་། ནུབ་ཆིངས་སྒྲིག་འཛུགས་སོགས་སུ་ཞུགས་པར་འགོག་རྒོལ་སླད་འཐབ་རྒོལ་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༠༢ དང་། ༢༠༠༨། ༢༠༡༧། ༢༠༡༩། དང་ ༢༠༢༢ བཅས་སུ་ཡུ་ཁེ་རིན་ནུབ་ཆིངས་སྒྲིག་འཛུགས་སུ་ཞུགས་པར་རེ་སྐུལ་ཞུས་ཡོད། ནེ་ཊོའམ་ནུབ་ཆིངས་སྒྲིག་འཛུགས་ (The North atlantic Treaty Organization) དེ་ཉིད་ཐོག་མར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་རྗེས། ཕྱི་ལོ་ ༡༩༤༩ ལོར་ཨ་རི་གཙོས་པའི་རྒྱལ་ཁབ་ ༡༢ ཀྱིས་ཡུ་རོབ་གླིང་ཕྲན་ནང་ཨུ་རུ་སུའི་ཤུགས་རྐྱེན་ཟློག་ཐབས་ཀྱི་ཆེད་དུ་བཙུགས་པ་ཞིག་ཡིན་ཞིང་། ཚོགས་ཁོངས་རྒྱལ་ཁབ་ཅིག་ལ་དམག་གི་དཔུང་འཇུག་སླེབས་པའི་སྐབས་སྒྲིག་འཛུགས་ངོས་ནས་དེར་འཐབ་རོགས་དགོས་པའི་གན་རྒྱ་བཞག་ཡོད་པ་རེད། ད་ལྟའི་ཆར་ནུབ་ཆིངས་སྒྲིག་འཛུགས་འདིའི་ནང་ཚོགས་ཁོངས་རྒྱལ་ཁབ་ ༣༢ ཡོད།

འདས་པའི་མི་ལོ་བཞི་ལྷག་གི་རིང་ལ་ཨུ་རུ་སུ་ཡུ་ཁེ་རིན་ལ་བཙན་འཛུལ་བྱས་ཏེ། ད་བར་ཉུང་མཐར་ཨུ་རུ་སུའི་དམག་མི་འབུམ་བཞི་ནས་ལྔ་བར་རྐྱེན་འདས་དང་། མི་གྲངས་ས་ཡ་ ༡།༤ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག ཡུ་ཁེ་རིན་གྱི་དམག་མི་ཉུང་མཐར་མི་གྲངས་འབུམ་ ༡།༥ དང་མི་གྲངས་འབུམ་ ༦ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

ཡུ་ཁེ་རིན་གྱི་སྐྱབས་བཅོལ་བའི་གྲངས་འབོར་དང་གནས་བབ།

པོ་ལེན་ཌི་རུ་འབྱོར་བའི་ཡུ་ཁེ་རིན་གྱི་སྐྱབས་བཅོལ་བ། དྲ་ལམ་གྱི་པར།

ཕྱི་ལོ་ ༢༠༢༢ ལོར་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱས་རྗེས། འདས་པའི་མི་ལོ་བཞི་ལྷག་རིང་ཡུ་ཁེ་རིན་གྱི་གོད་ཆག་དང་། བཙན་འཛུལ་སོགས་ཀྱི་དབང་གིས་ཡུ་རོབ་ཀྱི་རྒྱལ་ཁབ་ཆེ་ཤོས་གཉིས་པར་གྲགས་པའི་ཡུ་ཁེ་རིན་གྱི་མི་སེར་གྲངས་ས་ཡ་ ༥ ལྷག་ཁྱིམ་མཚེས་རྒྱལ་ཁབ་ལ་སྐྱབས་བཅོལ་དུ་ཕྱིན་ཡོད་པའི་ཁར། ཉུང་མཐར་མི་གྲངས་ས་ཡ་ ༣།༧ ལྷག་ས་གནས་གཞན་དང་གཞན་དུ་གནས་སྤོར་བྱ་དགོས་ཁེལ་ཡོད། ལྷག་པར་ཡུ་ཁེ་རིན་གྱི་ཡུལ་མི་མང་དག་ཅིག་གནས་སྤོར་དང་གཡུལ་འགྱེད་ཀྱི་གོད་ཆག་ཐེབས་པའི་དབང་གིས། ཡུ་ཁེ་རིན་གྱི་མི་རབས་གཞོན་པ་མང་དག་ཅིག་གི་སྤྱི་ཚོགས་དང་སེམས་ཁམས་ལ་གནོད་འཚེ་ཤུགས་ཆེན་ཐེབས་ཡོད་པའི་ཁྲོད། ཡུ་ཁེ་རིན་གྱི་བྱིས་པ་བརྒྱ་ཆ་ཉེར་ལྔ་ཙམ་སློབ་གྲྭར་བསྐྱོད་ཐུབ་མེད་པའི་ཁར། ཁག་ཅིག་གིས་ཨུ་རུ་སུའི་བཙན་འཛུལ་གྱི་དབང་གིས་སློབ་གྲྭ་བསྐྱོད་ཐུབ་མེད་ལ། ཕ་མ་ཕལ་མོ་ཆེས་རང་གི་མིག་མདུན་ན་བྱིས་པ་ཉར་ཚགས་བྱས་པ་དེ་བདེ་འཇགས་ཆེ་ཤོས་སུ་ངོས་འཛིན་བྱས་ཏེ། བྱིས་པ་རྣམས་རང་རང་གི་ཉེ་འཁྲིས་སུ་བདག་ཉར་བྱེད་མུས་ཡིན་ཡང་། མི་ལོ་གསུམ་ལྷག་གི་འཐབ་རྩོད་ཀྱི་དབང་གིས་བྱིས་པ་མང་དག་ཅིག་ལ་འཇིགས་ཞུམ་དང་དངངས་སྐྲག་གི་ན་ཚ་ཕོག་ཡོད་པ་མ་ཟད། སེམས་སུ་ན་ཟུག་དང་སྔར་མེད་ཀྱི་རྨ་ཁ་ཆེན་པོ་ཞིག་ཆགས། རྒྱལ་སྤྱིའི་སྐྱབས་བཅོལ་བའི་ཆེས་མཐོ་ལྷན་ཚོགས་ཀྱིས་ཤེས་རྟོགས་བྱུང་བ་ལྟར་ན། ཡུ་ཁེ་རིན་མི་གྲངས་ཀྱི་ཁྱིམ་ཚང་བརྒྱ་ཆ་ ༦༣ ལ་དམག་འཁྲུག་གི་དབང་གིས་སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་འཕྲད་པའི་ཁྲོད། ཉུང་མཐར་ཡང་བྱིས་པ་གྲངས་ས་ཡ་ ༡།༥ ལ་ཡིད་ཞུམ་གྱི་ན་ཚ་ཕོག་ཡོད་འདུག

ད་ལྟ་ཡུ་རོབ་རྒྱལ་ཁབ་ཁག་ཅིག་དང་། ཨ་རི། ཁེ་ན་ཌ་སོགས་ཀྱིས་ཡུ་ཁེ་རིན་གྱི་མི་སེར་རྣམས་སྐྱབས་བཅོལ་དུ་བླངས་དང་ལེན་མུས་ཡིན་པ་ལྟར། ད་ལྟ་ཡུ་རོབ་ཀྱི་འཇར་མན་རྒྱལ་ཁབ་ཏུ་ཡུ་ཁེ་རིན་གྱི་སྐྱབས་བཅོལ་བ་ཉུང་མཐར་མི་གྲངས་ས་ཡ་ ༡།༢ ལྷག་དང་། པོ་ལེན་ཌི་ལ་ས་ཡ་གཅིག་ལྷག ཅེག་སྤྱི་མཐུན་རྒྱལ་ཁབ་ལ་འབུམ་བཞི་ལྷག མལ་དྷོ་བ་(Moldova) རྒྱལ་ཁབ་ལ་ཉུང་མཐར་མི་གྲངས་འབུམ་ ༣།༦ ལྷག་དང་། དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་གཞན་དང་། ཨ་རི། ཁེ་ན་ཌ་སོགས་ལ་སྐྱབས་བཅོལ་བ་མི་ཉུང་བ་ཞིག་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese