མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དབུལ་ཕྱུག་འགལ་ཟླ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༥ ཉིན་རྒྱ་ནག་གཞུང་འབྲེལ་ཤེས་ལྡན་མི་སྣ་དག་གིས་ཁྲིམས་སྲིད་སྐོར་གྱི་དེབ་ལྗང་ཁུ་ཞིག་འགྲེམས་སྤེལ་བྱས་ཏེ། རུལ་སུངས་དང་ནག་ཉེས་ཀྱི་བྱ་སྤྱོད་ཇེ་མང་དང་སྤྱི་ཚོགས་བདེ་སྲུང་ལས་དོན་ཉམས་ཉེས་སུ་འགྲོ་བཞིན་པའི་ཉེན་བརྡ་བཏང་ཡོད་འདུག  དེབ་དེའི་ནང་ཉེས་དོན་ཐམས་ཅད་ཀྱི་འབྱུང་རྩ་ནི་དབུལ་ཕྱུག་གི་ཧེ་བག་ཇེ་ཆེར་སོང་བར་བརྟེན་སྤྱི་ཚོགས་ཀྱི་གནད་དོན་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་པ་དེ་ཡིན་པས།  དམངས་ཀྱི་འཚོ་བ་ལེགས་བཅོས་བྱས་ཏེ་སྤྱི་ཚོགས་བདེ་འཇགས་འགན་སྲུང་བྱེད་དགོས་པའི་སྐོར་བརྗོད་ཡོད།  ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་དུ་ཉེས་ཁྲིམས་གྱོད་དོན་ཁྲི་ ༥༣༠ བྱུང་ཡོད་པ་དང་། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་ ༩ འཕར་ཡོད།  དེ་བཞིན་སྤྱི་ཚོགས་བདེ་སྲུང་གྱོད་དོན་ཁྲི་ ༩༩༠ བྱུང་ཡོད་པ་དང་། དེ་ནི་སྔར་ལོ་དང་བསྡུར་ན་བརྒྱ་ཆ་ ༢༠ འཕར་ཡོད། ཡིན་ནའང་། རྒྱ་ནག་ཏུ་མ་དངུལ་རྒྱ་སྒོར་དུང་ཕྱུར་བརྒལ་བའི་འབྱོར་ལྡན་པ་ ༢༩༣༢ ནི་དམར་ཤོག་མཐོ་རིམ་དཔོན་རིགས་ཀྱི་བུ་དང་བུ་མོ་ཡིན་ལ། རྒྱ་ནག་རྒྱལ་ཡོངས་ཀྱི་འབྱོར་ལྡན་པའི་བརྒྱ་ཆ་ ༩༡ ཡན་ཟིན་ཡོད། མ་དངུལ་རྒྱ་སྒོར་དུང་ཕྱུར་ ༢༠༤༥༠ ལྷག་ཁོ་ཚོས་བདག་འཛིན་བྱས་ཡོད་པ་དང་། མཐོ་རིམ་དཔོན་རིགས་ཀྱི་ཁྱིམ་རྒྱུད་རྒྱབ་ལྗོངས་དེ་ནི་ཁོ་ཚོ་འབྱོར་ཕྱུག་གི་སྟེགས་བུར་འཛེགས་བྱེད་ཀྱི་སྐས་རྐང་དུ་གྱུར་ཡོད།  དེ་བཞིན་རྒྱ་ནག་ཏུ་ལོ་ལྟར་ཛ་དྲག་གི་རྣམ་པར་འགྱུར་བཞིན་པའི་དབུལ་ཕྱུག་གནད་དོན་དེ་ནི་དོན་གྱིས་མི་དམངས་དཀྱུས་མ་དང་དམར་ཤོག་དཔོན་རིགས་ཁྱིམ་རྒྱུད་བར་གྱི་འབྱོར་ཕྱུག་གི་ཧེ་བག་ཅིག་དང་འཐབ་རྩོད་ཅིག་ཏུ་གྱུར་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

སྐར་མ ༡༣ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༢ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 3

  1. རྨ་ ཉག་ཕྲན། says:
    ལོ་ 16 སྔོན།

    གལ་ཏེ་ཁྱངས་ཐུབ་ཡིན་པའི་དབང་དུ་བཏང་ན་ཡང་རྒྱ་ནག་གི་དབང་འཛིན་པ་ཚོར་སྤྱང་ཀིའི་སྣ་བར་ཆོས་བཤད་ལས་མི་འདུག

    Reply
  2. འོད། says:
    ལོ་ 16 སྔོན།

    ཁྲི་རལ་བ་ལྟ་བུའི་རྒྱལ་བོ་ཆོས་སེམས་ཅན་ཞིག་དེང་སྐབས་ཡོད་དཀོན་པས་ད་ནི་དབུལ་ཕྱུག་སྙམ་རྒྱུ་ཁག་པོ་རེད། དབུལ་ཕྱུག་གི་ཧེ་བག་དེ་༸གོང་ས་མཆོག་གིས་རྒྱ་ནག་གཅིག་པུ་མ་ཡིན་པར་འཛམ་གླིང་སྤྱི་ཡོངས་ལ་དུས་རྒྱུན་ཐུགས་འཁུར་གནང་བཞིན་པའི་གནད་དོན་ཆེས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

    Reply
  3. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    འདི་འདྲའི་གཏམ་བཤད་དྲང་མོ་ཞིག་བཏོན་ཡོད་ན་དགའ་དགོས་པ་ཞིག་རེད་དེ་ཁུངས་ཐུབ་ཡིན་མིན་མི་ཤེས། གལ་སྲིད་བདེན་པ་ཡིན་ན་མི་འགྱང་བར་དམར་
    ཕྱོགས་དབུལ་བོའི་ཚོགས་པ་ཞིག་ཡང་བསྐྱར་ཡོང་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese