མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་བྱི་ཞི་རྒོལ་རྗེས་ཀྱི་བོད་མི་སྐྱབས་བཅོལ་བའི་གནས་ཚུལ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༠༨ ལོར་བོད་ནང་དོན་རྐྱེན་བྱུང་རྗེས་བོད་མི་སྐྱབས་བཅོལ་དུ་ཡོང་བའི་གྲངས་འབོར་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་སྟབས། ཕྱི་ཚེས་ ༡༦ ཉིན་འདི་གའི་གསར་འགོད་པ་ངྷ་རམ་ས་ལའི་སྣེ་ལེན་ཁང་དུ་བཅར་ཏེ། དབུས་སྣེ་ལེན་འགན་འཛིན་ངག་དབང་ནོར་བུ་མཆོག་ལ། སྣེ་ལེན་ཁང་གི་ལས་དོན་ཁག་ཅིག་དང་འབྲེལ་ཏེ། ཕྱི་ལོ་ ༢༠༠༨ ནས་ ༢༠༡༠ བར་བོད་ནས་རྒྱ་གར་ནང་གསར་དུ་འབྱོར་བའི་བོད་མི་སྐྱབས་བཅོལ་བའི་གནས་སྟངས་སྐོར་ལ་བཅར་འདྲི་ཞུས་ཡོད།

 

དྲི་བ། བོད་ཀྱི་དུས་བབ་གསར་ཁང་གིས་ལོ་རེའི་མཇུག་ཏུ་བོད་ནས་གསར་དུ་འབྱོར་རིགས་ཐད། དབུས་སྣེ་ལེན་ཁང་བརྒྱུད་གནས་ཚུལ་ཕྱོགས་བསྡོམས་བྱེད་ཀྱིན་ཡོད་ཀྱང་། ༢༠༠༨ ལོར་རྒྱུས་ལོན་བྱས་ཐུབ་མེད། དེར་བརྟེན། སྐུ་ཉིད་ཀྱིས་རང་ཉིད་ངོ་སྤྲོད་དང་བཅས་ཕྱི་ལོ་ ༢༠༠༨ དང་ ༢༠༠༩ གཉིས་ལ་བོད་ནས་གསར་དུ་འབྱོར་རིགས་སྐོར་གྱི་གནས་ཚུལ་ངོ་སྤྲོད་ཅིག་གནང་རོགས།   

ལན། ངའི་མིང་ལ་ངག་དབང་ནོར་བུ་ཟེར་ལ། མ་སུ་རི་སློབ་གྲྭ་ཐོན་རྗེས་མཐོ་སློབ་ཏུ་ཕྱིན་པ་ཡིན། ༡༩༨༠ ལོ་ནས་བོད་གཞུང་ལ་ཞབས་ཞུ་ཞུས་ཤིང་། ༡༩༩༦ ལོ་ནས་ ༢༠༠༡ བར་འདི་ག་སྣེ་ལེན་ཁང་གི་འགན་འཛིན་ལས་རོགས་དང་། དེ་ནས་སྒང་ཐོག་ལ་གནས་སྤོར་བྱས། རྗེས་སུ་མོན་གྷོ་ཊིའི་གཞིས་མགོར་བསྐོ་བཞག་བྱས་པ་རེད། ༢༠༠༨ ཟླ་ ༤ ཙམ་ནས་བསྐྱར་དུ་དབུས་སྣེ་ལེན་ཁང་གི་འགན་འཛིན་དུ་མངགས་བྱུང་། སྔོན་མ་ལོ་ལྟར་བོད་ནས་འབྱོར་བའི་མི་འབོར་ ༢༥༠༠ནས་ ༣༠༠༠ བར་ཡིན་ཡང་། ༢༠༠༨ ལོར་བོད་ནང་དོན་རྐྱེན་བྱུང་བའི་དབང་གིས་བོད་ནས་གསར་འབྱོར་ཧ་ཅང་ཉུང་ཉུང་རེད། ལོ་དེའི་ཕྱི་ཟླ་ ༣ ནས་ ༩ བར་ཕལ་ཆེར་མི་གཅིག་ཀྱང་སླེབས་མི་འདུག་ཅིང་། ལོ་དེར་ཁྱོན་བསྡོམས་མི་ ༦༥༠ ཙམ་ལས་འབྱོར་མི་འདུག ༢༠༠༩ ལོར་བོད་ནས་གསར་དུ་འབྱོར་བ་ ༧༣༧ འདུག ད་ལོ་སྔོན་མ་དང་བསྡུར་ན་ཅུང་ཇེ་མང་དུ་འགྲོ་རྒྱུར་ཚོད་དཔག་བྱེད་ཀྱིན་ཡོད། ཟླ་འདིའི་ནང་གཅིག་པུར་མི་ ༨༠ ཙམ་འབྱོར་སོང་། ཁྱོན་བསྡོམས་ ༢༠༠༨ ལོའི་ཟླ་ ༣ ནས་ད་ལྟའི་བར་བོད་ནས་འབྱོར་བ་གྲངས་ ༡༤༦༧ འདུག་ལ། དེ་དག་ནང་ཆབ་སྲིད་བཙོན་པ་ཧ་ཅང་མང་པོ་འདུག  

 

དྲི་བ། སྔོན་མ་ནས་ལོ་ལྟར་བོད་ནས་ཆབ་སྲིད་བཙོན་པ་ཡོང་གིན་ཡོད་ལ། དེ་དག་ནང་རེ་ཟུང་ཆབ་སྲིད་བཙོན་པ་ཡིན་མིན་དང་། ཡང་རེ་ཟུང་གིས་བོད་བསྟན་སྲིད་དོན་ལས་དོན་གལ་ཆེན་བསྒྲུབས་ཀྱང་ངོས་ལེན་མེད་པ་སོགས་ཀྱི་སྐད་ཆ་ཞིག་ཡོད་སྟབས། དེའི་ཐད་འདི་ག་སྣེ་ལེན་ཁང་ལ་དགོངས་ཚུལ་གང་འདྲ་ཡོད་དམ།  

ལན། སྤྱིར་བཏང་ཆབ་སྲིད་བཙོན་པ་ཡིན་དང་མ་ཡིན་དེ་སྣེ་ལེན་ཁང་ལ་ཐད་ཀར་འབྲེལ་བ་ཆགས་མེད། བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་ཐུགས་འགན་བཞེས་ཡོད། ཆབ་སྲིད་བཙོན་པ་ཡིན་མིན་གྱི་ཞིབ་འཇུག་དེ་བལ་ཡུལ་སྣེ་ལེན་ཁང་ནས་མགོ་འཛུགས་བྱེད་ཀྱིན་ཡོད། བལ་ཡུལ་སྣེ་ལེན་ཁང་དུ་བདེ་སྲུང་ལས་ཁུངས་ཀྱི་ཚིག་ཐོ་སྡེ་ཚན་ལོགས་སུ་ཡོད་ལ། ཁོང་ཚོས་ཞིབ་འཇུག་བྱས་པའི་འབྲས་བུ་དབུས་བདེ་སྲུང་ལས་ཁུངས་ལ་གཏོང་གིན་ཡོད་ལ། དེའི་ངོ་བཤུས་ཤིག་སྣེ་ལེན་ཁང་དུ་འབྱོར་གྱིན་ཡོད། ཆབ་སྲིད་བཙོན་པ་མིན་ཡང་ཆབ་སྲིད་བཙོན་པའི་ཐོབ་ཐང་རག་ཡོད་པ་རེ་ཟུང་ཡོང་གིན་ཡོད་ས་རེད། བདེ་སྲུང་ལས་ཁུངས་ཀྱིས་ཆབ་སྲིད་བཙོན་པ་ཡིན་པར་ངོས་བཞེས་ཐོབ་པ་དག་ལ་ང་ཚོས་མཐུན་རྐྱེན་སྦྱོར་བ་དང་། ཁང་པ་ལོགས་སུ་གོ་སྒྲིག་བྱེད་པ་སོགས་གང་ཐུབ་ཀྱིས་སྣེ་ལེན་ཡག་པོ་བྱེད་ཀྱིན་ཡོད།

 

དྲི་བ། སྔར་དགུ་བཅུ་གོ་གྲངས་ནང་གི་གསར་འབྱོར་དང་ཉིས་སྟོང་ལོའི་རྗེས་ཀྱི་གསར་འབྱོར་གཉིས་བར་སློབ་སྦྱོང་དང་བསམ་བློའི་གོ་རྟོགས། དཔལ་འབྱོར་གྱི་ཆ་རྐྱེན་བཅས་ལ་ཁྱད་པར་དང་འགྱུར་བ་འདྲ་མཐོང་གིན་འདུག་གམ།  

ལན། ང་རང་གིས་དབུས་སྣེ་ལེན་ཁང་ནས་ལོ་གང་འཚམ་ཞིག་ལ་ལས་ཀ་བྱས་མྱོང་ཡོད། སྐད་ཆ་དྲང་མོར་བཤད་དགོས་པ་རེད། བོད་ནས་གསར་དུ་འབྱོར་བ་ཚོ་སྔོན་མ་དང་བསྡུར་ན་ཕྱོགས་ཚང་མ་ནས་ཡར་རྒྱས་ཆེན་པོ་ཕྱིན་འདུག ཆུང་ས་ནས་བཤད་ན་གཟུགས་པོའི་སྟེང་གི་དྲི་མ་ཡང་ལོག་ག་རེད། སྔོན་མ་དགུ་བཅུ་གོ་གྲངས་ནང་འབྱོར་མཁན་ཚོར་ཆ་རྐྱེན་དང་སློབ་སྦྱོང་ཕར་ཞོག འཕྲོད་བསྟེན་ཡང་ཧ་ཅང་སྐྱོ་བོ་ཡིན། ཕྱིས་སུ་འབྱོར་བ་མང་ཆེ་བ་སློབ་གྲྭར་འགྲོ་མྱོང་མཁན་རེད་ལ། སློབ་སྦྱོང་གི་གནས་ཚད་མཐོ་པོ་ཡོད་མཁན་ཡང་མང་པོ་འདུག དེ་བཞིན་གཟུགས་པོའི་འཕྲོད་བསྟེན་དང་འགྲོ་འདུག་སྤྱོད་གསུམ་ལ་འགྱུར་བ་ཆེན་པོ་ཕྱིན་འདུག བསམ་བློ་གཏོང་ཕྱོགས་ཀྱི་ཐད་ནས་ཀྱང་ཆབ་སྲིད་ལ་དོ་སྣང་ཡོང་གིན་འདུག སྔོན་མ་སྣེ་ལེན་ཁང་ནས་རྒྱག་རེས་རྒྱག་པ་དང་ཁྲོམ་ནས་དོན་དག་བཟོ་མཁན་མང་པོ་ཡོད་མོད། ད་ཆར་དེ་རིགས་རྩ་བ་ནས་མེད་པ་ཆགས་འདུག ས་བྱི་ཞི་རྒོལ་ཆེན་མོའི་རྗེས་ནས་ཡོང་མཁན་ཚོར་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་འདུ་ཤེས་ཧ་ཅང་ཡག་པོ་འདུག ལྷག་པར་དུ་ཆ་རྐྱེན་ཐད་འགྱུར་བ་ཆེན་པོ་འདུག གྱོན་ཆས་དང་ལག་དངུལ། བཅའ་ལག་འདྲ་མིན་སོགས་ལ་བལྟས་ན་ཧ་ལས་དགོས་པ་རེད།

 

དྲི་བ། བོད་ནས་གསར་དུ་འབྱོར་བ་ཕལ་ཆེ་བ་སྐྱབས་བཅོལ་བ་ཡིན་ཡང་། བལ་ཡུལ་རྒྱ་གར་གཞུང་ཚབ་ཀྱི་ལག་དེབ་དཀར་པོའི་སྟེང་། གནས་སྐོར་དང་སློབ་སྦྱོང་། གཞན་སོགས་བཀོད་སྟབས་སྐྱབས་བཅོལ་ལག་འཁྱེར་བཟོ་རྒྱུར་དཀའ་ངལ་འཕྲད་ཀྱིན་ཡོད། འགའ་རེ་དེབ་དཀར་པོའི་སྟེང་གི་ལོ་ཚད་ཀྱི་དབང་གིས་སློབ་གྲྭར་འཛུལ་ཞུགས་ལ་དཀའ་ངལ་འཕྲད་ཀྱིན་ཡོད་པའི་ཐད་གསལ་བཤད་ཅིག་གནང་རོགས།  

ལན། སྤྱིར་བོད་ནས་གསར་དུ་འབྱོར་རིགས་ཚོར་སྣེ་ལན་ཁང་གིས་དོ་བདག་གི་ལག་ཏུ་འགེངས་ཤོག་བཞག་སྟེ། སོ་སོའི་མིང་དང་ཕ་ཡུལ། སྐྱེས་ལོ་སྐྱེས་ཚེས་སོགས་གསལ་བོར་འབྲི་རུ་འཇུག་གིན་ཡོད་མོད། རྒྱ་གར་གཞུང་ཚབ་ཀྱིས་སྣེ་ལེན་ཁང་གི་འགེངས་ཤོག་དེ་རྩ་འཛིན་བྱེད་ཀྱི་མི་འདུག དེ་ལ་ཁག་ཀྱང་ཡོད་པ་མ་རེད། ལོ་བཞི་བཅུ་ཡས་མས་ཅན་གྱིས་ལོ་ཉི་ཤུ་བརྒྱབས་ནས་ཡོང་གིན་འདུག རྒྱ་གར་གཞུང་ཚབ་ཀྱིས་ཡང་བསྐྱར་སྐད་ཆ་འདྲི་བ་དང་། གཟུགས་པོའི་བབ་ལ་བལྟས་ཏེ་ཐག་གཅོད་བྱེད་ཀྱིན་འདུག སྔོན་མ་ལག་དེབ་དཀར་པོའི་ནང་རིགས་བཞི་ཡོད། སློབ་སྦྱོང་དང་གནས་སྐོར། སྐྱབས་བཅོལ། གཞན་བཅས་རེད། སྐྱབས་བཅོལ་དང་སློབ་སྦྱོང་ཟེར་བ་གཉིས་ལ་སྐྱབས་བཅོལ་ལག་དེབ་བཟོ་བཞིན་ཡོད། འོན་ཀྱང་རྗེས་སུ་སྐྱབས་བཅོལ་ཟེར་བ་དེ་མེད་པ་ཆགས་འདུག གནས་སྐོར་དང་གཞན་གཉིས་ལ་སྐྱབས་བཅོལ་ལག་ཁྱེར་བཟོ་རྒྱུར་དཀའ་ངལ་ཡོད་མོད། བདེ་སྲུང་ལས་ཁུངས་ཀྱིས་རྒྱ་གར་གཞུང་ལ་སྙན་གསེང་ཞུས་ཏེ། ད་ཆར་ཐབས་ལམ་འཚོལ་གྱིན་ཡོད་པ་རེད། དཀའ་ངལ་གཞན་ཞིག་ལ། དེབ་དཀར་པོའི་ནང་སྐྱེས་ལོ་སྐྱེས་ཚེས་ནོར་བ་དང་། མིང་ནོར་བ་མང་པོ་ཡོང་གིན་འདུག སྔོན་མ་དེ་དག་བལ་ཡུལ་སྣེ་ལེན་ཁང་བརྒྱུད་དེ་རྒྱ་གར་གཞུང་ཚབ་ནས་བཟོ་བཅོས་གཏོང་གིན་ཡོད་མོད། ཉེ་ལམ་ཞིག་ནས་ཁོང་ཚོས་ངོས་ལེན་གནང་གི་མི་འདུག

དྲི་བ། བོད་ནས་གསར་དུ་འབྱོར་རིགས་ཚོར་བལ་ཡུལ་སྣེ་ལེན་ཁང་གིས་ལམ་སྟོན་གནང་ཕྱོགས་གང་འདྲ་ཡིན་པ་དང་། སློབ་གྲྭ་ཁག་ལ་གོ་སྒྲིག་བྱེད་སྐབས་ལོ་ཚོད་བརྩད་ཞིབ་བྱེད་སྟངས་གང་འདྲ་ཡིན་ནམ།  

ལན། བོད་ནས་གསར་དུ་འབྱོར་བ་སུ་ཞིག་ཡིན་རུང་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཏེ་མི་ ༢༠ རེ་འཛོམས་མ་ཐག སྣེ་ལེན་འགན་འཛིན་རང་གི་ངོས་ནས་འཚམས་འདྲི་དང་སྦྲགས་ཏེ། རྒྱ་གར་ནང་གི་སློབ་གྲྭ་དང་གྲྭ་ས་ཁག་ལ་འགྲོ་ལུགས་འགྲོ་སྟངས་ངོ་སྤྲོད་ཆ་ཚང་བྱེད་ཀྱིན་ཡོད། རྒྱ་གར་གཞུང་ཚབ་ཁང་དུ་མ་སོང་སྔོན་ལ་ལམ་སྟོན་ཆ་ཚང་བ་བྱེད་ཀྱིན་ཡོད། དེ་བཞིན་ཁོང་ཚོ་རྒྱ་གར་གཞུང་ཚབ་ཁང་དུ་གཏོང་སྐབས་ཀྱང་ང་ཚོའི་ལས་བྱེད་ཅིག་མཉམ་དུ་འགྲོ་བཞིན་ཡོད། རྒྱ་གར་གཞུང་ཚབ་ཁང་དུ་བོད་རིགས་ལས་བྱེད་སྐད་བསྒྱུར་བ་ཞིག་འདུག་མོད། ཐོ་འགོད་བྱེད་སྐབས་གོ་བརྡ་མ་འཕྲོད་པ་དང་། མིའི་གཟུགས་བབ་ལ་བལྟས་ཏེ་ཐོ་འགོད་བྱེད་ཀྱིན་ཡོད་སྟབས། སྐྱབས་བཅོལ་ལག་འཁྱེར་བཟོ་ཐུབ་མིན་གྱི་དཀའ་རྙོག་ཡོང་གིན་ཡོད། གཞན། སློབ་གྲྭ་ཁག་ནང་ལོ་ཆེ་ཆུང་ཚད་ལྡན་མིན་པའི་གནས་སྟངས་ཤིག་སྔོན་མ་ནས་ཡོད་ལ། ཕྱིས་སུ་ལག་དེབ་དཀར་པོ་གཞིར་བཟུང་སློབ་གྲྭར་གཏོང་དགོས་པ་ཆགས་པ་ནས་བཟུང་། དཀའ་ངལ་ལྷག་མ་ཞིག་ཡོང་གིན་འདུག ཉེ་ཆར་རང་ལ་བྱིས་པ་ ༥ ལ་ལོ་གཅིག་གི་ཁྱད་པར་ཤོར་ཏེ་གསོག་སྒར་སློབ་གྲྭར་གཏོང་དགོས་པ་ཆགས་སོང་།

 

དྲི་བ། སྔར་རྒྱ་གར་ལ་ཐེངས་རེ་གཉིས་ཡོང་མྱོང་མཁན་དང་། བཙན་བྱོལ་ནས་སྐྱེས་ཀྱང་བལ་ཡུལ་སྣེ་ལེན་ཁང་བརྒྱུད་གསར་འབྱོར་བའི་ཁོངས་སུ་འཛུལ་བ། གྲྭ་ས་ནས་བལ་ཡུལ་སྣེ་ལེན་ཁང་ལ་ཐོ་བརྒྱབས་ཏེ་སློབ་གྲྭར་འགྲོ་བ་དང་། སློབ་གྲྭ་ནས་བསྐྱར་དུ་སྣེ་ལེན་ཁང་བརྒྱུད་དེ་སློབ་གྲྭ་གཞན་དུ་འཛུལ་བ་སོགས་ཀྱི་གནད་དོན་ཐད་རྒྱུས་མངའ་ཡོད་དམ།

ལན། དེ་བདེན་པ་རེད། གསར་འབྱོར་ནང་སྔོན་མ་རྒྱ་གར་ལ་ཐེངས་གསུམ་རེར་ཡོང་མྱོང་མཁན་དེ་འདྲ་ཡོང་གིན་འདུག ང་རང་དབུས་སྣེ་ལེན་ཁང་དུ་ཡོང་རྗེས་བལ་ཡུལ་སྣེ་ལེན་ཁང་ལ་མི་གསུམ་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཡོད། ཁོང་ཚོས་དེའི་སྐོར་ལ་ཞིབ་འཇུག་བྱེད་ཀྱིན་ཡོད། གལ་སྲིད་ཁོང་ཚོས་ཞིབ་འཇུག་བརྒྱུད་ཐག་གཅོད་དཀའ་བའི་གནས་ཚུལ་འདྲ་བྱུང་ན། དབུས་སྣེ་ལེན་ཁང་ནས་བསྐྱར་དུ་ཞིབ་འཇུག་བྱེད་ཀྱིན་ཡོད། དེ་ལྟར་མི་ཁ་ཤས་འཛིན་ཐུབ་པ་བྱུང་ཡོད། བོད་ནས་འབྱོར་མཁན་རེ་ཟུང་ལ་དམིགས་བསལ་གཏོང་དགོས་པ་ཡོང་གིན་འདུག གཞན། བཙན་བྱོལ་ནས་ཡིན་པ་འགའ་རེ་ཡང་ང་ཚོས་བཟུང་མྱོང་ལ། སྔར་སྣེ་ལེན་ཁང་གི་ལས་བྱེད་ཡིན་པ་ཞིག་ཀྱང་འཇུས་ཡོད། སློབ་གྲྭ་ཁག་གི་འབྲེལ་ཡོད་ལས་བྱེད་དང་ང་ཚོས་མཉམ་འབྲེལ་ཐོག་ཞིབ་འཇུག་བྱེད་ཀྱིན་ཡོད་ལ། ད་ལོ་བལ་ཡུལ་སྣེ་ལེན་འགན་འཛིན་དང་ལྡི་ལི་སྣེ་ལེན་འགན་འཛིན། ངྷ་རམ་ས་ལའི་སྣེ་ལེན་འགན་འཛིན་བཅས་འགན་འཛིན་ལྷན་ཚོགས་ཤིག་ཚོགས་ཏེ་གྲོས་བསྡུར་བྱས་པ་ཡིན་ལ། སྐབས་དེར་སུ་ཇཱ་དང་བྷོལ་པ་པུར་སོགས་ལ་ཆེད་དུ་སོང་སྟེ་ཞིབ་འཇུག་ཀྱང་བྱས་པ་ཡིན།

 

དྲི་བ། ༢༠༠༨ ལོའི་རྗེས་སུ་སྣེ་ལེན་ཁང་རིམ་པའི་སྒྲིག་འཛུཊ་དང་ལས་དོན་བྱེད་ཕྱོགས། ཕྱི་རྒྱལ་རོགས་ཚོགས་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་ཕྱི་མི་ཞིབ་བཤེར་ལས་ཁུངས་སོགས་ལ་འགྱུར་བ་འདྲ་སོང་ཡོད་དམ།

ལན། སྣེ་ལེན་ཁང་གསུམ་གྱི་སྒྲིག་འཛུགས་ཐད་འགྱུར་བ་གང་ཡང་ཕྱིན་མེད། བལ་ཡུལ་སྣེ་ལེན་ཁང་དུ་ལས་བྱེད་ ༡༧ ལས་མེད་སྟབས་ཉུང་དྲགས་འདུག འོན་ཀྱང་གསར་དུ་བསྐོ་རྒྱུར་བལ་ཡུལ་གྱི་ལག་འཁྱེར་དགོས་སྟབས་ཅུང་དཀའ་ངལ་འདུག ལྡི་ལི་སྣེ་ལེན་ཁང་དུ་ལས་བྱེད་ ༧ ཡོད་ལ། དེར་ལས་ཀ་ཡང་ཞེ་དྲག་མེད། ངྷ་ས་དབུས་སྣེ་ལེན་ཁང་དུ་ལས་བྱེད་ ༢༦ ཡོད། རོགས་ཚོགས་ཀྱི་ཐད་ནས། སྔོན་མ་མེད་པ་ཞིག་ལ་བལ་ཡུལ་སྣེ་ལེན་ཁང་གི་སྔོན་རྩིས་དེ་རྒྱལ་སྤྱིའི་སྔོན་རྩིས་ནང་ལ་ཞུས་ཏེ་གང་འཚམ་ཞིག་རག་གིན་ཡོད། ལྡི་ལི་སྣེ་ལེན་ཁང་དང་དབུས་སྣེ་ལེན་ཁང་གི་འགྲོ་སོང་ཆ་ཚང་སྔོན་མ་ནས་ཨ་རིའི་གཞུང་གིས་གཏོང་གིན་ཡོད་ལ། ལོ་ལྟར་སྔོན་རྩིས་ནང་མི་ ༡༥༠༠ ཙམ་ཞུ་བཞིན་ཡོད་པ་ལྟར་རག་གིན་ཡོད། འོན་ཀྱང་། ༢༠༠༨ ལོར་བོད་ནང་དོན་རྐྱེན་བྱུང་སྟེ་གསར་འབྱོར་བ་ཉུང་དུ་ཕྱིན་ཡོད་སྟབས། ད་ལོ་མི་ ༧༠༠ ལས་ངོས་ལེན་གནང་མ་སོང་། གལ་སྲིད་མི་བདུན་བརྒྱ་ལས་བརྒལ་བ་ཡིན་ན་བསྐྱར་དུ་སྤྲོད་ཆོག་ཟེར།  

 

དྲི་བ། ཕྱི་ལོ་ ༢༠༠༨ ཟླ་ ༡ ནས་ཤེས་རབ་དགའ་ཚལ་སློབ་གླིང་གི་ཉེ་འཁྲིས་སུ་དབུས་སྣེ་ལེན་ཁང་སྤོར་འཛུགས་ཀྱི་ལས་གཞི་ཞིག་འགྲོ་བཞིན་ཡོད་པ་དེའི་གནས་སྟངས་ངོ་སྤྲོད་ཅིག་གནང་རོགས།

ལན། ལས་གཞི་དེ་ཐོག་མ་ཨ་རིའི་གཞུང་ལ་སྙན་གསེང་ཞུ་སྐབས། ༢༠༠༨ ལོར་ལས་འཆར་རིམ་པ་དང་པོ་རྫོགས་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། ༧གོང་ས་མཆོག་གི་སྐུ་བགེགས་ཀྱི་དབང་གིས་ཕྱིར་འགྱངས་བྱས་པ་རེད། ཕྱི་ལོ་ ༢༠༠༨ ཟླ་ ༡ ནས་མགོ་འཛུགས་ཀྱིས་ད་ལྟ་གང་འཚམ་གྲུབ་ཡོད། འདི་ལོའི་ཕྱི་ཟླ་ ༥ བའི་ཟླ་མཇུག་ཙམ་ལ་ཡོངས་སུ་མཇུག་སྒྲིལ་ཏེ། སྒོ་འབྱེད་བྱ་ཐུབ་རྒྱུར་རེ་བ་རྒྱག་གིན་ཡོད། སྤྱིའི་འཛུགས་སྐྲུན་ཐད། བུ་ ༣༠༠ དང་བུ་མོ་ ༢༠༠ ཁྱོན་བསྡོམས་མི་ ༥༠༠ ཡི་ཉལ་ཁང་དང་། དེ་ལ་ཁྲུས་ཁང་དང་གསང་སྤྱོད་བཅས་ཆ་རྐྱེན་འཐུས་ཚང་ཡིན། གཞན་ལས་ཁུངས་དང་སྨན་ཁང་། ལས་ཤག་ ༣༠ ཙམ་ཡོད་ལ། ཆབ་སྲིད་བཙོན་པ་འདུག་ས་ལོགས་སུ་ཡོད། ལས་འཆར་དེར་འགྲོ་སོང་ཁྱོན་བསྡོམས་ཧིན་སྒོར་འབུམ་དྲུག་བརྒྱ་ ༦༠༠༠༠༠༠༠ མ་ཟིན་ཙམ་རེད། འགྲོ་སོང་དེའི་བརྒྱ་ཆའི་ ༧༠ ཨ་རིའི་གཞུང་དང་། བརྒྱ་ཆ་ ༣༠ ཙམ་སྣེ་ལེན་ཁང་རང་གིས་བཏང་བ་རེད།

 

དྲི་བ། སྣེ་ལེན་ཁང་རིམ་པར་དམིགས་བསལ་གྱི་དཀའ་ངལ་ཡོད་མེད་དང་། བོད་ནང་ཕྱིར་ལོག་མཁན་དང་། རྒྱ་གར་དང་བལ་ཡུལ་ས་མཚམས་ཁག་ནས་ཕར་སྐྱོད་ཚུར་འོང་བྱེད་མཁན་བོད་རིགས་ཚོར་རོགས་རམ་མཐུན་འགྱུར་གང་འདྲ་བྱེད་ཀྱིན་ཡོད་དམ།  

ལན། སྣེ་ལེན་ཁང་ལ་དམིགས་བསལ་གྱི་དཀའ་ངལ་ཡོད་པ་མ་རེད། དྲང་མོར་བཤད་ན་ལོ་འདི་འགར་བོད་ནས་གསར་དུ་ཡོང་མཁན་མེད་པའི་དཀའ་ངལ་དེ་རེད། ག་ཚོད་མང་མང་ཡོང་ན་བསམ་བསམ་འདུག  སློབ་གྲྭ་ཁག་དང་གདན་ས་ཁག་ཏུ་མི་མེད་པའི་དཀའ་ངལ་འཕྲད་ཀྱིན་ཡོད། སློབ་གྲྭ་ཁག་ནས་རྟག་པར་དབུས་སྣེ་ལེན་ཁང་ལ་མི་ཡོད་མེད་སྐད་ཆ་དྲིས་ཡོང་གིན་འདུག གཞན། རྒྱ་གར་དང་བལ་ཡུལ་ཀྱི་ས་མཚམས་བརྒྱུད་མཁན་རིགས་ལ་གང་ཐུབ་ཀྱིས་རོགས་རམ་བྱེད་ཀྱིན་ཡོད། བལ་ཡུལ་སྣེ་ལེན་ཁང་མ་བརྒྱུད་པར་རྒྱ་གར་ནང་འཛུལ་མཁན་ཡོང་གིན་འདུག ཉེ་ཆར་རྡོ་རྗེ་གདན་གྱི་གསུང་ཆོས་ཐོག་མི་ ༤ འབྱོར་འདུག སྔར་ལོ་བོད་ནས་ཡོང་བའི་ལག་འཁྱེར་ཡོད་མཁན་ཞིག་རྒྱ་བལ་ས་མཚམས་གྷོ་རཱ་པུར་གྱི་ཉེན་རྟོག་པས་འཇུས་ཏེ། དཀའ་ངལ་མང་པོ་ཕྲད་སོང་། རྗེས་སུ་ལྡི་ལིའི་རྒྱ་ནག་གཞུང་ཚབ་ལ་རྩིས་སྤྲོད་བྱ་རྒྱུ་བྱས་ཏེ། ལྡི་ལིར་འབྱོར་མ་ཐག་ང་ཚོས་ལེན་ཐུབ་པ་བྱུང་ཡོད། རྒྱ་གར་ནས་ཕྱིར་བོད་དུ་ལོག་མཁན་ཚོར་ཡང་གང་ཐུབ་ཀྱིས་ཞབས་ཞུ་སྒྲུབ་ཀྱིན་ཡོད། དབུས་སྣེ་ལེན་ཁང་ནས་ལྡི་ལི་བར་ཧིན་སྒོར་ ༤༠༠ དང་། ལྡི་ལི་ནས་བལ་ཡུལ་བར་ ༡༥༠༠ ། བལ་ཡུལ་ནས་ཁོངས་སོ་སོའི་ཕ་ཡུལ་བར་འདང་ངེས་ཀྱི་དངུལ་སྤྲོད་ཀྱིན་ཡོད་ལ། གྱོན་ཆས་ཀྱི་དོད་དུ་ཧིན་སྒོར་ ༢༠༠༠ ལྷག་སྤྲོད་ཀྱིན་ཡོད། བོད་དུ་ལོག་མཁན་ཚོའི་འགྲོ་སོང་དེ་སྔོན་མ་ཨ་རིའི་གཞུང་གིས་གཏོང་གིན་ཡོད་ཀྱང་། མི་མང་པོ་ཞིག་གིས་དངུལ་ཆ་ཚང་བླངས་ཏེ་བོད་ནང་མ་ལོག་པའི་གནས་ཚུལ་བྱུང་ཡོད་སྟབས། ཨ་རིའི་གཞུང་གིས་ད་ཆར་དངུལ་དེ་མཚམས་འཇོག་བྱས་སོང་།

འབྲེལ་ཡོད་གསར་འགྱུར།

བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

སྐར་མ ༡༩ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

སྐར་མ ༤༩ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༤ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

༢༠༢༥/༠༥/༠༨
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧

མཆན། 4

  1. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཏག་ཏག་རེད། ད་གཞིས་ལུས་མི་མང་གིས་ཧ་གོ་ཡོང་གིན་ཡོད་པ་རེད། རྒྱ་གར་དུ་མང་པོ་ཞིག་མི་ཡོང་བ་དེ་ནོར་མི་འདུག ང་ཚོ་བཞིན་ས་མཐའ་རུ་རྒས་ནས་ས་མཐའ་རུ་ཤི་སོང་ན་སྙིང་པོ་འདི་རེད་ཟེར་བ་ཞིག་ནི་ཅང་མི་འདུག་ག བོད་མིས་བོད་ཡུལ་གྱི་བདག་པོ་བྱེད་དགོས་པ་རེད།

    Reply
  2. ཛཱ་ཏི། says:
    ལོ་ 15 སྔོན།

    ངག་དབང་ནོར་བུ་ལགས་ཀྱི་ལྷག་བསམ་རྣམ་དག་གི་ཕྱག་ལས་གནང་གི་ཡོད་པ་གསལ་བོ་བྱུང་། ལས་དོན་ཚང་མ་ཕྱི་གསལ་ནང་གསལ་བཟོས་སོང་། ཐུགས་རྗེ་ཆེ། ང་ཚོས་ཁྱེད་རང་གི་བྱ་བ་ལམ་འགྲོ་དང་ཚེ་རིང་བོ་ཡོང་བར་སྨོན་ལམ་གསོལ་འདེབས་ཞུ་བཞིན་ཡོད།

    Reply
  3. བསེ་རུ། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་དང་བོད་གཞུང་གི་སྐུ་དྲིན་ནི་བོད་མི་ཡོད་དོ་ཅོག་གི་སྙིང་དབུས་སུ་ངེས་དགོས་པ་ཞིག་རེད། ལ་ལས་བོད་གཞུང་དང་༸གོང་ས་མཆོག་ལ་ཡང་མི་འདོད་པའི་རྣམ་འགྱུར་དང་མ་བྱུང་མ་འཐུས་པའི་བབ་ཅོལ་གྱི་གཏམ་སྨྲ་མཁན་ཡང་ཡོད།
    དེ་རིགས་ཀྱིས་དོན་དམ་པའི་བོད་གཞུང་དང་༸གོང་ས་མཆོག་གི་སྐུ་དྲིན་གྱིས་སྐྱབས་བཅོལ་བ་ཚོ་ཇི་ལྟར་སྐྱོང་གིན་ཡོད་མེད་དེ་ཞིབ་གསལ་ཤེས་ཀྱི་མེད་ཚོད་རེད། །

    Reply
  4. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    བོད་གཞུང་སྣེ་ལེན་ཁང་གིས་གསར་འབྱོར་པ་རྣམས་ལ་རོགས་དངུལ་མང་པོ་ཞིག་གཏོང་གིན་ཡོད་པ་སྔར་ནས་ཐོས་སོང་། འོན་ཀྱང་དངུལ་དེ་ཨ་རི་གཞུང་གིས་སྤྲད་ཀྱིན་ཡོད་དེ་རིང་མ་གཏོགས་ཐོས་མ་སོང་། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese