དེ་རིང་ཞོགས་པ་ཐའེ་ཝན་ལ་ས་ཡོམ་རིམ་པ་ ༦།༤ ཅན་ཞིག་བརྒྱབས་ཡོད་འདུག
ཕྱི་ཚེས་ ༤ ཉིན་བྷེ་བྷེ་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པའི་དུས་ཚོད་ ༨།༡༨ ཐོག་ཐའེ་ཝན་ལྷོ་ཕྱོགས་ཀྱི་ཀོ་ཞོང་རྫོང་ཅ་ཧྲན་གྲོང་བརྡལ་དུ་ས་ཡོམ་རིམ་པ་ ༦་༤ ཅན་ཞིག་བརྒྱབས་ཡོད་པ་རེད། ས་གནས་མི་མང་གིས་ཉེ་འདབས་ཀྱི་རི་ངོས་ན་དུ་བ་ལང་ལོང་དུ་འཕྱུར་བཞིན་པ་མཐོང་བས་ས་ཡོམ་གྱི་རྐྱེན་གྱིས་ས་རྡོ་འགྲིལ་པར་ཤེས་རྟོགས་བྱུང་ཡོད་པས་ད་ལྟ་བརྟག་དཔྱད་བྱེད་བཞིན་ཡོད་འདུག ཡུལ་དེའི་གསར་འགྱུར་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཐེངས་འདིའི་ས་ཡོམ་དེ་ས་ཁྱོན་རིང་ཚད་སྤྱི་ལེ་ ༥ ཙམ་གྱི་སར་བརྒྱབས་ཡོད་ཀྱང་མི་རྒྱུ་གཉིས་ལ་གོད་ཆག་བྱུང་ཡོད་མི་འདུག ས་ཡོམ་བརྒྱབས་རྗེས་འཕྲུལ་འཁོར་རིགས་གཏོང་མཚམས་བཞག་ཡོད་འདུག འདི་ནི་ ༡༩༩༠ ལོའི་རྗེས་སུ་ཀོ་བྱུང་དུ་བྱུང་བའི་ས་ཡོམ་ཆེ་ཤོས་དེ་ཡིན་པ་རེད། ༡༩༩༩ ལོའི་ཟླ་ ༩ ཚེས་ ༢༡ ཉིན་ཡང་ཡུལ་དེར་ས་ཡོམ་རིམ་པ་ ༧་༦ ཅན་ཞིག་བརྒྱབས་ཏེ་ཉུང་མཐར་མི་ ༢༤༧༠ ལ་སྲོག་སྐྱོན་དང་ཁྲི་ལས་བརྒལ་བར་རྨས་སྐྱོན་བྱུང་ཡོད་པ་མ་ཟད། ད་དུང་སྡོད་ཁང་ཁྲི་ཚོ་བརྒལ་བར་གཏོར་བཤིག་ཐེབས་ཡོད་པ་རེད།
ས་ཆའི་ཆགས་དབྱིབས་ཀྱི་སྟབས་ཀྱིས་ཐའེ་ཝན་ནི་ས་ཡོམ་གྱི་ཉེན་ཁ་ཆེ་ཤོས་ཀྱི་ཡུལ་གྲུ་ཞིག་ཆགས་ཡོད་འདུག
རང་བྱུང་གི་གནོད་འཚེར་འགོག་ཐབས་མ་མཆིས་ཀྱང་ཨ་མ་རྗེ་བཙུན་པད་མ་ལགས་སུ་ཐོངས་མཆན་ཕུལ་ཡོད་ན་གནས་ཚུལ་དེ་འདྲ་ྲྲྲྲྲྲྲྲྲྲྲྲྲྲྲྲྲྲྲྲྲྲ
སྙིང་རྗེ། རང་བྱུང་གི་གནོད་འཚེ ་ཡང་ཐབས་ཡོདརེད། རེད་ལ་།
དེ་ཚོ་སྙིང་རྗེ། ཡིན་ཡང་སྤྱིར་རང་བྱུང་གི་གནོད་འཚེ་ལ་བྱས་ཐབས་ཡོད་པ་མ་རེད།