མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

བོད་ཀྱི་དུས་བབ།
༢༠༢༦/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ཚོགས་གཞོན་མཆོག་དང་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་མི་རྣམས་ཀྱིས་བོད་རང་བཙན་འཐབ་རྩོད་པ་བློ་དགའ་ལགས་སྐུ་གྲོངས་ནས་བདུན་ཚིགས་གཉིས་འཁོར་བར་རྣམ་པ་འདྲ་མིན་གྱི་ཐོག་ནས་མྱ་ངན་རྗེས་དྲན་ཞུ་བཞིན་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༡༦།༧།༢༠༢༦

དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྒེར་གྱི་ཨེག་སི་སྤྱི་ཚོགས་བརྒྱུད་ལམ་གྱི་སྟེང་དུ། བོད་ཀྱི་རང་བཙན་འཐབ་རྩོད་པ་བློ་དགའ་ལགས་སྐུ་གྲོངས་ནས་བདུན་ཚིགས་གཉིས་འཁོར་བ་དང་བསྟུན་གདུང་སེམས་མཉམ་སྐྱེད་ཀྱི་གསུང་འཕྲིན་ཞིག་ཕུལ་འདུག་ལ། གསུང་འཕྲིན་གྱི་ནང་དུ་རང་བཙན་བློ་དགའ་ལགས་ཀྱིས་ནེའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ཁག་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཏེ་བདུན་ཚིགས་གཉིས་པ་འཁོར་ཡོད། ཁོང་གི་སྙིང་སྟོབས་ནམ་ཡང་བརྗེད་མི་རུང་ལ། ནམ་ཞིག་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་སོགས་སྲུང་སྐྱོབ་བྱས་པའི་ཐོག་ནས་རང་དབང་དང་ཆེ་མཐོང་ལྡན་པའི་ངང་འཚོ་གནས་ཐུབ་པའི་སྨོན་འདུན་ཞུ་ཞེས་གསུངས་འདུག

དེ་བཞིན། རང་བཙན་བློ་དགའ་ལགས་ཀྱི་བདུན་ཚིགས་གཉིས་པ་དང་བསྟུན། ཐེ་ཝན་གྱི་རྒྱལ་ས་ཐེ་པེའི་རང་དབང་མདུན་ཐང་དུ། བོད་མི་ལས་འགུལ་བ་དང་ཐེ་ཝན་གྱི་བོད་དོན་རྒྱབ་སྐྱོར་བ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། དགེ་འདུན་པ་སོགས་མི་གྲངས་ ༣༠༠ ཙམ་འདུ་འཛོམས་ཀྱིས་རང་བཙན་བློ་དགའ་ལགས་སུ་མར་མེ་མཆོད་འབུལ་གྱི་ལམ་ནས་མྱ་ངན་ཞུས་པ་དང་སྦྲགས། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག

ངོ་རྒོལ་ལས་འགུལ་དེར་མཉམ་ཞུགས་གནང་མཁན་ཊའེ་སི་ཁྲན་ལགས་ཀྱིས། ཐེ་ཝན་དང་བོད། ཧོང་ཀོང་། ཤར་ཊུ་ཀི་སི་ཐན་བཅས་ལ་དུས་ཡུན་རིང་པོར་ཧ་ཅང་གདུག་རྩུབ་ཅན་གྱི་རྒྱ་ནག་གི་འཇིགས་སྐུལ་གྱི་དཀའ་ཕྲད་དང་འཕྲད་མུས་ཡིན། རང་བཙན་བློ་དགའ་ལགས་ཀྱི་དོན་རྐྱེན་འདི་ཕྱིའི་ཁག་ཏུ་བྱུང་ཡོད་ནའང་། ང་ཚོ་ཚང་མར་འཕྲད་བཞིན་པའི་ཉེན་ཁ་ནི་གཞི་རྩའི་ཆ་ནས་གཅིག་མཚུངས་རེད་བསམ་གྱི་ཡོད། དེར་བརྟེན། ངས་ཁོང་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག ད་དུང་སྐབས་དེར་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། རང་བཙན་བློ་དགའ་ལགས་ཀྱིས་རང་ཉིད་ཀྱི་ལུས་པོ་གཅིག་པུ་མེར་བསྲེགས་ཡོད། འོན་ཀྱང་།  ཁོང་གིས་གསལ་འདོན་བྱས་པ་ནི་ལོ་ངོ་ ༧༠ ལྷག་གི་རིང་བོད་དེ་རྒྱ་ནག་དབང་སྒྱུར་འོག་ནས་ཐར་མ་ཐུབ་པའི་མུན་ནག་དེ་རེད། ཅེས་བརྗོད་འདུག

Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times

ཡང་ཨ་རིའི་ནེའུ་ཡོག་དང་ནེའུ་ཇར་སི་དང་ཁེ་ན་ཌའི་གངས་ལྗོངས་ཆོས་ལྡན་གླིང་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཀྱིས། རང་བཙན་བློ་དགའ་ལགས་ཀྱི་བདུན་ཚིགས་གཉིས་པར་རྗེས་དྲན་མཚོད་སླད་མཆོད་འབུལ་སྨོན་ལམ་འཚོགས་ཟིན་ཞིང་། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣།༣༠ སྟེང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཞུགས་སྒར་ཁུལ་གྱི་བོད་མིའི་ལམ་ཁྲོམ་ཚོགས་པའི་གོ་སྒྲིག་འོག  རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམས་དབུ་བཞུགས་ཐོག་རང་བཙན་བློ་དགའ་ལགས་ཀྱི་བདུན་ཚིགས་གཉིས་པར་མྱ་ངན་དང་གདུང་སེམས་མཉམ་སྐྱེད་མཚོད་སླད་མཆོད་འབུལ་སྨོན་ལམ་འཚོག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག

དགུང་གྲངས་ ༥༢ ཡིན་པའི་རང་བཙན་བློ་དགའ་འམ་དངོས་མིང་ལ་བློ་བཟང་དཔལ་ལྡན་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢ ཉིན་ནེའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་ཇུས་ཁག་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད། ཁོང་གིས་ཤུལ་ལུས་བོད་མི་ཡོངས་ལ་ཁ་ཆེམས་བཞག་པའི་ནང་། བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་སོགས་གང་ཡང་མེད་པ་ནི་བོད་རང་བཙན་ཤོར་བའི་རྒྱུ་མཚན་ཡིན་པར་བརྟེན་བོད་རང་བཙན་རྩོད་དགོས་པ། བཙན་བྱོལ་གཞུང་མང་གི་བོད་མི་ཡོངས་ནས་ཆོལ་གསུམ་དབྱེ་བ་མེད་པར་ནང་ཁུལ་མཐུན་སྒྲིལ་བགྱིས་ཏེ་བོད་མི་རིགས་ཀྱི་འཐབ་རྩོད་རྒྱུན་སྐྱོང་བྱེད་དགོས་པ། མ་འོངས་པའི་བོད་རྒྱལ་ཁབ་སླར་གསོ་དགོས་པ་སོགས་གསུངས་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

སྐར་མ ༧ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

སྐར་མ ༣༡ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༡༧ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༢༤ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese