ཉེ་ལམ་རྒྱ་ནག་དབུས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དང་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་གཉིས་འཚོགས་ཡོད་ལ། བོད་རང་སྐྱོང་ལྗོངས་གཙོས་པའི་མངའ་སྡེ་རིམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྔ་རྗེས་སུ་འཚོགས་ཏེ་མཐོ་རིམ་དཔོན་རིགས་ལ་འཕོ་འགྱུར་གཏོང་གིན་ཡོད་པའི་དུས་དང་བསྟུན་ཏེ། ཕྱི་ཚེས་ ༡༥ ཉིན་འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་སུ་གནད་དོན་ཁག་ཅིག་གི་ཐད་བཅར་འདྲི་ཞུས་ཡོད།
དྲི་བ། ཉིན་འདི་འགར་རྒྱ་ནག་དབུས་གཞུང་དང་ས་གནས་མངའ་སྡེ་ཁག་ཏུ་མི་དམངས་འཐུས་མིའི་ཚོགས་ཆེན་དང་། ཆབ་སྲིད་གྲོས་མོལ་ཚོགས་འདུ་རིམ་པར་ཚོགས་ཏེ་མགོ་ཁྲིད་ལ་འཕོ་འགྱུར་གཏོང་གིན་ཡོད་དོན་ཅི་ཡིན་ནམ།
ལན། རྒྱ་ནག་དབུས་ཆབ་སྲིད་གྲོས་མོལ་སྐབས་བཅུ་བདུན་པའི་ཚོགས་ཐེངས་བཞི་བ་དེ་ཉེ་ལམ་ཟླ་འགའི་གོང་དུ་ཚོགས་ཡོད་ལ། དེའི་རྗེས་རྒྱ་ནག་དབུས་ཉེན་རྟོག་ལས་ཁུངས་དང་དྲག་ཆས་ཉེན་རྟོག་ལས་ཁུངས། དེ་བཞིན་དམག་ཁུལ་ཁང་བཅས་ཀྱི་མགོ་ཁྲིད་ལ་འགྱུར་བ་ཐེབས་ཡོད། དེ་མིན་རྒྱ་ནག་དབུས་གཞུང་གི་མགོ་ཁྲིད་ལ་འགྱུར་བ་འགྲོ་གི་མ་རེད། ཐེངས་འདིར་ས་གནས་ཞིང་ཆེན་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་དང་ཆབ་སྲིད་གྲོས་མོལ་ཚོགས་འདུ་གཉིས་འཚོག་གི་ཡོད། ཚོགས་ཆེན་འདི་གཉིས་ལོ་ལྟར་ཕྱི་ཟླ་དང་པོ་དང་གཉིས་པའི་ནང་འཚོགས་ཀྱིན་ཡོད། ཚོགས་ཆེན་འདིའི་སྟེང་ནས་ཞིང་ཆེན་ཁག་གི་མཐོ་རིམ་དཔོན་རིགས་ཚོར་འགྱུར་བ་གཏོང་གིན་ཡོད། དེ་ནི་འབྱུང་འགྱུར་ ༢༠༡༢ ལོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཐོག མི་གང་འདྲ་ཡོང་གི་འཇུག་མིན་གྱི་སྔོན་འགྲོ་སྒྲུབ་ཀྱིན་ཡོད་པ་རེད། སྐབས་དེར་རྒྱ་ནག་དབུས་དམར་ཤོག་གཞུང་གི་དཔོན་རིགས་མཐོ་ཤོས་དག་ལ་འཕོ་འགྱུར་གཏོང་དགོས་སྟབས། སྔོན་ལ་ས་གནས་ཁག་གི་མཐོ་རིམ་དཔོན་རིགས་ནང་གཙང་བཟོ་བྱས་ཏེ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཐོག་ནས་དམར་ཤོག་ཚོགས་པའི་འདོད་བློ་ལྟར། རྒྱལ་ཁབ་ཀྱི་མགོ་ཁྲིད་བདམས་འཐོན་ཡོང་རྒྱུར་རྩིས་རྒྱག་གིན་ཡོད་པ་རེད།
དྲི་བ། འབྱུང་འགྱུར་ཕྱི་ལོ་ ༢༠༡༢ ལོར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་སྟེང་། ད་ལྟའི་ཧུའུ་ཅིན་ཐའོ་ཡི་ཚབ་དུ་སྲིད་འཛིན་ལ་སུ་སླེབས་སྲིད་པ་དང་། དེ་ལ་དམར་གཞུང་གིས་ལས་འཆར་སྒྲིག་སྟངས་གང་འདྲ་ཡོད་དམ།
ལན། ད་ལྟའི་ཆར་རྒྱ་གཞུང་ལ་རེ་བ་ཅན་གྱི་མི་གཉིས་ཡོད། ཉེ་ཆར་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་རྒྱ་ནག་དབུས་གཞུང་གིས་ཧུ་ནན་ཞིང་ཆེན་དང༌ཧྥུ་ཅན་ཞིང་ཆེན། ལེའོ་ཉིན་ཞིང་ཆེན། ཅི་ལིན་ཞིང་ཆེན། སོག་པོ་རང་སྐྱོང་ལྗོངས་གཙོས་པའི་ཞིང་ཆེན་དང་ལྗོངས་ལྔའི་མགོ་འཁྲིད་གཙོ་གྲས་དག་བརྗེ་བོ་བརྒྱབས་ཡོད། དེའི་ནང་དུ་ཅི་ལིན་ཞིང་ཆེན་གྱི་དམར་ཤོང་དྲུང་ཆེ་སུན་ཀྲིན་ཚའེ་དང༌། སོག་པོ་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཧུའུ་ཁྲོན་ཧྭ་གཉིས་ད་ལྟ་ལོ་ ༤༦ ཡིན། རྒྱ་ནག་གི་ཞིང་ཆེན་དང་ལྗོངས་སོ་གཅིག་ནང་གི་མགོ་ཁྲིད་ལོ་ཆུང་ཤོས་གཉིས་ཆགས་ཡོད། སྲིད་འཛིན་ཧུའུ་ཅིན་ཐའོ་དང༌ལི་ཁྲང་ཁྲོན། ཞི་ཅིན་ཕིང༌། ལི་ཁེ་ཆང་སོགས་ཀྱང་ཐོག་མ་རྒྱ་དམར་གྱི་ཞིང་ཆེན་ཁག་གི་ལོ་ན་ཆུང་ཤོས་ཀྱི་དམར་ཤོག་དྲུང་ཆེ་ཡིན་ལ། གོ་རིམ་དེ་བརྒྱུད་དེ་ད་ལྟ་དབུས་གཞུང་གི་མགོ་འཁྲིད་མཐོ་ཤོས་སུ་སླེབས་ཡོད། ཧུའུ་ཁྲོན་ཧྭ་དང་སུན་ཀྲིན་ཚའེ་གཉིས་ནི་སྲིད་དོན་དབྱེ་ཞིབ་པ་དག་གིས་དོ་སྣང་བྱེད་ཡུལ་ཆེ་ཤོས་སུ་གྱུར་ཡོད། ལྷག་པར་དུ་ཧུའུ་ཁྲོན་ཧྭ་ཟེར་བ་དེས། ཧུའུ་ཅིན་ཐའོ་དང་མཉམ་དུ་ལྷ་སར་བྱ་བ་བསྒྲུབས་མྱོང་ཞིང་། ཧུའུ་དང་ཁོང་གཉིས་ཤོག་ཁག་ཀྱང་གཅིག་པ་ཡིན། ཁོས་བོད་རང་སྐྱོང་ལྗོངས་ནས་ལོ་ ༢༠ ཙམ་ལ་ལས་ཀ་བྱས་ཡོད། སྔོན་མ་རྒྱ་ནག་གཞུང་གི་མགོ་གཙོ་ཏིན་ཞའོ་ཕིན་གྱིས་ ༡༩༩༢ ལོར་ཧུའུ་ཅིན་ཐའོ་ཅང་ཙེ་མིན་གྱི་རྒྱུན་འཛིན་པར་དམིགས་འཛུགས་བྱས་པ་རེད་ལ། ཕྱི་ལོ་ ༢༠༠༧ ལོར་རྒྱ་དམར་གྱི་གོ་གནས་གང་ཡང་མེད་པའི་ཅང་ཙེ་མིན་གྱིས་ཞི་ཅིན་ཕིན་ཧུའུ་ཅིན་ཐའོ་ཡི་རྒྱུན་འཛིན་པར་དམིགས་འཛུགས་བྱས་ཡོད་སྟབས། ཧུའུ་རང་གི་བློར་འབབ་པའི་ལི་ཁེ་ཆང་སྲིད་བློན་ལས་དམིགས་འཛུགས་བྱེད་ཐུབ་ཡོད་པ་མ་རེད། རྒྱ་ནག་གི་འགྲོ་སྟངས་ལྟར་ན་སྲིད་འཛིན་སྐབས་གཉིས་ལ་བསྡད་ཆོག་གི་ཡོད་སྟབས། ཧུའུ་ཡིས་ཀྱང་ ༢༠༢༢ ལོའི་སྐབས་ཉི་ཤུ་བའི་ཐོག་ཏུ་ཧུའུ་ཁྲོན་ཧྭ་ད་ལྟའི་ཞི་ཅིན་ཕིན་གྱི་རྒྱུན་འཛིན་པར་དམིགས་འཛུགས་དང་། སུན་ཀྲིན་ཚའེ་ད་ལྟའི་ལི་ཁེ་ཆང་གི་ཚབ་ཏུ་དམིགས་འཛུགས་བྱ་འདོད་ཡོད། འདི་ནི་ད་ལྟའི་བར་གྱི་རྒྱ་ནག་གཞུང་གི་དབུ་ཁྲིད་གསོ་སྐྱོང་བྱེད་སྟངས་ཆགས་ཡོད།
དྲི་བ། ཉེ་ཆར་ཧུའུ་ཅིན་ཐའོ་ཡི་གཙོ་སྐྱོང་འོག རྒྱ་ནག་དབུས་ཆབ་སྲིད་གྲོས་མོལ་ཚན་པས་བོད་ཀྱི་ལས་དོན་ཐོག་ཚོགས་འདུ་ཞིག་བསྐངས་ཡོད་སྟབས། སྐབས་དེར་རྒྱ་ནག་གཞུང་གི་ཆེས་མཐོའི་དཔོན་རིགས་ཚོས་གློ་བུར་དུ་བོད་ཀྱི་ལས་དོན་ཐོག་ཚོགས་འདུ་ཚོགས་དོན་ཅི་ཡིན་ནམ།
ལན། ཕྱི་ཟླ་ ༡ ཚེས་ ༨ ཉིན་རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་ནང་། ཧུའུ་ཅིན་ཐའོ་དབུ་བཞུགས་ཀྱིས་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་འདུག ཚོགས་འདུ་དེའི་དམིགས་ཡུལ་གང་རེད་ཟེར་ན། ལོ་སྔ་ཕྱིར་བོད་ནང་གནས་ཚུལ་འདྲ་མིན་ཞིག་བྱུང་བ་དང་། དེར་རྒྱ་ནག་དབུས་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ནོར་འཁྲུལ་བྱུང་བ་ཡིན་མིན་གྱི་སྐད་ཆ་ཡོང་གིན་ཡོད་སྟབས། མ་འོངས་པར་བོད་ཐོག་སྲིད་བྱུས་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་ཁ་གསལ་བོ་བཟོས་པ་རེད། སྔོན་མ་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་ཐོག་ལ་སྲིད་ཇུས་གཏན་འབེབས་བྱེད་སྐབས། བོད་ཀྱི་ལས་དོན་སྐོར་གྱི་ཚོགས་ཆུང་ཞིག་བཙུགས་ཡོད། ཚོགས་ཆུང་དེའི་ཚོགས་གཙོ་རྒྱ་ནག་དབུས་ཆབ་སྲིད་གྲོས་མོལ་ཁང་གི་ཚོགས་གཙོ་ཅཱ་ཆིན་ལིན་རེད། རྒྱ་ནག་གི་ཆེས་མཐོའི་གོ་གནས་ཨང་བཞི་བ་དེ་ཆགས་ཀྱིན་ཡོད། ཐེངས་འདིའི་བོད་ཀྱི་ལས་དོན་ཚོགས་འདུ་དེའི་སྟེང་ནས་མ་འོངས་པར་བོད་ཐོག་སྲིད་ཇུས་འཛིན་སྟངས་གསལ་བོ་བཟོས་པ་དེ་རེད།
དྲི་བ། རྒྱ་ནག་དབུས་ཆབ་སྲིད་གྲོས་མོལ་ཁང་གི་བོད་ཀྱི་ལས་དོན་ཚོགས་འདུ་དེས་བོད་ཐོག་ལ་ཕན་གནོད་གང་འདྲ་ཡོང་བ་དང་གྲོས་ཆོད་ཁག་གི་ནང་གང་ཞིག་བཀོད་ཡོད་དམ།
ལན། སྔོན་མ་ ༡༩༨༩ ལོར་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་འཚོགས་པ་དང་། ལྷག་པར་དུ་ ༡༩༩༤ ལོར་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཐེངས་བཞི་བ་འཚོགས་ཏེ། ད་ལྟའི་བར་གྱི་བོད་ཐོག་འཛིན་པའི་སྲིད་ཇུས་དེ་ཡང་དག་པ་ཡིན་པ་དང་། དེ་ད་དུང་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་གཏན་འཁེལ་བྱས་འདུག ང་ཚོས་ ༢༠༠༨ ལོར་བོད་ནང་ཞི་རྒོལ་གཞི་རྒྱ་ཆེན་པོ་བྱུང་བ་དེ་དག་རྒྱ་ནག་དབུས་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཕམ་ཉེས་ཤིག་རེད་ཅེས་བཤད་ཀྱིན་ཡོད་ཀྱང་། ཁོང་ཚོས་དེ་ཕམ་ཉེས་ཤིག་ལ་གཏན་ནས་བརྩི་གི་མེད། ཚོགས་འདུ་དེར་སྡོམ་བརྒྱབས་ན་བོད་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་གཉིས་སུ་ཐག་བཅད་འདུག རྒྱ་ནག་གཞུང་གིས་བོད་ནང་གི་འཛུགས་སྐྲུན་སྔར་ལས་ཡར་རྒྱས་བཏང་སྟེ། དཔལ་འབྱོར་གྱི་རོགས་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་པ་གསལ་བོ་རེད། དེ་དང་མཉམ་དུ་བརྟན་ལྷིང་སྲུང་སྐྱོབ་སྔར་བས་ཚད་མཐོར་བཏང་སྟེ། འགྲོ་འདུག་སྤྱོད་གསུམ་ལ་དོ་དམ་ནན་མོ་བྱས་ནས་དྲག་གནོན་མུ་མཐུད་བྱ་རྒྱུ་ཡིན་པ་གསལ་བོ་རེད། སྲིད་ཇུས་དེ་གཉིས་རྩ་བར་བཟུང་བའི་ཐོག་ནས་དབུས་གཞུང་གི་སྲིད་ཇུས་ཆེ་ཕྲ་མང་པོ་ལག་བསྟར་བྱ་རྒྱུ་རེད། དེ་ལས་གཞན་པའི་ཁོར་ཡུག་སྲུང་སྐྱོབ་དང་སློབ་གསོ་གོང་སྤེལ། ས་གནས་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ། མི་རིགས་ས་གནས་རང་སྐྱོང་འཐུས་ཚང་དུ་གཏོང་རྒྱུ་སོགས་མང་པོ་ཞིག་བཀོད་འདུག་མོད། དེ་ནི་འཆར་ཅན་གྱི་གྲོས་ཆོད་དང་རྒྱུན་ལྡན་གྱི་སྐད་ཆ་དག་རེད།
དྲི་བ། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་སྲིད་སྐྱོང་བར་གསར་དུ་བསྐོས་པའི་པད་མ་འཕྲིན་ལས་ཟེར་བ་དེའི་རྒྱབ་ལྗོངས་དང་ཁོ་རང་གི་ལས་དོན་བྱེད་ཕྱོགས། བོད་པའི་རྩ་དོན་ཐོག་ལ་ལྟ་སྟངས་སོགས་གང་འདྲ་ཡིན་ནམ།
ལན། པད་མ་འཕྲིན་ལས་ཟེར་བ་དེ་སྔོན་མ་དམག་མི་ཞིག་རེད། མཚོ་སྔོན་ཕྱོགས་ཀྱི་དམག་ཁོངས་ནས་ཡུན་རིང་བསྡད་མྱོང་ཞིང་། སྐྱེས་ཡུལ་སྟེང་ཆེན་རེད། རིམ་གྱིས་ས་གནས་ལས་བྱེད་པར་བསྐོས་ཤིང་། པེ་ཅིན་ཏང་གི་སློབ་ཆེན་ནས་ལོ་མང་རིང་སློབ་སྦྱོང་བྱས་མྱོང་མཁན་ཞིག་རེད། གོ་ཚོད་ལྟར་ན། སྔོན་མ་ཁོས་ཆབ་མདོ་སོགས་སུ་ལས་ཀ་བྱེད་སྐབས་ས་གནས་མང་ཚོགས་ཚོས་ཧ་ཅང་བརྩི་བཀུར་ཐོབ་མཁན་ཞིག་ཡིན་རབས་འདུག འོན་ཀྱང་། ༢༠༠༨ ལོའི་ཟླ་ ༡༡ ནང་བོད་རྒྱའི་སྐུ་ཚབ་བར་ཐུག་འཕྲད་སྐབས། ཁོང་བོད་ནང་གི་བོད་མིའི་སྐུ་ཚབ་ཀྱི་མིང་ཐོག་ནས་ཡོང་འདུག་ཟེར། སྐབས་དེར་ཁོས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་གཉིས་དང་བཀའ་མོལ་གནང་སྐབས། ཐོག་མར་དོགས་མ་བདེ་བ་དང་འཚེར་སྣང་གི་རྣམ་པ་འདུག་ཟེར། སྐད་ཆ་བཤད་སྐབས་ཀྱང་ཅུང་འདར་གྱིན་འདུག་ཅེས་སྐབས་དེའི་སྐུ་ཚབ་ཕྱག་རོགས་ཤིག་གིས་བརྗོད་བྱུང་། ང་རང་གི་བསམ་པར་དེ་ནི་ཁོང་གི་རྒྱབ་ཏུ་གནོན་ཤུགས་ཡོད་པ་དང་། ༧གོང་ས་མཆོག་གི་སྐུ་ཚབ་ཀྱི་མདུན་ནས་སྐད་ཆ་རྫིག་པོ་བཤད་རྒྱུར་འཚེར་བ་མིན་ནམ་སྙམ། ཁོ་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཚོགས་གཞོན་ཡིན་སྟབས། ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་རྗེས་ཕྱི་ཕྱོགས་སུ་སྐད་ཆ་བཤད་རྒྱུ་དང་གསར་འགོད་པའི་དྲི་བར་ལན་འདེབས་བྱ་རྒྱུ་སོགས་ཁོ་རང་གི་འགན་ཆགས་ཡོད་སྟབས། སྐད་ཆ་སྡུག་ཅག་མང་པོ་ཞིག་བཤད་ཡོད་མོད། དེ་ཙམ་གྱིས་ཁོང་བོད་དོན་ཐད་ལྟ་སྟངས་ཡག་པོ་མི་འདུག་ཅེས་བཤད་དཀའ་མོ་རེད།
དྲི་བ། བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་མཐོ་གྲས་ནང་བྱམས་པ་ཕུན་ཚོགས་དང་པད་མ་འཕྲིན་ལས། མགོན་པོ་བཀྲ་ཤིས་སོགས་གཙོས་པའི་བོད་རིགས་ལས་བྱེད་གང་འཚམ་ཡོད་མོད། ལས་དོན་བྱེད་ཕྱོགས་ཀྱི་ཐོག་ནས་ཀྲང་ཅིན་ལི་དང་ཁོང་ཚོའི་བར་དབང་ཚད་ཀྱི་ཆེ་ཆུང་དང་། བོད་སྤྱི་ཚོགས་ལ་ནུས་པ་འཐོན་སྟངས་ལ་ཁྱད་པར་གང་འདྲ་ཡོད་དམ།
ལན། ཀྲང་ཅིན་ལི་ནི་རྒྱ་ནག་དབུས་གཞུང་གིས་ཐད་བསྐོས་བྱས་པའི་དམར་པོའི་གཞུང་གི་སྐུ་ཚབ་དང་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་མཐོ་ཤོས་དེ་ཆགས་ཀྱིན་ཡོད། སྲིད་གཞུང་ཟེར་བ་དེ་འཛིན་སྐྱོང་རེད། གྲོས་ཚོགས་ཁྲིམས་བཟོ་རེད། ཁྲིམས་བཟོ་ལ་དབང་ཚད་ཡོད་པ་མ་རེད། གལ་སྲིད་བྱམས་པ་ཕུན་ཚོགས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་ཆགས་པ་ཡིན་ནའང་། ཁོ་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ཙམ་རེད། པད་མ་འཕྲིན་ལས་བོད་རང་སྐྱོང་ལྗོངས་ཀྱི་སྲིད་སྐྱོང་བ་དང་པོ་ཆགས་ཀྱང་། དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པའི་འོག་རེད། དབང་ཚད་མཐོ་ཤོས་དམར་ཤོག་དྲུང་ཆེའི་རྒྱུན་ལས་རྣམ་པའི་ལག་ཏུ་ཡོད་ལ། རྒྱུན་ལས་ཚོགས་གཙོ་ཀྲང་ཅིན་ལི་རེད། མཐར་གཏུགས་ན་དབང་ཆ་མཐོ་ཤོས་འཛིན་མཁན་དེ་ཀྲང་ཆགས་ཡོད་པ་རེད། བོད་པར་གཅེས་སེམས་དང་ཐོབ་ཐང་ཡོད་མདོག་གིས་འཛིན་སྐྱོང་དང་ཁྲིམས་བཟོ་གཉིས་ཀྱི་ལས་གནས་མཐོ་ཤོས་དེར་བོད་རིགས་བསྐོས་ཡོད་ཀྱང་། མི་དེ་དག་རྒྱ་ནག་གཞུང་གིས་ཡིད་ཆེས་བློས་འཁེལ་བྱ་ཆོག་ཅིང་། སྲིད་གཞུང་གི་སྲིད་བྱུས་ཐོག་ལ་ཤར་སྐྱོད་བྱེད་མཁན་ཞིག་བསྐོས་ཡོད་སྟབས། ཁོང་ཚོས་ཀྲང་ཅིན་ལི་ཡི་ངོ་སོ་སྲུང་བ་དང་རྒྱ་ནག་དབུས་གཞུང་གི་དགོངས་དོན་བསྒྲུབ་རྒྱུ་ཁོ་ན་ལས་ལྷག་མེད།
དྲི་བ། བོད་པའི་རྩ་དོན་ལ་ཐུགས་འཁུར་དང་རྒྱབ་སྐྱོར་ཡོད་མེད་ལ་མ་ལྟོས་པར་བོད་ཀྱི་ས་ཁུལ་ཁྱོན་ཡོངས་ནང་། སྐབས་བཅོ་བརྒྱད་པ་དང་བཅུ་དགུ་བའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྟེང་རྒྱ་ནག་དབུས་གཞུང་གི་དཔོན་རིགས་ནང་རེ་བ་ཡོད་པ་དེ་འདྲ་མཐོང་གིན་ཡོད་དམ།
ལན། རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཆེ་གྲས་བོད་དང་ཞིན་ཅིང་། སོག་པོ། ཀྲོང་རིགས་བཅས་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་དང་། ཆབ་སྲིད་གྲོས་མོལ་ཁང་གི་ཚོགས་གཙོ་གཞོན་པ་བཅས་ཀྱི་གོ་གནས་སྤྲོད་སྲོལ་ཡོད་པ་རེད། སྔོན་མ་པཎ་ཆེན་རིན་པོ་ཆེ་དང་འཕགས་པ་ལྷ། ང་ཕོད། རག་སྡིས་སོགས་ཀྱིས་གནས་རིམ་དེ་དག་བརྒྱུད་མྱོང་ཡོད་པ་རེད། ང་རང་གི་བསམ་པར། གོ་གནས་དེར་ང་ཚོ་བོད་པའི་སྐུ་ཚབ་ཅིག་བསྐོ་རྒྱུར་ངེས་པར་དུ་ཆོས་ལུགས་ཀྱི་མི་ཞིག་དགོས་པ་རེད། འོན་ཀྱང་། པཎ་ཆེན་རྒྱལ་མཚན་ནོར་བུ་ལས་གནས་དེར་བསྐོས་མ་སོང་ལ། ཁོང་ད་དུང་ལོ་ཡང་ཆུང་ཆུང་རེད། ཨ་མདོ་བླ་བྲང་གི་ཀུན་མཁྱེན་འཇམ་དབྱངས་བཞད་པ་བསྐོ་རྒྱུར་རེ་བ་ཆེན་པོ་འདུག་སྙམ། གང་ཡིན་ཟེར་ན་ཁོང་བོད་ནང་གི་བླ་མ་ཆེན་པོ་ཞིག་ཡིན་ལ། ད་དུང་དགུང་ལོའང་དེ་ཙམ་ཆེན་པོ་མ་རེད། ཁོང་ ༢༠༡༢ ཡས་མས་ནང་བོད་རིགས་ཀྱི་ཚབ་ཏུ་རྒྱ་ནག་དབུས་ཀྱི་དཔོན་རིགས་ནང་འགྲོ་སྲིད་པ་རེད་དྲན་ཡོད། གཞན། ད་ལྟའི་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་རྒྱུན་ལས་མགོན་པོ་བཀྲ་ཤིས་ལ་རེ་བ་འདུག ད་ལྟ་ནས་མངའ་སྡེ་གཞུང་གི་མི་སྣ་གལ་ཆེན་གྱི་གྲས་ཡིན། ལྷག་པར་དུ་ཁོང་ལ་སློབ་སྦྱོང་ཡག་པོ་ཡོད་ལ། ལོ་ཡང་ཆུང་ཆུང་རེད། ཁོང་གི་ལས་ཀ་བྱེད་ཕྱོགས་དང་གསར་ལམ་ཁག་ཏུ་ཐོན་སྟངས་ལ་གཞིགས་ན་རེ་བ་ཆེ་ཙམ་འདུག གཞན་བྱམས་པ་ཕུན་ཚོགས་ལྟ་བུར་མཚོན་ན་རེ་བ་ཞེ་དྲག་ཡོད་པ་མ་རེད། གང་ཡིན་ཟེར་ན་སློབ་སྦྱོང་གི་ཆུ་ཚད་དང་དགུང་ལོའི་བབ་སོགས་གང་ཐད་ནས་ལྕོགས་གི་མ་རེད།
མི་ཉག་འདི་མི་ཡ་མཚན་ཞིག་འདུག ཨ་ཁྱད་མཚར་་་་་་་
ཆོས་བཟང་ཟེར་བ་དང་སྤེན་པ་དབང་ཆེན་ཟེར་འདི་ཚོ་བཙན་བྱོལ་ཁྲོད་ནས་འཚར་ལོངས་བྱུང་བའི་་དཀྲུག་ཤིང་དཀྲུག་འདྲེ་དང་། སྐྱག་པའི་རིགས་གཅིག་རྐང་འཛིན་མཐར་ཕྱིན་པའི་རབ་འབྱམས་པ་ཡིན་རྒྱུ་རེད།
བོད་ཀྱི་དུས་བབ་སྟེང་ལ་ཕེབས་པའི་དྲ་གྲོགས་མང་ཆེ་བར་བསམ་བློའི་ཁ་ཕྱོགས་ཅི་ཡང་མེད་པ་དང་སྐབས་རེ་མི་དེ་ཚོ་ཕྲུ་གུ་ཆུང་ཆུང་བཞིན་གྱིས་སྐད་ཆ་ལ་རིན་ཐང་མེད་པར་སྐད་ཆ་རློན་པས་དོན་མེད་ཀུ་ཅོ་རྒྱག་མཁན་ཇེ་མང་རེད། དུག་སྦྲུལ་དང་རུས་སྦལ། སྦལ་པ་ལྟ་བུའི་ཁྱད་ཆོས་རེ་ཁོང་ཚོར་ལྡན་ཡོད། དཔེར་ན་དྲ་གྲོགས་བློ་གྲོས་རྒྱལ་པོ་དང་གཅན་བཟོད་རྒྱམ་ལྟ་བུ་རེད། དྲང་པོ་ཞུ་ན་མི་དེ་ཚོར་སོ་སོའི་འཇོན་ཐང་དང་གྲུབ་འབྲས་ཐིགས་པ་ཞིག་ཀྱང་སྟོན་རྒྱུ་མེད་པར་མི་ལ་ཁ་རྡུང་དང་དཀྲུག་ཤིང་གཏོང་དགོས་ན་ཨང་དང་པོ་རེད། བསམ་བློ་ཞིབ་ཏུ་ཐོངས་དང་། བཤད་འདོད་པའི་སྐད་ཆ་རེ་ཤོད་རྒྱུ་ཡོད་ན་རྒྱ་གཞུང་གིས་བོད་རིགས་ཚོར་གཉའ་གནོན་དང་མཐོང་ཆུང་ཁོ་ནའི་སྐད་ཆ་དེ་དག་ལ་ལན་ཚ་པོ་རེ་རྒྱག་བ་དང་བཙན་བྱོལ་ནང་གི་ཤེས་ཡོན་ཅན་ལོ་ན་གཞོན་གཞོན་ཚོ་དང་༧གོང་ས་མཆོག་གིས་དབུ་འཁྲིད་བའི་བོད་གཞུང་ལ་གཞོགས་འདེགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུའི་ཐབས་ལམ་རེ་འཚོལ་སྒྲུག་གྱིས་དང། བོད་མིའི་སྐྱིད་སྡུག་མཉམ་མྱོང་ཡིན་པ་དེ་དྲན་པར་གནང་རོགས
འབའ་བ་སྐལ་བཟང་རྒྱལ་མཚན་ཅན་འདིའི་པར་མཐོང་ན་དོལ་རྒྱལ་གྱི་པར་མཐོང་བ་བཞིན་སྙིང་རླུང་སྟོད་ལ་འཚང་ཡོང་གི་འདུག ཁོ་བ་གྲོས་ཚོགས་གཏོར་མཁན་གྱི་མི་ངན་དེ་མ་ཡིན་ནམ། དུས་བབ་གསར་ཁང་གི་བཅར་འདྲི་བྱ་ཡུལ་རྫོགས་སོང་བ་ཡིན་ནམ། གཟབ་གཟབ་མ་གནང་ན་དུས་བབ་གསར་ཁང་གི་ཁ་ལས་རླུངརྟ་ལ་གནོད་ཡོང་ངོ་།།
ཆོས་བཟང་ལགསའབའ་པ་སྐལ་བཟང་རྒྱལ་མཚན་གྱིས་སྤྱི་འཐུས་གྲོས་ཚོགས་ར་བ་ནང་དུ་གཞི་ལུས་བོད་མི་རྣམས་ཀྱི་འཚོ་བའི་ཡོང་ཁུངས་དབྱར་རྩ་དགུ་འབུལ་དང་བཅས་པ་སྡོམ་རྩིས་རྒྱག་ནས་བོད་མི་མང་གི་སྐྱིད་སྡུག་བཤད་པར་མཐོང་མ་སོང་ངམ།
སྤྱི་འཐུས་གྲོས་ཚོགས་ར་བ་ནང་དུ་དེ་འདྲ་སྡོམ་རྩིས་རྒྱག་ཐུབ་མཁན་སྤྱི་འཐུས་ཅི་ཙམ་འདུག་གམ།
ཆོས་བཟང་ལགས་ གསར་འགོད་པས་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན
ལགས་སུ་གནད་དོན་ཁག་ཅིག་གི་ཐད་བཅར་འདྲི་ཞུས་འདུག་པས་བཅར་ལན་རེད་བསམ་བསམ་གནང་འདུག་ལགས་ གལ་ཏེ་དྲི་བ་དེ་ཚོ་ཁྱེད་ལ་དྲིས་པ་ཡིན་ན་དྲི་བའི་སྙེ་གཅིག་ལའང་ལན་འདེབས་ཡ་མེད་པ་གསལ་པོ་རེད་
མི་ཉག་སྐལ་བཟང་ལགས་ཀྱིས་གསུངས་པ་ནང་བཞིན་་ཁ་རྡུང་དང་ཀྲུག་ཤིང་གཏོང་དགོས་ན་ཨང་དང་པོ་རེད་འདུག་མ་གཏོགས་བཤད་འདོད་པའི་སྐད་ཆ་རེ་ཤོད་རྒྱུ་ཡོད་ན་རྒྱ་གཞུང་གིས་བོད་རིགས་ཚོར་གཉའ་གནོན་དང་མཐོང་ཆུང་ཁོ་ནའི་སྐད་ཆ་དེ་དག་ལ་ལན་ཚ་པོ་རེ་རྒྱག་བ་དང་བཙན་བྱོལ་ནང་གི་ཤེས་ཡོན་ཅན་ལོ་ན་གཞོན་གཞོན་ཚོ་དང་༧གོང་ས་མཆོག་གིས་དབུ་འཁྲིད་བའི་བོད་གཞུང་ལ་གཞོགས་འདེགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུའི་ཐབས་ལམ་རེ་འཚོལ་སྒྲུག་གྱིས་དང། བོད་མིའི་སྐྱིད་སྡུག་མཉམ་མྱོང་ཡིན་པ་དེ་དྲན་པར་གནང་རོགས་ དེ་ངོ་མ་རེད་བསམ་གྱི་འདུག་ ཁྱེད་ཀྱི་ཞལ་ནས་དཀྲུགས་ཤིང་ལས་ལེགས་བཤད་ཅང་གོ་མ་མྱོང་
རིག་འཛིན་ལགས་བདེན་བདེན་
དྲ་གྲོགས་མི་ཉག་སྐལ་བཟང་ལག་གི་གསུང་པ་ལ་རྒྱ་ནག་གི་འགོ་ཁྲིད་ཡོད་ཚད་འཕོ་འགྱུར་གཏོང་ན་ཡང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་དུས་ནམ་ཡང་འགྱུར་བ་འགྲོ་མི་སྲིད་པ་ཞིག་མཐོང་གིན་འདུག ཡིན་ན་ཡང་ང་ཚོའི་སེམས་ཤུགས་ཆགས་མི་ཉན། ང་ཚོར་ཏན་ཏན་འགྱུར་བ་ཞིག་ལ་རེ་བ་རྒྱག་དགོས་པ་ཡིན། འགྱུར་བ་མི་འགྲོ་ཆོས་ཅན་ཞིག་འཛམ་གླིང་ན་མེད་པའི་ཕྱིར། གལ་ཏེ་རྒྱ་ནག་མང་གཙོའི་རྒྱལ་ཁབ་ཅིག་ཏུ་གྱུར་བ་ཡིན་ན་བོད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་བརྒྱ་ཆ་བརྒྱ་ཐམ་པ་འགྲོ་གིན་རེད། རྒྱ་ནག་ནང་ཡོངས་རྫོགས་མང་གཙོར་གྱུར་སོང་ན་མང་གཙོའི་ཁྲིམས་ཀྱི་སྒྲོམ་གཞི་འོག་བོད་ལ་ཡང་མང་གཙོའི་ཁྲིམས་ཀྱིས་འགྱུར་བ་འགྲོ་བ་ནི་ཆོས་ཉིད་ལྟ་བུ་རེད།
ལེན་
འགྱུར་བ་མི་འགྲོ་ཆོས་ཅན་ཞིག་འཛམ་གླིང་ན་མེད་པ་ཡིན་ན་བཞི་གྲུབས་ན་རྟག་པ་ཡིན་པས་ཆ་བ་ཐལ་ཆོས་ཅན་ཡིན་ན་འགྱུར་མི་འགྲོ་བ་མེད་པའི་པྱིར།
ད་ནི་དུས་བབ་གསར་ཁང་ལ་འབའ་སྐལ་ལས་དྲི་ས་བརྫོགས་ཡིན་ས་རེད། མི་ངན་འདི་ཉེ་ཆར་གྲོས་ཚོགས་གཏོར་འགྲོ་མཁན་གཙོ་གྲས་ཤིག་རེད། འདིའི་རིགས་རྒྱ་མིའི་སོ་བ་ཡིན་མིན་ཐེ་ཚོམ་མེད། འདི་ཚོས་སྐད་ཆར་སའི་ཡིད་ཆེས་བྱེད་ཀྱི་རེད། ཁ་བདེ་མགོ་བདེ་འདི་ཚོ་མཐོང་དུས་སེམས་མ་སྐྱིད་པ་ཡོང་བཞིན་འདུག འདི་ཚོར་བོད་དོན་ལ་ལྷག་བསམ་གང་ཡང་ཡོད་པ་མ་རེད། གལ་སྲིད་ལྷག་བསམ་ཞིག་ཡོད་ན་གྲོས་ཚོགས་གཏོར་གྱི་མ་རེད། འབའ་བ་ཕུན་ཚོགས་དབང་རྒྱལ་བོད་ལ་རྒྱ་ཁྲིད་ཡོང་མཁན་གཙོ་བོ་རེད་ལ་མཐའ་མ་རང་སྡུག་རང་གིས་ཉོས་རེད། འབའ་སྐལ་གྱིས་ཡང་དེ་ལྟར་གྲོས་ཚོགས་གཏོར་ནས་བོད་ལ་ཕན་སོང། ད་དུང་དུས་བབ་གསར་ཁང་གིས་འབའ་སྐལ་ལ་དྲི་བ་༤་གཏང་བ་ལྷག་འདུག་ཀྱང་ཁྱད་པར་མི་འདུག ངས་དྲི་ཆོག བོད་མི་མང་སྤྱི་འཐུས་སྐུ་ངོས་འབའ་སྐལ་ལགས། ༡ ཉེ་ཆར་ཁྱོད་ཀྱིས་ག་རེ་དྲན་ནས་གྲོས་ཚོགས་གཏོར་སོང་བ་ཡིན་ནམ། ༢ གྲོས་ཚོགས་གཏོར་སོང་རྗེས་ཁྱོད་ལ་ངོ་ཚ་དང། འགྱོད་སེམས་མི་འདུག་གམ།
༣ རྗེས་ནས་ཡང་བསྐྱར་གྲོས་ཚོགས་གཏོར་འཆར་ཡོད་དམ། ༤ ཁྱོད་ཀྱིས་གྲོས་ཚོགས་གཏོར་ཐུབ་སོང་བར་བརྟེན་ཁྱོད་རང་གི་སྦྱིན་བདག་རྒྱ་གཞུང་གིས་ཁྱོད་ཡག་པོ་འདུག་ཅེས་བརྔན་པ་ག་རེ་འབྱོར་སོང་།
༥ གཞིས་ལུས་མི་མང་གིས་རེ་བ་རྡ་རམ་ས་ལར་གཏད་དེ་དཀའ་སྡུག་མྱོང་བཞིན་པའི་སྐབས་དེར་ཁྱོད་ཀྱིས་གྲོས་ཚོགས་གཏོར་སོང་བར་ངས་ཁྱོད་ལ་བརྔན་པ་སྐྱག་ལ་ཀེ་ལོ་བརྒྱ་ཐམ་པ་བོད་ཀྱི་ལོ་སར་ཉིན་ཕུལ་འཆར་གོ་སྒྲིགས་བྱས་བསྡད་ཡོད་པས་ཁྱོད་ཀྱིས་ཟ་ངེས་ཡིན་ནམ། ཡིན་ན་ཡང་བསྐྱར་སྒྱག་པ་ཀེ་ལོ་གཅིག་སྟོང་སྦྱིན་ངེས་ཡིན། ཁྱི་རྒན་འབའ་སྐལ་ཁྱོད་ངོ་མ་རྫིག་པོ་འདུག་གོ
རྒ་ནག་གི་མགོ་ཁྲིད་འགྱུར་བ་སོང་བ་བརྩམ་ཀྱི་བོད་དོན་ལ་འགྱུར་བ་འགྲོ་ཁག་པོ་རེད། འོན་ཀྱང་རྒྱ་ནག་དམང་གཙོ་ཆགས་ན་གཏན་གཏན་འགྱུར་བ་ཞིག་འགྲོ་ངེས་རེད།
བློ་གྲོས་མེད་པའི་བླུན་པོ་ཁྱོད། །དྲ་ཐོག་འདི་ཡི་གཏོར་བཤིག་པ། །རྒྱལ་བོ་མིན་པའི་རྒྱ་ཕྲུག་ཁྱོད། །དྲ་ཐོག་འདི་ཡི་འཁོན་འཛིང་པ། །
རིག་པ་མེད་ཀྱང་རིག་འཛིན་གྱི་མིང་འཛིན་མཁན་དང་ཁམས་རིགས་མིནད་ཀྱང་ཁམས་ཕྲུག་གི་མིང་འཛིན་པ་དག་ལགསལ་འདེབས་རྒྱུ་ཞིག་ནི། མ་ཤེས་ཤེས་མདོག་དང་མ་འཇོན་འཇོན་མདོག ལུང་པ་མེད་ཀྱང་ལུང་ཚན་གྱི་ཕྱོགས་འཛིན། ཆོས་ལུགས་མེད་ཀྱང་གྲུབ་མཐའི་ཕྱོགས་འཛིན། ད་གཡུག་ཞོག་ བཤད་ནས་ཅི་ཡོང་་་་་
ནད་པ་ཟེར་བ་འདིའི་ཀླད་པའི་ནང་དུ་ནད་ཅིག་ཡོད་རབས་སྤོབས་པ་སོགས་ཀྱིས་བཤད་ཀྱིན་འདུག་སྟེ། བདེན་པ་ཡིན་པ་འདྲ།
རྒྱ་ནག་གི་མི་རབས་ལྔ་པའི་ཐུན་མོང་གི་སྲོག་ཤིང་མགོ་ཁྲིད་ཀྱི་མི་སྣ་ཞི་བྱེད་ཕིང་ནི་ལོ་ན་ཕྲ་ལ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐད་ལ་པོའོ་ཧྲིའམ་འབུམ་རམས་པའི་ཡོན་ཚད་ལྡན་ཡོད་པ་མ་ཟད་ཞིང་ཆེན་དང་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པའི་གོ་གནས་བཟུང་མཁན་གྱི་མི་ཞིག་ཡིན་སྟབས་ཕྱི་ལོ་ ༢༠༡༢ ལོར་གུང་ཁྲན་ཏང་གི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་གོ་གནས་བཟུང་མཁན་གྱི་གལ་ཆེའི་མི་སྣ་ཞིག་ཡིན།
མི་རབས་ལྔ་པའི་ཐུན་མོང་གི་མགོ་ཁྲིད་སྲོག་ཤིང་མི་སྣ་ལེ་ཁ་ཆང་ནི་རྒྱལ་སྤྱིའི་དཔལ་འབྱོར་རིག་པའི་ཐད་འབུམ་རམས་པའི་ཡོན་ཚད་ཡོད་མཁན་ཞིག་ཡིན་པ་མ་ཟད་ཞིང་ཆེན་རིམ་པ་ཁག་དང་དབུས་ཆབ་སྲིད་ཅུས་ཀྱི་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པའི་གོ་མིང་བླངས་ཏེ་ཕྱི་ལོ་ ༢༠༡༢ ལོར་རྒྱལ་ནག་གི་སྲིད་བློན་ཧུན་ཅའོ་པའོ་ཡི་གོ་གནས་བཤུལ་འཛིན་བྱེད་མཁན་གྱི་མི་སྣ་གལ་ཆེ་ཞིག་ཆགས་ཡོད།
མར་ཁེ་སི། ཨན་ཁེ་སི། ལི་ཉན། སི་ཏ་ལི། མའོ་ཙེ་ཏུང་། ཏིང་ཞའོ་ཕིན། ཅང་ཙེ་མིན། ཧུ་ཅིན་ཐའོ་བཅས་ཀྱི་སྣེ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་འདིར་མཚོན་ན་ལོ་རབས་ ༨༠ ནང་ཏིང་ཞའོ་ཕིན་གྱིས་རྩ་དོན་བཞི་རྒྱུན་འཁྱོངས་བྱེད་དགོས་ལ་ལྷག་དོན་དུ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཏང་གི་འགག་རྩའི་སྲོག་ཤིང་ཉག་ཅིག་དེ་རང་ཡིན་ཞེས་ནན་བཤད་བྱས་ཡོད།
ཡིན་ནའང་འཛམ་གླིང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དམངས་གཙོའི་རིང་ལུགས་དང་མི་འདྲ་ནའང་ཁོང་ཚོས་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ནི་ཁྱད་ཆོས་མང་པོ་ལྡན་ཡོད་སྟབས་ག་དུས་ཡིན་ནའང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱེད་དགོས་ཞེས་བཤད་ཀྱིན་ཡོད།
ཕྱིགས་ཅིག་ནས་བཤད་ན་རྒྱ་ནག་དེ་སྲིད་དབང་གཅིག་སྡུད་བྱེད་མཁན་གྱི་རྒྱལ་ཁབ་གཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ནའང་རྒྱ་ནག་གི་མེས་པོ་མའོ་ཙེ་ཏུང་གཤེསགས་རྗེས་སུ་ཏིང་ཞོའ་ཕིན་དང་དེའི་རྗེས་འཇུག་ཅང་ཙེ་མིན་དེའི་འཇུག་ཏུ་ཧུ་ཅིན་ཐོའི་སོགས་མི་རབས་བཞི་རྫོགས་ལ་ཉེ་བའི་སྐབས་འདིར་བསམས་ན།
ཁོང་ཚོའི་རྗེས་འཇུག་ནི་རང་གི་རིགས་རྒྱུད་ལས་མཆེད་པའི་བུ་ཕྲུག་དང། ཨ་ཁུ་ཨ་ནེའི་རིགས་རྒྱུད། ཕ་སྤུན་གྱི་རིགས་ལས་མཆེད་པའི་སྤུན་ཉེ་སོགས་ཀྱིས་གོ་གནས་དེ་མ་བཟུང་བར་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་བློ་རྩ་བརྟན་པོ་ཡོད་པའི་ཤེས་ཡོན་ཅན་གྱི་མི་སྣས་མགོ་ཁྲིད་བཞིན་ཡོད་པ་དེར་ངས་བསམས་ན་ལེགས་པའི་ཆ་ཞིག་འདུག་སྙམ།
དེར་བརྟན་མར་ཁེ་སིའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་ཀྱི་ལྟ་གྲུབ་ངོ་མར་ཞིབ་ཏུ་བསམས་ན་སེམས་གཏིང་ནས་དགའ་བ་སྐྱེ་འོས་པའི་གཞུང་ལུགས་ཤིག་ཡིན་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པའི་དཔལ་ཡོན་དར་བར་བྱེད་དང་ཆབ་ཅིག་ཏུ་བསམ་པའི་དཔལ་ཡོན་དར་བར་བྱེད་པ་གཉིས་དེ་ཡིན།
ངོ་མ་ལ་ལ་ཞིག་གིས་མཆན་བཏབ་པ་ནི་ཞེ་ལ་དྲན་ཚད་ཁ་ལ་བཏོན་པ་རང་རེད།
དགུ་ཚིགས་ཀྱིས་གསུངས་པ་ཡང་བདེན་པ་རེད། དུས་བབ་ཚང་གིས་ཀྱང་གོ་ཁྲིད་ནས་མགོ་ཁྲིད་ལ་བཅོས་འདུག འོན་ཀྱང་ད་བར་དུ་འགོ་ཁྲིད་ཞེས་བྲིས་ཡོང་བ་རེད། དེང་སྐབས་དབུ་ཁྲིད་ནས་མགོ་ཁྲིད་ཅེས་པར་བསྒྱུར་བ་རེད། འདི་རིག་འདེད་བྱས་པའི་འབྲས་བུ་རེད། གང་ལྟར་ཀྱང་དུས་བབ་ཚང་གིས་བཟོ་བཅོས་བྱས་འདུག་པས་བཟང་སོང་།
དྲ་གྲོགས་བོད་ཤ་ཁྲག་རུས་གསུམ་ལགས
རྒྱ་ནག་གི་འགོ་ཁྲིད་ཡོད་ཚད་འཕོ་འགྱུར་གཏོང་ན་ཡང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་དུས་ནམ་ཡང་འགྱུར་བ་འགྲོ་མི་སྲིད་པ་ཞིག་མཐོང་གིན་འདུག ཡིན་ན་ཡང་ང་ཚོའི་སེམས་ཤུགས་ཆགས་མི་ཉན། ང་ཚོར་ཏན་ཏན་འགྱུར་བ་ཞིག་ལ་རེ་བ་རྒྱག་དགོས་པ་ཡིན། འགྱུར་བ་མི་འགྲོ་ཆོས་ཅན་ཞིག་འཛམ་གླིང་ན་མེད་པའི་ཕྱིར། གལ་ཏེ་རྒྱ་ནག་མང་གཙོའི་རྒྱལ་ཁབ་ཅིག་ཏུ་གྱུར་བ་ཡིན་ན་བོད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་བརྒྱ་ཆ་བརྒྱ་ཐམ་པ་འགྲོ་གིན་རེད། རྒྱ་ནག་ནང་ཡོངས་རྫོགས་མང་གཙོར་གྱུར་སོང་ན་མང་གཙོའི་ཁྲིམས་ཀྱི་སྒྲོམ་གཞི་འོག་བོད་ལ་ཡང་མང་གཙོའི་ཁྲིམས་ཀྱིས་འགྱུར་བ་འགྲོ་བ་ནི་ཆོས་ཉིད་ལྟ་བུ་རེད།
ང་ནི་རྒྱ་ནག་གིས་བཤད་པའི་སྐད་ཆ་དག་ལ་སྙིང་ན་ནི་བསྡད་ཡོད། དཀོན་མཆོག་གསུམ། སྐབས་རེ་དེ་མ་ཐག་ཨ་རི་གཞུང་གིས་རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆ་རེ་གཉིས་འཕེན་རོགས་བྱེད་ན་དགའ་བ་ལ་ཨང་སྙམ་པའི་ཚོར་སྣང་ཡང་ཡང་ཡོང་གིན།
རྒྱ་ནག་གི་འགོ་ཁྲིད་དག་ལ་འགྱུར་བ་ཞིག་ཕྱིན་པ་ཡིན་ན། བོད་དོན་ལ་འགྱུར་བ་འདྲ་འགྲོ་བར་རེ་བ་ཡོད་པར་མཐོང་མཁན་ཡོད་དམ། ཡང་ན། རྒྱ་ནག་འདི་མང་གཙོའི་རྒྱལ་ཁབ་གཅིག་དུ་གྱུར་བ་ཡིན་ན་བོད་དོན་ལ་ཕན་ཐོག་ཞིག་ཡོང་གི་རེད་དམ། དེ་ལ་དྲ་ཐོག་གི་སྤུན་ཟླ་སུས་ལན་བཏབ་ཀྱང་འགྲིག་གི་ཡོད།
ཨ་ཙི་ཙི་ཙི། ར་ཅོ་དང་རུས་གོང་ལྟ་བུ་མི་དེ་ཚོ་་་་་་་་་་
བོད་ཀྱི་དུས་བབ་སྟེང་ལ་ཕེབས་པའི་དྲ་གྲོགས་མང་ཆེ་བར་བསམ་བློའི་ཁ་ཕྱོགས་ཅི་ཡང་མེད་པ་དང་སྐབས་རེ་མི་དེ་ཚོ་ཕྲུ་གུ་ཆུང་ཆུང་བཞིན་གྱིས་སྐད་ཆ་ལ་རིན་ཐང་མེད་པར་སྐད་ཆ་རློན་པས་དོན་མེད་ཀུ་ཅོ་རྒྱག་མཁན་ཇེ་མང་རེད། དུག་སྦྲུལ་དང་རུས་སྦལ། སྦལ་པ་ལྟ་བུའི་ཁྱད་ཆོས་རེ་ཁོང་ཚོར་ལྡན་ཡོད། དཔེར་ན་དྲ་གྲོགས་བློ་གྲོས་རྒྱལ་པོ་དང་གཅན་བཟོད་རྒྱམ་ལྟ་བུ་རེད། དྲང་པོ་ཞུ་ན་མི་དེ་ཚོར་སོ་སོའི་འཇོན་ཐང་དང་གྲུབ་འབྲས་ཐིགས་པ་ཞིག་ཀྱང་སྟོན་རྒྱུ་མེད་པར་མི་ལ་ཁ་རྡུང་དང་དཀྲུག་ཤིང་གཏོང་དགོས་ན་ཨང་དང་པོ་རེད། བསམ་བློ་ཞིབ་ཏུ་ཐོངས་དང་། བཤད་འདོད་པའི་སྐད་ཆ་རེ་ཤོད་རྒྱུ་ཡོད་ན་རྒྱ་གཞུང་གིས་བོད་རིགས་ཚོར་གཉའ་གནོན་དང་མཐོང་ཆུང་ཁོ་ནའི་སྐད་ཆ་དེ་དག་ལ་ལན་ཚ་པོ་རེ་རྒྱག་བ་དང་བཙན་བྱོལ་ནང་གི་ཤེས་ཡོན་ཅན་ལོ་ན་གཞོན་གཞོན་ཚོ་དང་༧གོང་ས་མཆོག་གིས་དབུ་འཁྲིད་བའི་བོད་གཞུང་ལ་གཞོགས་འདེགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུའི་ཐབས་ལམ་རེ་འཚོལ་སྒྲུག་གྱིས་དང། བོད་མིའི་སྐྱིད་སྡུག་མཉམ་མྱོང་ཡིན་པ་དེ་དྲན་པར་གནང་རོགས
དྲྭ་གྲོགས་བློ་གྲོས་རྒྱལ་པོ་ལགས་་་བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་གང་ཤེས་གང་འཇོན་ལས་གཞི་སྣ་ཚོགས་བྱེད་བཞིན་པའི་ཆེས་མཐོ་མི་སྣ་དགགིས་་བྱས་པ་དང་བཤད་པ་དེ་ཚོ་མ་འགྲིག་ན་ཁྱེད་ཀྱིས་དེ་ལས་གཏིང་ཟབ་པ་རྒྱ་ཆེ་བ་ཞིག་བྱེད་འཆར་དང་བཤད་འཆར་ཡོད་ན་གསུང་དང་ང་ཚོས་ཉན་ན་འདོད་་་་་དེ་ལྟར་བཤད་རྒྱུ་མེད་ན་ཁ་ཅུང་ཙམ་བདག་པོ་རྒྱག་ན་བཟང་གི་རེད་སྙམ།
འབའ་བ་སྐལ་བཟང་རྒྱལ་མཚན་འདི་རྒྱ་ནག་སྐོར་ལ་མ་ཤེས་ཤེས་མདོག་བྱེད་རྒྱུར་ཤིན་ཏུ་དགའ་མཁན་ཞིག་རེད། རྒྱ་ཡིག་ཐར་ཐོར་རེ་ཤེས་པ་དངོས་འབྲེལ་རེད་འདུག་ནའང་། རྒྱ་ཡིག་ཤེས་པ་ཙམ་གྱིས་རྒྱ་ནག་ཤེས་པ་དང་རྒྱ་ནག་གི་སྲིད་ཇུས་ཤེས་པའི་མ་ཁྱབ། ལྷག་པར་དུ་ཁོ་བའི་ད་ལོའི་སྤྱི་འཐུས་གྲོས་ཚོགས་ནང་གི་བྱེད་བབ་ལས་བོད་སྤྱི་པར་ལྷག་བསམ་ཡོད་མེད་གསལ་པོ་བསྟན་ཡོད་
གཅན་བཟོད་རྒྱམ་ལགས ཐུགས་རྗེ་ཆེ་དག་བཅོས་བྱེད་སྣང་ཤར་བ་དེ་ཡང་སེམས་བཟང་རེད། ༼འགོ་ཁྲིད་༽ ཡིན་རྒྱུ་མ་རེད་ མགོ་ཁྲིད་ཡིན་ཤས་ཆེ།
རྩོམ་ཡིག་འདིའི་ཁ་བྱང་ནང་དུ་གོ་ཁྲིད་ཟེར་བ་ད་འགོ་ཁྲིད་ཡིན་ནམ་སྙམ།
ཨ་ལ་ལ་ལ། ད་ཐེངས་ད་འབའ་བ་འདི་འདུག་སྟངས་ཅིག་ཅིག་ངར་གི་ཡ། དྲི་བ་དྲིས་ལན་གནང་བར་ཐུགས་རྗེ་ཆེ།
འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ལ་རྟེན་འབྲེལ་ཞུ། ཡག་པོ་ཞིག་གསུངས་འདུག
རྒྱ་ནག་གི་རྗེས་འཇུག་ཚོ་ཕག་གསོ་གསོ་བྱེད་ཀྱིན་ཡོད་པ་རེད་་་་་་་ཕག་རྒན་དེ་ཚོ་ནམ་ཞིག་བོད་ནང་ལ་བཏང་སྟེ་ཕག་ཚང་འཇོག་རྒྱུ་རེད་ཡ་་་་་