མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུད་ནག་སྤྱོད་མཁན་གྱི་སློབ་མ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༦ ཉིན་ཧྥ་རན་སི་གསར་སྤེལ་ཁང་གིས་གནས་ཚུལ་བཀོད་དོན།  ཧོང་ཀོང་བདེ་སྲུང་ལས་ཁུངས་ཀྱི་དུད་ནག་འགོག་སྡོམ་ཚན་པས་ཞིབ་འཇུག་བརྒྱུད་ཤེས་རྟོགས་བྱུང་བར།  ཧོང་ཀོང་དུ་དུད་ནག་འཐེན་བཞིན་པའི་སློབ་མའི་གྲངས་འབོར་ལྡབ་འགྱུར་གྱིས་འཕེལ་བཞིན་ཡོད་པར་མ་ཟད།  དུད་ནག་འཐེན་མཁན་གྱི་སློབ་མའི་ཆ་སྙོམས་ལོ་ཚད་ཀྱང་སྔར་ལས་ཇེ་ཆུང་དུ་གྱུར་ཡོད་པ་རེད། ཉམས་ཞིབ་བྱས་པའི་སྤྱིའི་མི་གྲངས་ཁྲོད་དུད་ནག་སྤྱོད་མཁན་གྱི་སློབ་ཆུང་སློབ་མ་བརྒྱ་ཆ་ ༨༩ དང་། སློབ་འབྲིང་སློབ་མ་བརྒྱ་ཆ་ ༩༩ ལ་སླེབས་ཡོད་པར་མ་ཟད།  མཐོ་རིམ་སློབ་ཆེན་སློབ་མ་བརྒྱ་ཆ་ ༡༠༠ ཡིས་དུད་ནག་སྤྱོད་མྱོང་ཡོད་པ་རེད། ཚོད་རྩིས་བྱས་ན་ཧོང་ཀོང་དུ་དུད་ནག་འཐེན་མཁན་གྱི་སློབ་མ་ཁྲི་ ༣ ལས་བརྒལ་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

སྐར་མ ༥༩ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

ཆུ་ཚོད་ ༢༠ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

༢༠༢༦/༠༧/༡༤
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣

མཆན། 9

  1. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    གོང་དུ་རྣམ་དབྱེ་དྲུག་པ་ཞིག་ཆད་འདུག་པ་ནི།
    ཕ་མའི་མཇིང་པའི་སྟེང༌།

    Reply
  2. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས། ཧོང་ཀོང་གི་གནས་ཚུལ་དེ་དང་སྦྲགས་ཏེ་རང་རེའི་བཙན་བྱོལ་སྤྱི་ཚོགས་ཀྱི་གཞོན་ནུ་ཚོའི་སྐོར་ཡང་ཅུང་ཙམ་གླེང་ན་འགོ་ལ་བཞུགས་པའི་འཛིན་སྐྱོང་བ་དང་གཤམ་ལ་སྡོད་པའི་ཕ་མ་སོགས་གཉིད་སད་པར་ཕན་སྲིད།
    རྒྱུན་རིང་མོ་ཞིག་ནས་བཙན་བྱོལ་སྤྱི་ཚོགས་ནང་བོད་ཕྲུག་ན་གཞོན་མང་དག་ཅིག་གིས་མྱོས་འགྱུར་གྱི་རིགས་སྣ་ཚོགས་ཤིག་ལ་སྤྱོད་བཞིན་ཡོད་པ་མཐོང་ཐོས་བྱུང༌།
    ང་ཚོའི་ན་གཞོན་དེ་དག་གི་ཁྲོད་དུ་(སྦང་། གནྗཱ། )་སོགས་མྱོས་འགྱུར་གྱི་རིགས་ལ་སྤྱོད་འགོ་བཙུགས་ནས་མཐར་གློ་སྨན། སོ་སྨན། སྨན་རིལ་བུ། སྨན་ཁབ་རྒྱབ་པ་སོགས་བྱེད་བཞིན་ཡོད།
    དེ་འདྲ་བྱེད་པའི་དམིགས་ཡུལ་ཡང་སློབ་སྦྱོང་ལེགས་པོ་ཡོང་ཆེད་བྱིངས་རྒོད་གཉིས་སྤོང་དང་བློ་རྩེ་གཅིག་པ་འབྱུང་བའི་ཆེད་མིན་པར་དངུལ་མང་། དམིགས་ཡུལ་ཐུང་། ལས་ཀ་ཉུང་བ་སོགས་ཀྱིས་བྱེད་པ་མང་ཆེ་བ་རེད། མཇུག་འབྲས་ནི་ལུས་རིད་ཅིང་གདོང་མདོག་ཞན་པ་དང༌། སེམས་མི་བརྟན་པ། མཐར་ངན་ལངས་ཤོར་རྗེས་མེད་ན་སྡོད་མི་ཚུགས་པའི་སྐབས་ཕ་མ་མཇིང་པའི་སྟེང་ལ་གྲི་སོགས་མཚོན་བཞག་ནས་དངུལ་ལེན་པ་དང༌། བཅོམ་ཐུབ་སར་བཅོམ། རྐུ་ཐུབ་སར་རྐུ།། བསླུ་ཐུབ་སར་བསླུས་ཏེ་དངུལ་དང་ཟོང་གང་རུང་འཐོབ་ཐབས་སོགས་ནས་མི་རིགས་ཀྱི་རྐང་པ་འདྲེན་ཅིང་རྒྱལ་ཁབ་ཀྱི་སྒལ་ཚིགས་གཅོག་པར་བྱེད་དོ༎ དེས་ན་ཚང་མས་འདི་ཕྱོགས་ལ་གཟབ་ནན་གནང་དགོས་སོ༎

    Reply
  3. འོད། says:
    ལོ་ 16 སྔོན།

    འདི་གའི་ཐད་དོགས་པ་ཞིག་དང་བསམ་ཚུལ་གཉིས་འདུག དུད་ནག་ཟེར་ན་རིགས་མང་པོ་ཡོད་པའི་ཉལ་ཐལ་རིགས་ཚང་མར་ངོས་འཛིན་བྱས་ཆོག་སྙམ། ཡོངས་གྲགས་ལ་རྩྭར་འབོད་པའི་དུད་ནག་དེ་འཐེན་མཁན་རྒྱ་ནག་སློབ་ཆེན་སློབ་མ་ཁོ་ན་མ་ཡིན་པར་ཕྱི་རྒྱལ་དུ་སྡོད་པའི་སློབ་མ་ཚུད་པའི་མི་མང་དཀྱིས་མ་ཚོས་ཀྱང་རྒྱུན་སྤྱོད་ཅིག་ཡིན་པས་དེ་ལ་འཇིགས་སྣང་དང་གསར་འགྱུར་དུ་བཀོད་པར་དགོས་པ་ཅི་ཡང་མི་འདུག་སྙམ ལྷག་པར་དེ་སྤྱོད་ཤེས་ན་འཕྲོད་བསྟེན་ལའང་ཤིན་ཏུ་ཕན་རབས་ཟེར། དེ་མིན་གཞན་ཞིག་ཏེ་ཉལ་ཐལ་དཀར་པོ་རིགས་ཤིག་འདུག་པ་དེ་ཡིན་ན་ཅུང་འཇིགས་སྣང་ཆེ་ཚོད་རེད། གསར་འགོད་པས་དུད་ནག་རིགས་གང་ཡིན་གསལ་ཁ་ཞིག་བཏོན་ན་ང་ཚོས་གསར་འགྱུར་ངོ་མ་དེ་ཤེས་ཐུབ

    Reply
  4. བློ་བཟང་ཐུབ་བསྟན་ says:
    ལོ་ 16 སྔོན།

    དབྱངས་བུ་ལགས།ཁྱེད་ཀྱི་དྲི་བ་ལ་ལེན་གསར་འགོད་པའི་མ་འདེབས་ན་ངས་
    ལེན་འདེབས་ཀྱི་ཡིན།སྐབས་བབ་ང་ལ་མེད་ཀྱང་ཁྱེད་ཀྱི་དོགས་པ་འདི་ཡག་པོ་
    འདུག་ངས་ཀྱང་བསམ་ཆར་འདི་འདྲ་བ་བལྟོན་བསམ་གྱི་ཡོད།
    གསར་འགོད་པའི་ཡེ་གེ་ནོར་བ་རེད་བརྒྱ་ཆ་༡༠༠མ་རེད་༥༠རེད་
    བརྒྱ་ཆ་༡༠༠ཡིན་སྲིད་གྱི་མ་རེད་དེ་ལྟར་ཡིན་ན་མཐོ་རིམ་སློབ་ཆེན་སློབ་སྦྱོང་བྱེད་མཁན་མེད་འགྲོ་ཀྱི་རེད།
    ཡང་ན་ངས་བསམ་པ་འདི་འདྲ་ཞིག་བཤདན་་མི་ཚང་མ་ལ་དོགས་སྣང་ཡོང་ཆེད་
    ཡིན་གྱི་རེད།།

    Reply
  5. དབྱངས་བུ། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས།
    གོང་གི་གསར་འགྱུར་ནང་༼མཐོ་རིམ་སློབ་ཆེན་སློབ་མ་བརྒྱ་ཆ་ ༡༠༠ ཡིས་དུད་ནག་སྤྱོད་མྱོང་ཡོད་པ་རེད། ༽གསལ་འདུག གལ་སྲིད་དེ་འདྲ་ཡིན་ན་
    མཐོ་རིམ་སློབ་གྲྭའི་སློབ་མ་ཚང་མས་དུག་ནག་སྤྱོད་མྱོང་ཡོད་པར་ཚོད་རྩིས་བྱེད་
    ཀྱི་ཡོད་པ་རེད་དམ། གོང་གསལ་གསར་འགྱུར་ནང་གི་བརྒྱ་ཆ་བརྩི་སྟངས་གང་
    འདྲ་ཡིན་ནམ་སྙམ་པ་ཞིག་འདུག གསལ་བཤད་སྐྱོན་གནང་ཡོང་བ་ཞུ།།

    ཐུགས་རྗེ་ཆེ།།

    Reply
  6. འབྲི་འབྲོང་། says:
    ལོ་ 16 སྔོན།

    མིང་གོ་བ་ཙམ་གྱི་དགེ་ཕན་ཇི་ལྟར་ཡོང་རྒྱུ་རགས་ཙམ་དཔོག་པའི་ཚིག་སྡུམ་ཞིག་རེད། སྤྱིར་དུད་འཇུག་ཡུལ་ཧ་ཅང་མང་ནའང༌། སྐབས་འདིར་མཚོན་ན་དུད་ཅེས་པ་དེ་ཡར་རྒྱས་ལས་ལྡོག་ཏེ་མགོ་བོ་མཐུར་དུ་དུད་དུ་འགྲོ་མཁན་ཞིག་གི་མིང་དོན་མཚུངས་ཐུབ་པ་དང༌། གཉིས་པའི་ཐད་ནས་ནག་ཅེས་པ་དེ་སྤྱི་བྱེ་བྲག་གང་གི་ཆ་ནས་ལྟས་པ་ཡིན་ན་ཡང་ནག་པོ་ནི་ཡག་པའི་ལྡོག་བཟླ་རང་རེད། དེ་འདྲ་ཡིན་པ་སོང་ཙང་མིང་དང་དོན་རྫས་གསུམ་ཆ་མ་རུང་བ་ཡིན་པས། རང་གི་ཚེ་སྲོག་གནོད་འཚེ་དང༌། སྤྱི་ཚོགས་བདེ་འཇགས་མེད་པ་བཟོ་མཁན། རྒྱལ་ཁབ་ཀྱི་མིང་ངན་ལེན་མཁན་ཞིག་ཏུ་ཆགས་པ་རེད། འདི་ནི་བོད་པའི་སྤྱི་ཚོགས་ནང་ལ་ཁྱབ་རྒྱ་ཆེ་བ་དང༌། གནོན་ནུ་མང་པོ་ཞིག་སློབ་གྲྭའི་སྒྲིག་ལམ་མི་ཁེལ་ཅིང་སློབ་སྦྱོང་མཐུ་ཤོར་ཕྱིན་ནས་ཡིག་ཚད་བརྒྱ་ཆ་མ་ལོན་པར་རང་ཁྱིམ་དུ་ལོག་ནས་ཕ་མ་རྒན་གོན་ཚོ་ལ་བརྡིག་མོ་བསྐུལ་ཅིང་དངུལ་ཕྲན་བུ་ཡོད་པ་འཕྲོག་གཅོམ་བྱེད་པ་དང༌། མ་སྤྲད་པ་ཡིན་ན་སྲོག་ཉེན་ཆེན་པོ་ཡོད་པའི་གནས་ཚུལ་ཕྱི་གསལ་ནང་གསལ་ཆགས་ཡོད་པ་རེད། བཙན་འབྱོལ་སྤྱི་ཚོགས་འདི་ལ་ཡག་པོ་གཟིགས་ཞིབ་བྱས་དང༌། གཞིས་བཞུགས་སྤུན་ཟླ་རྣམ་པའི་བོད་བསྟན་སྲིད་གཉིས་ཀྱི་དོན་དུ་ལས་འགུལ་ཇི་འདྲ་སྤེལ་གྱི་འདུག གཞིས་བྱེས་གཉིས་པོའི་ནང་བོད་རིགས་ཡིན་ནོ་ཅོག་ཚད་བསྡུར་བྱས་པ་ཡིན་ན། བོད་བསྟན་པ་ཆབ་སྲིད་དོན་དང༌། ཤེས་ཡོན་སློབ་སྦྱོང༌། ཡ་རབ་བཟང་སྤྱོད། ཆེ་འོག་ཆུང་སྡོད་དང༌། མ་འོག་བུ་སྡོད་ཅེས་པའི་དཔེ་ལྟར་གནམ་དང་ས་གཉིས་བར་གྱི་འགྱངས་ཐག་ལྟར་ཁྱད་པར་རྒྱུག་འདུག རེ་བཞིན་ཞིབ་འཇུག་བྱས་དང་མཁྱེན་ངེས་རེད། བཙན་འབྱོལ་ནང་གི་བོད་མི་འདི་ཚོ་དཔེ་ཤག་ཁོ་ན་ལས་ཆོས་གྲེད་གོག་པོ་ཞེས་པ་དེ་ཆགས་ཚར་འདུག

    Reply
  7. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    དེ་འདྲའི་སྤྱི་ཚོགས་ཡར་ཐོན་ཅན་ལ་དུད་ནག་སྤྱོད་མཁན་ཡོད་ན་བོད་པའི་སློབ་མ་ནི་སྨོས་ཅི་དགོས། མ་གཞི་ང་ཚོའི་སྤྱི་ཚོགས་ཀྱི་གྲུབ་གཞི་ཡང་མུན་འཐོམ་་་
    ཅན་ཡིན་སྟབས་དེ་ལ་ཧ་ལས་དགོས་དོན་མེད།

    Reply
  8. གནམ་ལྕགས། says:
    ལོ་ 16 སྔོན།

    རྡ་སྟེང་བོད་ཁྱིམ་སློབ་གྲྭ་ཡང་དེ་དང་འདྲ་སེ་བ་འདུག་དཱ།

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    རྒྱ་གར་གྱི་ས་ཏོ་དེ་ཚོས་དུད་ནག་སྤྱོད་དོན་སྒོམ་ལ་འདུག་སྐབས་བློ་སེམས་རྩེ་གཅིག་ཏུ་གནས་ཐུབ་པར་ཕན་ནུས་ལྡན་སྐོར་གོ་མྱོང་། དེས་ན་སློབ་མས་དུད་ནག་སྤྱོད་རྗེས་སློབ་སྦྱོང་བྱས་ན་སེམས་ངོར་འབྱོར་ཆེ་བ་ཨེ་ཡོད་ན། ངས་དུད་ནག་སྤྱོད་མྱོང་མེད་མོད། ངོ་ཤེས་དུད་ནག་སྦྱད་མྱོང་མཁན་ཚོས་བཤད་ན། དུད་ནག་སྤྱད་རྗེས་ལྟད་མོ་གང་ཞིག་ལ་བལྟས་ཏེ་ཚར་བ་དང་། དེ་ནས་ལྟད་མོ་དེ་མགོ་ནས་མཇུག་བར་དུ་གཅིག་ཀྱང་མ་ལུས་པར་བཤད་ཐུབ་ཟེར། བློ་སེམས་གཅིག་ཏུ་གནས་ཐུབ་སྐོར་ཡང་། དུད་ནག་སྤྱད་རྗེས་ཕ་ཡུལ་ཕྱོགས་སོགས་བསམ་བློ་གང་བཏང་བ་རྣམས་ཞིབ་ཚགས་རེད་འདུག བྱིས་དུས་བསྐྱར་དྲན་བྱས་ཚེ། དེ་ལ་དབྱངས་ཡོད་པ་དང་ཞིབ་ཚགས་ཀྱིས་ཆུང་དུས་ཀྱི་ཅི་བྱས་ཚང་མ་བསྐྱར་དྲན་བྱས་པ་ཞིབ་ཚགས་ཡིན་ཚུལ་སོགས་གླེང་གི གཞན་ཅང་མི་ཤེས། སང་ཉིན་དུག་ནག་ཅིག་འཐེན་རྗེས་ཚོར་བ་ཅི་བྱུང་བྲི་བར་བྱའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese