མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇིའུ་མི་རིགས་ལས་ཉམས་མྱོང་བླངས་པ། བསྟན་འཛིན་ཉིན་བྱེད།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་ཉིན་བྱེད།

ཇིའུ་མི་རིགས་ཚོས་ལོ་ངོ་ཉིས་སྟོང་ལྷག་གི་རིང་བཙན་བྱོལ་གྱི་དཀའ་སྡུག་མྱོང་དགོས་བྱུང་བ་ནི་ང་ཚོ་ཚང་མས་མཁྱེན་གསལ་རེད། ལྷག་དོན་དུ་རྒྱལ་བ་རིན་པོ་ཆེས་དུས་རྒྱུན་དུ་ང་ཚོར་ཇིའུ་མི་རིགས་ཀྱི་འཐབ་ རྩོད་ཉམས་མྱོང་ནས་བསླབ་བྱ་ལེན་དགོས་ཞེས་བཀའ་སློབ་མང་པོ་ཕེབས་ཡོད། དེར་བརྟེན་ངས་འདས་པའི་ཉིན་འགའི་ནང་ཇིའུ་མི་རིགས་ཀྱི་དཀའ་སྡུག་དང་འབྲེལ་བའི་དཔེ་དེབ་ཅིག་བཀླགས་པ་མ་ཟད། གློག་བརྙན་ཞིག་ལའང་བལྟས་པ་ཡིན། གློག་བརྙན་འདི་ནི་རོ་མན་པོལནས་ཀིས་ Roman Polanski བཟོ་བསྐྲུན་གནང་པའི་ Pianist ཞེས་པ་འདི་ཡིན་ལ། དེའི་ནང་དོན་གཙོ་བོ་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་འཇར་མན་ན་ཛི་སྲིད་གཞུང་ Nazi Germany གིས་ཡོ་རོབ་ཁུལ་དུ་ཡོད་པའི་ཇིའུ་མི་རིགས་ས་ཡ་དྲུག་ལྷག་ཙམ་སྡེབས་གསོད་བྱས་པའི་སྐོར་སྤྱི་དང་། དམིགས་བཀར་དུ་པོལན་ཏར་ Poland གཞིས་ཆགས་པའི་ཇིའུ་ཁྱིམ་ཚང་ནང་མི་ཞིག་གི་སྐོར་ཡིན་པ་མ་ཟད། ནང་མི་འདི་ནང་ནས་རོལ་ཆ་བ་ Pianist མ་གཏོགས་གཞན་ཚང་མ་ཇི་ལྟར་རྩ་མེད་སོང་བ་དང་། གཙོ་བོ་རོལ་ཆ་བ་འདིས་སྤྱང་དྲུང་དང་། སྙིང་སྟོབས། དེ་བཞིན་རང་ཉིད་ཀྱི་རོལ་ཆར་དགའ་ཞེན་སོགས་ཀྱི་རྐྱེན་པས་ན་ཛི་བཙོན་ཁང་ནས་ནད་མནར་དང་མུ་གེ་བཅས་ལ་ཇི་ལྟར་གདོང་ལེན་བྱས་པ་དང་། མཐར་བྲོས་བྱོལ་གྱིས་རང་ཉིད་སྡེབས་གསོད་ལས་ཇི་ལྟར་སྐྱབས་པ་དང་འཚོ་གནས་ཐུབ་ པའི་སྐོར་ཡིན། གློག་བརྙན་འདིས་འཛམ་གླིང་ཡོངས་ལ་ཇིའུ་མི་རིགས་ཀྱི་དཀའ་སྡུག་དང་འབྲེལ་བའི་ ཐོག་ཧ་ཅང་གིས་སེམས་འགུལ་ཐེབས་པ་མ་ཟད། འཛམ་གླིང་ནང་ཆེས་སྙན་གྲགས་ཆེས་ཤོས་ཀྱི་བྱ་དགའ་སྟེ། ཨོ་སི་ཀར་ Oscar གྱི་བྱ་དགའ་ཡང་གློག་བརྙན་བཟོ་པ་པོར་ཐོབ་ཡོད་པ་རེད།

ངས་གློག་བརྙན་འདི་བཙན་བྱོལ་དུ་ཡོད་པའི་བོད་རིགས་གཞོན་སྐྱེས་ཚང་མས་བལྟ་ཐུབ་ན་དགེ་མཚན་ཆེ་བར་མཐོང་། ལྷག་པར་དུ་གློག་བརྙན་འདི་བོད་སྒྱུར་ཞུས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་གཟིགས་ཐུབ་ན་ཧ་ཅང་གིས་ཕན་ཐོགས་ཆེན་པོ་ཡོང་བར་སྨྲོས་མི་དགོས་པ་ཞིག་རེད་འདུག

ངས་གློག་བརྙན་འདིར་ལྟ་བཞིན་པའི་སྐབས་བོད་མི་རིགས་ཀྱིས་རྒྱའི་བཙན་འོག་ཏུ་མྱངས་པའི་དཀའ་སྡུག་ཁག་དྲན་སོས་ལ། གློག་བརྙན་ནང་ཇིའུ་བཙོན་པ་ཚོར་བཙོན་ལས་སྐུལ་བ་དང་དེ་བཞིན་བཙོན་པ་མང་པོ་དམར་གསོད་གཏོང་བ། ལྷག་པར་དུ་མང་པོ་ཞིག་ལྟོག་ཤིར་ཐེབས་པ་སོགས་མཐོང་ཡོང་དུས་ངའི་སེམས་ནང་རྒྱའི་བཙན་འོག་ཏུ་མྱངས་པའི་བོད་རིགས་ཆབ་སྲིད་བཙོན་པ་ཁྲི་ཚོ་མང་པོ་སྡེབས་གསོད་བཏང་ བ་དང་། མུ་གེར་ཤི་བ། གྲངས་ངར་གྱིས་བཙོན་ཁང་ནང་འདས་གྲོངས་སོང་བ་སོགས་མིག་མདུན་དུ་ཁྲ་ལམ་མེར་ཤར་བྱུང་བ་མ་ཟད། ངའི་སེམས་ཀློང་ནང་འགྲོ་བ་མི་ཞིག་གིས་མི་གཞན་ཞིག་ལ་བྱམས་སྙིང་རྗེ་སོགས་ཅི་ཡང་མེད་པར་འདི་དྲའི་མནར་གཅོད་ཇི་ལྟར་གཏོང་ཐུབ་ཀྱི་ཡོད་ལ། ཕོ་མོ་རྒན་བྱིས་སུའང་མ་ལྟོས་པར་མི་རིགས་ཞིག་ཡོངས་རྫོགས་སྡེབས་གསོད་བྱ་རྒྱུའི་ནུས་པ་བསྐྲུན་ཐུབ་པ་འདིར་ཧངས་ནག་པོ་སང་སོང་། གནས་ཚུལ་དེ་རིགས་མཐོང་དུས་ངའི་སེམས་ནང་ཁོང་ཁྲོ་ཚད་མེད་ལངས་བས་ཅོག་ཙེའི་སྟེང་ཁུ་ཚུར་ཞིག་ཞུ་གྲབས་བྱས། ཡིན་ནའང་ངས་རང་ཉིད་ལ་བཀོལ་སྤྱོད་འདི་འདྲ་ཞིག་བྱ་དགོས་བྱུང་། “ཨ་རོགས་ཉིན་བྱེད། ཁྱོད་ཆོ་མེད་ཀྱི་ལས་ཀ་མ་བྱེད། ཁོང་ཁྲོ་དེ་རིགས་ཀྱིས་འཛམ་གླིང་དམར་གསོད་ཀྱི་དོན་རྐྱེན་བསྐྲུན་ཡོད་པ་རེད། ཁྱེད་ཀྱིས་ཁོང་ཁྲོར་སྟངས་འཛིན་བྱེད་དགོས། ཁྱོད་ཀྱིས་ཁོང་ཁྲོའི་མཉམ་ཞི་མོལ་བྱེད་དགོས། དེ་མིན་ན་ཁྱོད་ཉིད་ཀྱང་ན་ཛི་ Nazi ཞིག་ཆགས་མི་སྲིད་པ་མ་རེད། བཟོད་སྲན་བྱེད་དགོས།”

ངས་ཞིབ་པོར་བསམ་བློ་ཞིག་བཏང་སྐབས་ན་ཛི་སྲིད་གཞུང་དང་དེའི་སླུ་བྲིད་འོག་སོང་བའི་འཇར་མན་མི་རིགས་ཀྱིས་ཇིའུ་མི་རིགས་ལ་སྡེབས་གསོད་བྱ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་ཇིའུ་མི་རིགས་ལ་གཏིང་ནད་དང་ལྷག་པར་དུ་ཇིའུ་མི་རིགས་དེ་མིའི་ཆ་རྐྱེན་ཚང་མེད་པར་ཀླ་ཀློ་ཡིན་པའི་འདོད་ཚུལ་བཟུང་བ་དེར་ཐུག་འདུག གློག་བརྙན་འདིའི་ནང་ན་ཛི་དམག་མི་ཚོས་ཇིའུ་མི་རིགས་ལ་ཕག་པ་ཞེས་འབོད་ཀྱི་འདུག དེའི་མཚོན་བྱེད་ནི། ཇིའུ་མི་རིགས་རྣམས་ལས་རྒྱུ་འབྲས་དང་བཟང་པོར་ཉན་མི་ཤེས་མཁན། ལེ་ལོ་སྒྱིད་ལུག་ཅན་མདོར་ན་ཀླ་ཀློ་ཡིན་པས་ཕག་པ་ལྟར་དམར་གསོད་གཏོང་འོས་པ་དང་། གཏོང་དགོས་པར་ངོས་འཛིན་གྱི་ཡོད། རྒྱ་ནག་གིས་ཀྱང་བོད་རིགས་ཚོ་ཆེས་ཀླ་ཀློ་དང་ཆེས་མུན་ནག་ཡིན་པར་བསམ་གྱི་ཡོད་ལ། གལ་སྲིད་བོད་རིགས་རྣམས་འགྲོ་བ་མིའི་ཁོངས་སུ་འཚུད་དགོས་ན་རྒྱར་སྒྱུར་དགོས་པའམ་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་རྒྱུ་འདི་རེད།

གློག་བརྙན་འདིར་ལྟ་སྐབས་ཕྱོགས་གཅིག་ནས་བོད་མི་རིགས་ལ་སྤོབས་པ་ཞིག་ཀྱང་སྤྲད་བྱུང་། གང་ལགས་ཤེས་ན། ད་བར་ལོ་རྒྱུས་ནང་ང་ཚོས་མི་རིགས་གཞན་སུའང་སྡེབས་གསོད་བཏང་མེད་ལ། ལྷག་པར་དུ་རྒྱ་མི་རིགས་ཀྱིས་ང་ཚོ་རང་སོ་སོའི་ལུང་ཁྱིམ་ནས་ཕྱིར་འབུད་བྱས་པ་དང་། ང་ཚོའི་མི་ཚེའི་འགྲོ་ལམ་རྩ་མེད་དུ་བཏང་ཀྱང་རྒྱ་རིགས་ཚོར་མིའི་འདུ་ཤེས་འཛིན་པ་མ་ཟད། ཁོ་པ་ཚོའི་་མཉམ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཐབས་ཤེས་ཡོད་རྒུ་བྱས་དང་བྱེད་བཞིན་ཡོད།

ཡིན་ནའང་ཆེས་བློ་ཕམ་པའི་དངོས་ཡོད་གནས་ཚུལ་ནི། ད་བར་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཁག་ལ་བལྟས་ཚེ་དྲག་པོས་འཐབ་རྩོད་བྱས་ཏེ་རང་དབང་ཐོབ་པ་མང་བ་འདུག་ལ། འཚེ་མེད་ཞི་བས་འཐབ་རྩོད་བྱས་ཏེ་རང་དབང་ཐོབ་མཁན་རྒྱ་གར་ལྟ་བུ་རེ་ཟུང་ལས་མི་འདུག  རྒྱ་གར་གྱི་རང་དབང་འཐབ་རྩོད་ནང་ལའང་འཚེ་མེད་ཞི་བ་གཙོ་བོར་ཟིན་ཡོད་ནའང་དྲག་པོའི་ལས་འགུལ་སྤེལ་མཁན་མི་ཉུང་བ་ཞིག་བྱུང་འདུག ད་བར་དྲག་པོའི་ལས་འགུལ་མ་སྤེལ་མཁན་ནི་བོད་དང་འབར་མ་གཉིས་ཡིན། འཐབ་རྩོད་དེ་གཉིས་ལ་ད་བར་རྒྱལ་ཁ་ཐོབ་མེད།

འདིས་ང་ཚོར་དྲི་བ་ཞིག་འདོན་པ་ནི་འདི་ལྟར་ཏེ། རང་དབང་འཐབ་རྩོད་ནང་དྲག་པོའི་ལས་འགུལ་དགོས་རྒྱུ་དེ་མེད་དུ་མི་རུང་བ་ཡིན་ནམ། འཚེ་མེད་ཞི་བ་ཁོ་ན་བེད་སྤྱད་དེ་རང་དབང་འཐབ་རྩོད་ཀྱི་རྒྱལ་ཁ་ཞིག་ཐོབ་ཐབས་མེད་དམ། སྐད་ཆ་བཤད་དེ་ཆབ་སྲིད་ཀྱི་རྙོག་དྲ་སེལ་རྒྱུའི་ཐབས་ལམ་དང་ནུས་པ་ཞིག་འགྲོ་བ་མིར་མེད་དམ་བཅས་པ་དེ་རེད། གནད་དོན་འདིའི་ཐད་ཨ་རིའི་སྙན་གྲགས་ཅན་གྱི་ལོ་རྒྱུས་སྨྲ་བ་ཞིང་གཤེགས་དམ་པ་ཧོ་བརཏ་ཛིན་ Howard Zinn མཆོག་གིས་འདི་འདྲ་ཞིག་གསུངས་ཡོད་དེ། “འགྲོ་བ་མི་དེ་ཆེས་ཧ་ཅང་གི་འཇོན་ཐང་ཅན་ཞིག་རེད། འགྲོ་བ་མིས་ད་བར་སྲིད་པའི་དཔལ་ཡོན་ལ་ཕན་པའི་ཚན་རིག་གི་གསར་བརྗེ་མཚོན་པས་གསར་གཏོད་ཀྱི་བཟོ་སྐྲུན་མང་པོ་ཞིག་བྱས་ཡོད། དེར་བརྟེན་ང་ཚོ་དྲག་སྤྱོད་སྤངས་ཏེ་ཞི་བའི་སྒོ་ནས་རྩོད་རྙོག་སེལ་རྒྱུའི་ནུས་པའང་ཡོད་པ་རེད། མདོར་ན་འགྲོ་བ་མིས་ཟླ་བའི་གྲོང་ཁྱེར་ནང་སླེབས་ཐུབ་པ་བཞིན་ཞི་བདེ་ཡང་ བསྐྲུན་ཐུབ་པ་ཞིག་རེད།”

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 2

  1. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    གཡང་ལགས་ཀྱིས་གསུངས་ལ་བལྟས་ན་ཇིའུ་མི་རིགས་དེ་ཕན་ཚུན་བརྩེ་བ་ཅན་དང་མཉམ་ཆུུང་ལ་རོགས་པ་བྱེད་མཁན་རང་རིགས་ལ་ལ་རྒྱ་ཡོད་པའི་མི་རིགས་བཟང་པོ་ཞིག་ཡིན་པ་འདྲ།ང་ཚོར་དེ་ལྟར་ག་ལ་ཡོད་རྣམ་པ་ཚོས་མཁྱེན་གསལ་རེད།
    དྲག་པོ་བྱ་ནའང་ཤི་མཁན་ཤི།བསྟན་མོ་བལྟ་མཁན་གྱི་ཡག་བྱུང་ཁོང་ཚོ་ལ་དེ་དགོས་ཤེ་བསམ་ནས་སྡོད་པ་ལས་གཅིག་གྱུར་ཁག་པོ་རེད།འདས་པ་དང་ད་ལྟའི་ལས་ལ་གཟིགས་དང་དེ་ལྟར་ཞིག་མ་རེད་དམ།ད་ཅི་དྲགས།ང་ཚོ་ཇིའུ་མི་རིགས་ནང་བཞིན་གྱི་རང་རིགས་ལ་ལ་རྒྱ་ཅན་ཞིག་ག་དུས་ཆགས་རྒྱུ་ཡིན་ནམ།

    Reply
  2. གཡང་ལགས། says:
    ལོ་ 16 སྔོན།

    ཇིའུ་མི་རིགས་རྣམས་ཕན་ཚུན་བརྩེ་བ་ཆེ་བ་དང་། འབྱོར་ལྡན་རྣམས་ཀྱིས་འབྱོར་མེད་རྣམས་ལ་ཚོང་གི་མ་རྩ་འདོན་རོགས་བྱས་ནས་ཕྱུག་པོའི་ལམ་དུ་འཁྲིད་པ་སོགས་ཀྱི་གནས་ཚུལ་གོ་མྱོང་། ང་ཚོ་བོད་མི་རྣམས་ཀྱིས་ཇིའུ་རིགས་ལས་ཉམས་མྱོང་ལེན་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། རྒྱབ་སྐྱོར་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese