སེ་ར། ཤིས་ཚང་ཡེ་ཤེས་རིན་ཆེན།
སྤྱིར་ཁོ་བོར་གཞན་ལ་སློབ་གསོ་གཏོང་བ་དང༌། ཆབ་སྲིད་ཀྱིས་ཀླད་པ་དཀྲུགས་པའི་འཇོན་ནུས་མེད་ཀྱང་བོད་ཀྱི་རིགས་སུ་སྐྱེས་ཏེ་རིགས་ཀྱིས་སྤྲད་པའི་འགན་འཁུར་ཞིག་རང་བཞིན་གྱིས་གྲུབ་ཡོད་སྟབས་རང་འཁྲི་དེ་ལ་བརྟེན་ནས་བྱུང་བའི་རྒྱུན་དུ་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་སྟེང་རང་གིས་མཐོང་ཉན་མི་འདོད་པ་རིགས་གཅིག་དེ་རིང་བསམ་བློ་གང་འདྲ་བཏང་ཡང་རྒྱལ་དབང་ཐམས་ཅད་མཁྱེན་པས་བསྟོད་བསྔགས་གཞན་གྱིས་བྱེད་ཡོང་བ་དང་རང་སྐྱོན་མ་སྦས་པར་དུས་ནས་དུས་སུ་གླེང་སློང་དང་ཐེར་འདོན་མཛུབ་སྟོན་དགོས་པའི་བཀའ་སྤྱི་བོས་མནོས་ཏེ་ལྷག་བསམ་ཟོལ་མེད་ཀྱིས་ཅུང་ཞུ་བར་འདོད།
དང་པོ། ང་ཚོའི་སྤྱི་ཚོགས་འདིར་རང་གཞན་རོགས་གསུམ་ཚང་མར་གནས་དོན་གང་ཞིག་ཡིན་ཡང་སོ་སོ་རང་ཉིད་ཀྱིས་རྣམ་དཔྱོད་བཏོན་ནས་དཔྱོད་པའི་ཡིན་མིན་ལ་མི་ཞུགས་པར་གཞན་ཟེར་ལབ་ཅོལ་ཁོ་ནར་གཡམ་རྒྱུག་བྱེད་པའི་གོམས་གཤིས་ཛོར་པོ་ཞིག་དང༌། དེ་ལས་ཀྱང་ཆེས་ཉེན་ཆེ་བ་ཞིག་ཏུ་གནས་དོན་གང་ཞིག་གི་བདེན་རྫུན་སོ་སོས་མཐིལ་ཕྱིན་པ་མ་རྟོགས་པ་གཞན་ལས་རབ་རིབ་གོ་བ་དེ་རུ་རང་གི་བསམ་ཚད་འགྲེལ་ནས་སྤྱི་ཚོགས་སྟེང་བཀྲམས་པ་དེ་ཡིས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཕན་རྒྱུའི་ཚབ་ཏུ་ཤུགས་ཆེར་གནོད་གཞིར་འགྲོ་གི་ཡོད། འགན་འཁུར་དང་རྒྱུ་མཚན་གྱིས་སྟོངས་པའི་བར་དོའི་གཏམ་འཁྱམ་འདི་དག་གིས་ལྷག་བསམ་ཆེ་ཞིང་ཤེས་འཇོན་ལྡན་ཡང་སེམས་ཆུང་ཞིང་དེ་ཙམ་གྱིས་བཟོད་སེམས་མི་ཐེག་པའི་མི་མང་པོའི་སེམས་ཤུགས་ལ་རྨ་འབྱིན་པ་དང་། ལྷག་བསམ་ལ་དོ་ཕོག་ཆེན་པོ་ཐེབས་ནས་གྱོང་གུད་ང་ཚོའི་སྤྱི་ཚོགས་ལ་ཕོག་གི་ཡོད། ད་དུང་འདི་ཡིས་སློབ་གྲྭའི་སློབ་གསོའི་འོག་འཚར་བཞིན་པའི་གཞོན་སྐྱེས་མང་དག་ཅིག་གི་བློར་འབྱུང་འགྱུར་བོད་ཀྱི་འཛིན་སྐྱོང་གར་སྟེགས་སྟེང་མདུན་དུ་འབུད་པར་བར་ཆད་དང་བློ་འཚབ་སྐྱེད་དུ་འཇུག་གི་ཡོད། དེ་འདྲ་སོང་ཙང༌། མཉམ་མེད་ཇོ་བོ་རྗེས། མི་མང་འདུས་དུས་ཁ་ལ་བརྟག། གཅིག་པུར་འདུག་དུས་སེམས་ལ་བརྟག། ཅེས་དང་རྗེ་གུང་ཐང་གི་གསུང་ལས། ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད། །སྨྲ་བ་ཉུང་བས་ཕོག་ཐུག་གཡེང་བ་མེད། ། ཅེས་མཁས་མཛངས་གཉིས་ལྡན་དམ་པ་གོང་མ་རྣམས་ཀྱིས་གསུངས་པ་བཞིན་དུ་གནས་དོན་གང་དང་གང་ཡིན་བཤད་དགོས་མི་དགོས་རང་གིས་དང་པོ་ཉིད་ནས་དྲན་ཤེས་ཀྱིས་ཟིན་པའི་སྒོ་ནས་ཞིབ་འཇུག་བགྱི་དགོས་པ་དང༌། ཅི་སྟེ་དགག་དགོས་གང་ལ་བལྟས་ནས་འཕྲལ་ཕུགས་གང་དུའང་སྤྱི་ཚོགས་ལ་ཕན་ངེས་ཅན་ཞིག་ཡིན་ན་འཛེམ་ཟོན་དང་ཕྱི་བཤོལ་སྤངས་ཏེ་ཡང་ཡང་གླེང་ཐུབ་དགོས་པ་དང༌། ཞིབ་འཇུག་བགྱིས་ནས་དཔྱད་དོན་བརྙེས་པ་དེ་གླེང་ན་སྤྱི་ཚོགས་ལ་བཟང་སྤྱོད་ཀྱིས་གནོད་གཞིར་འགྱུར་ན་ཡིན་མིན་གང་བྱུང་འགྲེལ་བཤད་བརྒྱབ་རྒྱུ་བཞག་སྟེ་ཁ་འདོན་གྲེ་བར་བསྐྱིལ་ན་དགེ་མཚན་ཆེ་བར་འདོད།
གཉིས་པ། རྒྱལ་ཁབ་དང༌། མི་རིགས་སོགས་འཐབ་རྩོད་གང་དང་གང་ལ་ཡང་དོན་དམ་གྱི་གཅིག་བསྒྲིལ་ནི་མེད་དུ་མི་རུང་བ་ཞིག་ཡིན། གཅིག་བསྒྲིལ་ལ་རིགས་གཉིས་སུ་དབྱེ་ཆོག། ཕྱི་མཛེས་ཆོས་ཙམ་གྱིས་བསྐྲུན་པའི་གཅིག་བསྒྲིལ་དང༌། ནང་གཟི་བརྗིད་འབར་བའི་དོན་དམ་གྱི་གཅིག་བསྒྲིལ་གཉིས་ཡོད། ང་ཚོ་ལ་དགོས་པ་ནི་ཕྱི་མ་དེ་ཡིན། སྔ་མ་དེ་འགག་རྩ་ལ་ཐུག་དུས་མེད་བརླག་ཏུ་འགྲོ་ཆོག་ཆོག་ཡོད། ང་ཚོ་ལ་ནང་བརྗིད་འབར་བའི་དོན་དམ་གྱི་གཅིག་བསྒྲིལ་འདི་མཁོ་ལ་འདི་ངག་ནས་གཅིག་བསྒྲིལ་ཡིན་ཞེས་འབོད་པ་དང༌། ལུས་ཀྱིས་དེ་ལྟར་ཡིན་ཁུལ་བྱེད་པ་ཙམ་གྱིས་མི་ཡོང༌། གཅིག་བསྒྲིལ་འདི་རང་སྒེར་སོ་སོས་རྒྱུ་མཚན་ཡང་དག་ངེས་ཏེ་སེམས་ལ་འགུལ་སྐྱོད་ཐེབས་པ་ལས་ལག་ལེན་དངོས་ཀྱི་སྟེང་སྤྱིར་ཁྱབ་སེམས་ཁུར་རྒྱ་བསྐྱེད་དེ་ལས་དོན་གང་ལའང་ཕྱར་བ་གྲུ་འདེགས། སྐྱིད་སྡུག་མཉམ་མྱོང༌། བཟོད་སེམས་ཁུར་ཐེག བསམ་བློ་གཅིག་བསྒྲིལ་མཛད་ཐུབ་དགོས་པ་ནི་གཅིག་བསྒྲིལ་ཕྱི་མ་དངོས་སུ་ཉམས་སུ་ལེན་པའི་ཆ་རྐྱེན་གལ་ཆེན་ཁག་རེད། དེས་ན་ང་ཚོས་རྩོད་གཞི་ཆུང་ཆུང་ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་ནག་པོ་དེ་ཡེ་ནས་དོར་ཏེ་སྒོ་གསུམ་གཅིག་བསྒྲིལ་གྱིས་ཡུན་རིང་ལོ་རྒྱུས་ལྡན་ཞིང༌། རིག་པའི་གནས་ཀྱིས་ཕྱུག་པའི་སྤུར་རྒྱལ་བོད་རྒྱལ་ཁབ་ཆེན་པའི་ཆོས་སྲིད་གང་ལའང་རང་ལ་འཁོས་དཔག་གིས་སྲི་ཞུ་རྣམ་དག་ཞུ་འོས་དགོས་ངེས་རེད།
གསུམ་པ། ང་ཚོ་ལྟར་སྔོན་རང་རྒྱལ་གཞན་གྱིས་བཟས་ཏེ་ད་ཆ་རང་བཙན་གནས་པའི་རྒྱལ་ཁབ་དག་གི་ལོ་རྒྱུས་ལ་ཕྱི་ལྟས་ཤིག་སློགས་དང༌། ང་ཚོ་སེམས་ཤུགས་ཆག་མི་དགོས་པར་ད་དུང་བློ་སྟོབས་འབར་སྲིད། དོན་དངོས་སུ་ང་ཚོའི་འཐབ་རྩོད་ནི་བདེན་པ་དང་རྫུན་པའི་འཐབ་རྩོད་ཅིག་ཏུ་སོང་ནམ་ཞིག་རྫུན་པའི་རྐུབས་བརྡོལ་བ་ནི་ཆོས་ཉིད་ལྟ་བུ་ལས་མ་འདས། འོན་ཀྱང་ང་ཚོས་རེ་བ་བཟང་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱོས་གསུངས་པ་བཞིན་དུ་སྔོན་ཚུན་ནས་གྲ་སྒྲིག་དགོས་པ་ནི་གཡོལ་དུ་མེད་པའི་གནད་འགག་ཅིག་རེད། གྲ་སྒྲིག་གམ་སྟ་གོན་བྱེད་ཚུལ་དེ་ལ་གཉིས་ལྟ་བུ་ཡོད། ཕྱིའི་འཛུགས་བསྐྲུན་དང་ནང་གི་འཛུགས་བསྐྲུན་གཉིས་སོ། སྤྱིར་གལ་གནད་ཀྱི་ཆ་ནས་གཉིས་ཀ་གལ་ཆེ་ཡང་ཕྱི་མ་ནང་གི་འཛུགས་བསྐྲུན་ནི་བསྒྲུབ་བྱའི་དང་པོར་དབྱིན་ཇིའི་སྐད་དུ་འཇོག་དགོས། གང་ལགས་ཤེ་ན་ནང་གི་འཛུགས་བསྐྲུན་ཕུན་སུམ་ཚོགས་པོ་ཚགས་ཚུད་ཅིག་མེད་ན་ཕྱིའི་འཛུགས་བསྐྲུན་ལས་རེ་བའི་རྨི་ལམ་མངོན་དུ་འགྱུར་ཡང་ཉ་མོ་ས་ཐོག་ལྷུང་བུ་ཅི་བྱ་བརྟོལ་མེད་ངང་བསྐྱར་དུ་ཡང་དཀའ་སྡུག་གི་ལེའུ་གཉིས་པ་ཞིག་འགོ་རྩོམ་གྲབས་ཡོད་པ་སུས་བཤད་ཐུབ། དེས་ན་སྤྱིར་རྒྱལ་ཁབ་གཞན་དང་གཞན་ལ་འབྲེལ་ལམ་འཛུགས་རྒྱུ། ལེགས་ཆ་ནང་འདྲེན་བགྱིད་པ། སྐྱིད་སྡུག་མཉམ་གླེང་སོགས་བྱེད་དགོས་ངེས་ཅན་ཞིག་རེད་མོད་དེ་གཅིག་པུའི་ཕྱོགས་སུ་རེ་བསྡད་ན་གྲུབ་འབྲས་ཅི་ཡང་མེད་པ་གསལ་པོ་རེད། ད་ང་ཚོས་རྩལ་འདོན་ན་འདོན་དགོས་ས་དང་རེ་བ་ཡོད་ན་ཡོད་ས་དེ་ནང་འཛུགས་བསྐྲུན་གྱི་ཐད་ནུས་ཤུགས་ཡོད་རྒུ་འདོན་དགོས་པར་འདོད། ནང་འཛུགས་བསྐྲུན་གྱི་ཡུལ་གཙོ་གྲས་ཁག་ནི་བོད་མིའི་བསམ་བློ་གཅིག་བསྒྲིལ། སློབ་གྲྭའི་སློབ་ཕྲུག་གི་ཤེས་ཡོན་ཡར་རྒྱས་མཐོར་འདེགས་གཏོང་བ། ཤེས་ཡོན་དེ་ཡང་གནའ་དེང་ཟུང་འབྲེལ་ལག་ལེན་ལ་གྲུབ་འབྲས་ཡོད་ངེས་གཏན་ཞིག་དགོས། གཞིས་ཆགས་སྲ་བརྟན། གནའ་སྲོལ་བཟང་པོ་དགོས་ངེས་ཅན་དག་མི་ཉམས་རྒྱུན་འཛིན། མིང་ཙམ་མིན་པར་ཁ་ཚ་དགོས་གཏུགས་ཀྱིས་འབྱུང་འགྱུར་བོད་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་དུས་ལས་རིགས་གང་དང་གང་ལའང་སོ་སོས་སྣེ་འཁྲིད་ཐུབ་ངེས་པའི་ཁྱད་ལས་པའམ་རིགས་གཅིག་རྐང་འཛིན་པའི་དཔུང་ཁག་གསོ་སྐྱོང་མཛད་དགོས་པ་དག་ནི་ང་ཚོས་དུས་འགྱངས་ཕྲ་མོ་ཙམ་ཡང་མེད་པར་མགྱོགས་མྱུར་བསྒྲུབ་དགོས་པ་སྔ་མེད་ཀྱང་ཕྱིས་མེད་པ་དུས་ཀྱིས་བསྐུལ་བའི་ཅོང་བརྡ་གཉིད་ཀྱི་ཏིང་འཛིན་ལས་སད་དགོས་ངེས་ཤིག་རེད་སྙམ་མོ།
བཀུར་འོས་རྩིམ་སྒྲིག་པ་ལགས།
་་་་གོངགི་རྩོམ་གྱི་ནང་དུ་དབྱིན་ཇིའི་ནང་དུ་ཞེས་པའི་བར་དེར་གུག་ཤེད་ཅིག་འཐེན་ཏེ་top proity བསྒྲུབ་བྱའི་དང་པོ་ཆད་འདུག་ཞུ་རྒྱུ་ཡིན།
་་་་་་ཐུགས་རྗེ་ཆེ།
ᨱᨕ᩶་ᨑ་ᫀᨕ᪱་ᨑᨵ་᩶ᨓ་་ᨵᨕ་᩶ᨕ᪄་ᨵᩏ་ᩏ་᪱ᨑ་᩹ᨵ་ᨵᨵ་
ᫍ་་ᫀຏ་᪠་᪠་᩶ᩏ་᪱᫅ᩏ་ᨕᨎᨎ
ཡེ་ཤེས་རིན་ཆེན་ལག་མཚམས་འབྲེལ་བཀྲ་ཤིས་བདེ་ལེགས་དང་ཁྱོད་ཀྱི་བྲིས་པའི་རྩོམ་ཡིག་ནང་དོན་ཡག་པོས་ཞེས་དྲག་འདུག། ད་དུང་མ་འོང་བ་མང་ཙམ་འབྲི་ཐུབ་པ་རེ་བ་ཡོད།
འུ་ཅག་གི་ཨ་ཞིང་སྐུ་ངོ་དག་གིས་རིགས་གཞུང་སྲུང་སྐྱོབས་དགོས་རབས་ཀྱི་གཏམ་བཤད་འཇའ་ཚོན་མ་དག་དང་འདྲ་བ་ལས་ཅི་ཡང་ལྷག་པོ་མི་འདུག་དགོངས་དག
དྲ་གྲོགས་ཚོ་ཕྲན་གྱིས་ཁ་སང་དབྱིན་ཡིག་ཅིག་བྲིས་པ་ལ་དགོངས་དག་ཞུ། འོན་ཀྱང་དེ་ཙམ་གྱིས་བོད་ཀྱི་སྐད་ཡིག་ལ་བརྡབས་སིག་སྟེར་ཐུབ་ནི་མ་རེད། བོད་དབྱིན་མཉམ་དུ་བསྲེས་ནས་བྲིས་ན་གནོད་ཀྱང་དབྱིན་ཡིག་རྐྱང་བ་བྲིས་ན་ཅི་ལ་གནོད།
གྲོགས་པོས་རྩོམ་ཡིག་འདི་བྲིས་ནོ་ཅུང་ཙམ་བཟང་གི དེའི་ཕྱིར་ཕྲན་གྱིས་ཨོ་ཁེ་ལབ་ཡིན། རྒྱ་གར་གྱི་དྲ་ཚིགས་ནང་དུ་བོད་ཡིག་མེད་པས་བྲིས་པ་ཡིན་མ་གཏོགས་དམིགས་ཡུལ་ངན་པ་འདྲ་མེད་ལགས།
བཀླགས་ཟིན།
ཨ་རིག་དགེ་མཐོང་སྐྱོ་བ་ལ།
ཨ་དགེ་དྲ་ཐོག་ཏུ་མ་ཕེབས་ནས་རྒྱན་རིང་ཞེས་དྲག་ཕྱིན་སོང་
དེ་རིང་འདིའི་ནང་དབྱིན་སྐད་ཆུང་ཆུང་ཞིག་སྐྱོན་འདུག་ཨ་ཧཧཧ
ok