མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

བོད་ཀྱི་དུས་བབ།
༢༠༢༦/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།

ཟླ་འདིའི་ཕྱི་ཚེས་ ༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བར་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་ཡོད་ཅིང་། ཚོགས་འདུ་དེའི་ཐོག་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་མཐུན་སྒྲིལ་ཡར་སྐུལ་ཟེར་བའི་བཅའ་ཁྲིམས་ཀྱི་ནུས་པ་ཐོན་པར་སྐུལ་འདེད་དང་། བོད་ཁུལ་ཡོངས་ཀྱི་མི་མང་ཕལ་བའི་སྤྱི་ཚོགས་ཁྲོད་ལག་བསྟར་བྱེད་སྟངས། དེ་བཞིན་བཅའ་ཁྲིམས་དེ་དྲིལ་བསྒྲགས་དང་། ལག་བསྟར་གྱི་ལས་དོན་སྤེལ་རིང་། ལག་ལེན་གྱི་ཚད་གཞི་དམ་པོར་སྲུང་བ་ཟེར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་དམིགས་པ། ཁྲིམས་ལྟར་བཅོས་སྐྱོང་གི་གཞི་རྩའི་ཚད་གཞི་བརྟན་པོ་ཟེར་བ་ཞིག་སྲུང་ནས། དམངས་སེམས་གཅིག་སྒྲིལ་དང་མཉམ་ཤུགས་གཅིག་སྡུད་བྱ་དགོས་ལུགས་ཀྱི་ཐད་དྲིལ་བསྒྲགས་དང་གླེང་སློང་ཤུགས་ཆེན་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་རིང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲེན་གྱིས་བོད་གཞིས་རྩེ་གྲོང་ཁྱེར་དང་། རྒྱལ་རྩེ་རྫོང་། པ་སྣམ་རྫོང་། བསམ་གྲུབ་རྩེ་ཁུལ་སོགས་སུ་ལྟ་སྐོར་དང་བརྟག་ཞིབ་བྱས་ཡོད་ཅིང་། སྐབས་དེར་ཁོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟེར་བ་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཟེར་བ་འཛུགས་བར་སྐུལ་འདེད་བྱས་ཏེ། ཕྱི་ལོ་ ༡༩༤༩ གོང་གི་བོད་ཀྱི་གནས་སྟངས་དང་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་རྗེས་ཀྱི་འཛུགས་སྐྲུན་གཉིས་གཤིབ་སྡུར་བྱས་ཏེ། པར་རིས་ལམ་ནས་ལོ་ཆུང་བྱིས་པ་རྣམས་ལ་བསྟན་ཏེ་སློབ་གསོ་ཟེར་བ་ཞིག་སྤྲད་དགོས་ལུགས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ཟེར་བའི་དགོས་དམིགས་བཞིན། མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏང་དགོས་ལུགས་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་རྫོང་ཁག་དེ་དག་ཏུ་གསར་བརྗེའི་ཁྲག་རྒྱུན་ཟེར་བ་ཞིག་རྒྱུན་འཛིན་བགྱིས་ཏེ་སློབ་སྦྱོང་བྱ་དགོས་ལུགས་སོགས་ནན་བརྗོད་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་མཚོ་སྔོན་ཞིང་ཆེན་དང་། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཁག་བཅས་ཀྱི་གོ་སྒྲིག་འོག  ཟི་ལིང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་གཅིག་བསྡུས་དྲིལ་བསྒྲགས་དང་། མི་རིགས་སོ་སོའི་འབྲེལ་འདྲེས་དང་བརྗེ་རེས། མཉམ་འདྲེས་ལ་སྐུལ་སྤེལ་གཏོང་ཟེར་བའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་ལས་འགུལ་དེའི་ཁྲོད། ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ་དང་སྡེ་ཁག་མང་པོར་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བཅའ་ཁྲིམས་ངོ་སྤྲོད་དང་། ནང་དོན་འགྲེལ་བཤད། དེ་བཞིན་ཡུལ་དངོས་སུ་འཁྲབ་སྟོན། ཁྲིམས་ལུགས་ཀྱི་ཡིག་ཆ་སོགས་བཀྲམ་སྟེ་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་པའི་མུར། ལས་འགུལ་དེའི་ཁྲོད་སྲིད་གཞུང་གི་ལས་བྱེད་དང་། ཤེས་ཡོན་ཅན། མི་མང་ཕལ་བ། བྱིས་པ་སོགས་ཀྱིས་མཉམ་ཞུགས་བྱ་རུ་བཅུག་སྟེ།  ཁྲིམས་ལུགས་ཁྱབ་གདལ་ཟེར་བའི་མིང་ཐོག་ནས། ཚ་སྤེལ་དང་དྲིལ་བསྒྲགས་ཤུགས་ཆེན་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་ཟླ་ ༩ ཚེས་ ༣༠ བར་ཟླ་གསུམ་རིང་། བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ལྷན་ཁང་དང་། བོད་ལྗོངས་སྨྱན་སྦྱོར་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག མི་རིགས་མཐུན་སྒྲིལ་ང་ཡིས་ལག་ལེན་བསྟར་ཟེར་བའི་ཡིག་གཟུགས་དང་པར་རིས་བརྩམས་ཆོས་བསྡུ་རུབ་འགྲེམས་སྟོན་དང་འཚོལ་བསྡུ་ཟེར་བའི་བྱེད་སྒོ་ཞིག་སྤེལ་མུས་ཡིན་ཞིང་། བྱེད་སྒོ་དེའི་ཡིག་གཟུགས་འགྲན་བསྡུར་ཁྲོད། མི་རིགས་མཐུན་སྒྲིལ་ཟེར་བ་བརྗོད་བྱ་གཙོ་བོར་བཟུང་ཡོད་པའི་མུར།  པར་ལེན་བརྩམས་ཆོས་ཀྱང་མི་རིགས་མཐུན་སྒྲིལ་དང་། གྲོང་གསེབ་དར་རྒྱས། དམངས་འཚོ་ལེགས་གཏོང་ཟེར་བ། མི་རིགས་ཁག་བར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྣམ་པ་འབུར་དུ་ཐོན་འཇུག་དགོས་པ་སོགས། ད་ལྟ་བོད་ནང་གི་ས་ཁུལ་མང་དག་ཅིག་ཏུ་རྣམ་པ་འདྲ་མིན་གྱི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ཟེར་བ་དང་འབྲེལ་བའི་ཚོགས་འདུ། བྱེད་སྒོ། འགྲན་སྡུར་སོགས་བྱས་ནས་སྲིད་ཇུས་དར་སྤེལ་བྱས་དང་བྱེད་མུས་ཡིན་འདུག

དམར་ཤོག་རིང་ལུགས་ཀྱི་ཆབ་སྲིད་སློབ་གསོའི་གནས་ཚུལ།

དགོན་སྡེ་ཁག་ཏུ་ཆབ་སྲིད་དྲིལ་བསྒྲགས། དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཆུ་ཤུར་རྫོང་མཉེས་ཐང་ཤང་ར་སྟོད་དགོན་དུ། ཕྱི་ལོ་ ༢༠༢༦ ལོའི་ལྷ་ས་གྲོང་ཁྱེར་གྱི་དགོན་སྡེའི་འདུ་ཤེས་གསུམ་ཟེར་བའི་དྲིལ་བསྒྲགས་ཀྱི་འཆད་ཁྲིད་དང་རིག་གནས་སྒྱུ་རྩལ་དགོན་པ་ཁག་ཏུ་སྤེལ་བའི་བྱེད་སྒོ་ཐེངས་གཉིས་པ་དེ་འཚོགས་ཡོད་ཅིང་། བྱེད་སྒོ་དེའི་ཐོག་གྲོང་ཁྱེར་དམར་ཤོག་དྲིལ་བསྒྲགས་ལས་ཁུངས་དང་། འཐབ་ཕྱོགས་གཅིག་གྱུར་ཁང་། གྲོང་ཁྱེར་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་དྲ་རྒྱའི་གཞུང་ལས་ཁང་དང་ཁྲིམས་འཛིན་ལས་ཁུངས། དེ་བཞིན་ཆུ་ཤུར་རྫོང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཁང་དང་དྲིལ་བསྒྲགས་ཚན་པ། འཕྲོད་བསྟེན་ལྷན་ཁང་། ར་སྟོད་དགོན་པའི་དོ་དམ་ལྷན་ཁང་དང་གྲོང་ཁྱེར་ཡིག་གཟུགས་མཁས་པའི་མཐུན་ཚོགས་དང་དགོན་པའི་གྲྭ་བཙུན་གྲངས་ ༣༥༠ ལྷག་ཆེད་དུ་མཉམ་ཞུགས་བྱས་བཅུག་འདུག་ལ། སྐབས་དེར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟེར་བ་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་གཅེས་ཆོས་གཅེས། མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་བསམ་བློ་ཟེར་བ་བརྟན་དུ་བཏང་བ། དགོན་སྡེ་སོགས་སུ་སྤྱི་སྐད་ཟེར་བ་ཞིག་ཁྱབ་སྤེལ་དང་སྦྱང་བརྩོན་བྱ་དགོས་པའི་ཐད་གླེང་སློང་ཤུགས་ཆེན་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཏེ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་མི་ལོ་ ༡༠༥ འཁོར་བ་དང་བསྟུན། རྒྱ་ནག་གཞུང་གིས་གཞིས་རྩེ་རིན་སྤུངས་རྫོང་བྱམས་ཆེན་དགོན་པར་བཙན་གྱིས་ཉིན་མོ་དེ་སྲུང་གཙི་བྱས་བཅུག་ཡོད་པ་མ་ཟད། དགོན་པ་དེར་དམར་པོའི་སློབ་གསོ་ཟེར་བ་དང་མི་རིགས་མཐུན་སྒྲིལ། ཆོས་ལུགས་སྲིད་ཇུས་སློབ་སྦྱོང་ཟེར་བར་ནན་ཏན་གྱིས་སློབ་སྦྱོང་བྱ་དགོས་ལུགས་དང་། དགོན་པའི་དོ་དམ་ལྷན་ཁང་གིས་དགོན་པ་དེའི་མི་རིགས་དང་ཆོས་ལུགས་ལས་དོན་སྐོར་གྱི་སྲིད་ཇུས་སློབ་སྦྱོང་བྱ་རྒྱུ་གཙོ་བོར་བཟུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞིར་ཟེར་བར་ལྟ་སྐོར་དང་། དམར་ཤོག་འཛུགས་སྐྱོང་ལ་མུ་མཐུད་རྒྱུན་འཛིན་དང་། འདུ་ཤེས་གསུམ་ཟེར་བའི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་སློབ་གསོ་ཟེར་བར་སྐུལ་འདེད། ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ཚོས་ཐོག་མཐའ་བར་གསུམ་དུ་དམར་ཤོག་གི་དྲིན་དྲན་པ་དང་། ཁ་ལ་ཉན་པ། རྗེས་སུ་འབྲངས་པ་བཅས་བྱེད་པར་སྣེ་ཁྲིད་བྱ་དགོས་པའི་མུར། ཆོས་ལུགས་འཆམ་མཐུན་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་ཡོང་བར་ཤུགས་སྣོན་བརྒྱག་དགོས་ལུགས་སོགས་བཤད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

ཆུ་ཚོད་ ༡༩ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གསར་པ། ལི་ཤུའོ་ཝུ། པར་དྲ་ལམ་ནས་བླངས།
Mobile App

རྒྱ་གཞུང་གིས་རྒྱ་རིགས་ལི་ཤུའོ་ཝུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོས་འདུག

ཆུ་ཚོད་ ༡༩ སྔོན་ལ།
རྒྱལ་མཚན་ནོར་བུས་ལྟ་སྐོར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱལ་མཚན་ནོར་བུ་བོད་མངའ་རིས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཟེར་བའི་ལས་དོན་ཚོགས་འདུར་ཞུགས། 

ཆུ་ཚོད་ ༡༩ སྔོན་ལ།
རྒྱ་གཞུང་གིས་ཉེས་ཆད་བཅད་པའི་དྲ་དམངས། པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

རྒྱ་གཞུང་གིས་དྲ་ལམ་དུ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་ཟེར།

༢༠༢༦/༡༠/༢༦
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱལ་སྤྱིའི་དགེ་ལྷན་ཁྱབ་ཁོངས་ཀྱི་དགེ་འདུན་པ་རྣམས་སྤྱི་འཐུས་ཀྱི་འོས་མིར་བཞེངས་མི་ཆོག་པའི་ཐག་གཅོད་གནང་། 

༢༠༢༦/༡༠/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese