མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་རེར་ནད་པ་འབུམ་ ༥ ལྷག་ལ་ལྟ་གིན་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་སྨན་རྩིས་ཁང་གི་ལས་འགན་དང་དམིགས་ཡུལ་གཙོ་བོ་ནི་༧གོང་ས་མཆོག་གི་ལམ་སྟོན་བཞིན་བོད་ཀྱི་གསོ་བ་རིག་པའི་བསྟན་པ་ཡར་རྒྱས་ཆེད་སློབ་གྲྭ་བཙུགས་ཏེ་རིགས་གཅིག་རྐང་འཛིན་པ་གསོ་སྐྱོང་དང་། བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མིན་པའི་ཁྱད་ནུས་ལ་བརྟེན་ནས་མིའི་སྤྱི་ཚོགས་ཀྱི་བདེ་རྩ་དང་འཕྲོད་བསྟེན་ལ་ཕན་པ་བསྐྲུན་རྒྱུ་དེ་ཡིན།

ཕྱི་ཚེས་ ༢༣ ཉིན་བཞུགས་སྒར་ངྷ་རམ་ས་ལའི་སྨན་རྩིས་ཁང་མཐོ་སློབ་ཀྱི་ཚོགས་ཁང་དུ་བཙན་བྱོལ་བོད་གཞུང་འཕྲོད་བསྟེན་ཁྱབ་ཁོངས་སྨན་རྩིས་ཁང་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༤༩ འཁོར་བའི་དུས་དྲན་ཟབ་རྒྱས་ངང་སྲུང་བརྩི་བྱས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་གཞུང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་ཕེབས་ཡོད་པ་མ་ཟད། སྨན་རྩིས་ཁང་གི་འགན་འཛིན་རྣམས་ཀྱང་སྐུ་མགྲོན་དུ་གདན་ཞུས་གནང་ཡོད་འདུག་ལ།  དེ་བཞིན་སྐུའི་བླ་སྨན་ཞབས་ཞུ་བ་རྣམ་པ། སྨན་རྩིས་མཁས་དབང་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བགྲེས་ཡོལ་ལས་བྱེད་རྣམ་པ། སྲི་ཞུ་ལས་བྱེད་དང་སློབ་མ་སོཊ་ཁྱོན་མི་གྲངས་ ༤༠༠ བརྒལ་བ་མཛད་སྒོར་ཕེབས་ཡོད་པ་རེད།

མཛད་སྒོའི་དབུ་འཛུགས་དང་སྦྲགས་ཚོགས་ཞུགས་པ་ཡོངས་ཀྱིས་གཡུ་ཐོག་གསོལ་འདེབས་གནང་རྗེས་གསོལ་ཇ་བཞེས་འབྲས་སོགས་འདེགས་འབུལ་བྱས་ཤིང་། དེའི་རྗེས་སྨན་རྩིས་ཁང་གི་འགན་འཛིན་སྨན་རམས་པ་ཟླ་བ་མཆོག་གིས་དུས་དྲན་ངོ་སྤྲོད་གནང་སོང་ལ། སྐབས་དེར་ཁོང་གིས་དེ་རིང་གི་ཉིན་མོ་ནི་བོད་གཞུང་སྨན་རྩིས་ཁང་འདི་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༢༣ ཉིན་དབུ་བརྙེས་ནས་ད་བར་མི་ལོ་ ༤༩ ཧྲིལ་པོ་འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན་། དུས་དྲན་གྱི་ཉིན་མོ་དེ་ལོ་ལྟར་སྲུང་གཙི་གནང་དགོས་པའི་རྒྱུ་མཚན་ཡང་། འདས་ཟིན་པའི་ལོ་ཟླའི་ནང་བཙན་བྱོལ་དུ་བོད་གཞུང་སྨན་རྩིས་ཁང་འདི་ཐོག་མར་མེད་པ་ནས་ཡོད་པ་དང་། ཡོད་ཀྱང་ཤིན་ཏུ་ཉག་ཕྲ་བའི་གནས་སྐབས་ནས་ཡར་རྒྱས་ཇི་བྱུང་། བརྒྱུད་རིམ་དེ་དག་ནང་གི་འདས་ཟིན་པ་དང་ད་ལྟའི་བར་འཚོ་ཞིང་བཞུགས་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་ཞུས་ཏེ། མ་འོངས་པར་སྒྲིག་འཛུགས་འདི་ཉིད་སྔར་ལས་ཚགས་ཚུད་ཡར་རྒྱས་ཡོང་བའི་སྐུལ་འདེད་བྱ་ཕྱིར་ཡིན་ཅེས་དང་། བོད་གཞུང་སྨན་རྩིས་ཁང་གི་ལས་འགན་དང་དམིགས་ཡུལ་གཙོ་བོ་ནི་༧གོང་ས་མཆོག་གི་ལམ་སྟོན་བཞིན་བོད་ཀྱི་གསོ་བ་རིག་པའི་བསྟན་པ་ཡར་རྒྱས་ཆེད་སློབ་གྲྭ་བཙུགས་ཏེ་རིགས་གཅིག་རྐང་འཛིན་པ་གསོ་སྐྱོང་དང་། བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མིན་པའི་ཁྱད་ནུས་ལ་བརྟེན་ནས་མིའི་སྤྱི་ཚོགས་ཀྱི་བདེ་རྩ་དང་འཕྲོད་བསྟེན་ལ་ཕན་པ་བསྐྲུན་རྒྱུ་དེ་ཡིན། དམིགས་ཡུལ་དེ་དག་མངོན་དུ་འགྱུར་ཕྱིར་རྒྱ་གར་གཞུང་གི་ཚོགས་པ་དེབ་སྐྱེལ་གྱི་ཁྲིམས་ཡིག་འོག་མགོན་པོ་གང་གི་མཚན་གནས་རྗེས་འབྲེལ་གྱི་དགེ་རྩའི་ངོ་བོར་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་པ་ལྟར།  ཕྱི་ལོ་ ༡༩༦༡ ལོ་ནས་བཟུང་ཕྱི་ལོ་ ༢༠༡༠ བར་སྨན་སློབ་སྐབས་དང་པོ་ནས་བཅུ་བཞི་བར་དང་། རྩིས་སློབ་སྐབས་དང་པོ་ནས་བདུན་པ་བར་འཛུལ་ཞུགས་དང་སློབ་ཐོན་བྱུང་བ་བོད་པ་རིགས་གཅིག་རྐང་འཛིན་གྱི་སྨན་པ་ ༢༤༦ དང་རྩིས་པ་ ༤༩། ཧི་མ་ལ་ཡའི་མི་རིགས་ ༢༡། ཕྱི་རྒྱལ་མི་རིགས་ ༡༥ བཅས་གསོ་སྐྱོང་སྦྱོང་བརྡར་བྱས་ཡོད་པ་དང་། ད་ལྟའི་འཆར་སྐབསབཅོ་ལྔའི་སྨན་སློབ་གྲངས་ ༢༠ དང་སྐབས་བཅུ་དྲུག་པའི་སྨན་སློབ་ ༢༦ སྐབས་བརྒྱད་པའི་རྩིས་སློབ་གྲངས་ ༥ བཅས་ཁྱོན་སྨན་རྩིས་སློབ་མ་ ༥༡ གསར་འཇུག་སློབ་གཉེར་བྱེད་བཞིན་ཡོད་ཅེས་གསུངས།

དེ་བཞིན་རྒྱ་བལ་གྱིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཁྱབ་ཁོངས་ཡན་ལག་སྨན་ཁང་ ༥༤ ཙམ་བར་རྒྱ་བསྐྱེད་ནས་ལོ་རེར་ནད་པ་ ༥༠༠༠༠༠ ལྷག་ལ་བརྟག་དཔྱད་བྱེད་བཞིན་ཡོད་ལ། བཅོས་དཀའི་ནད་རིགས་མང་དག་ཅིག་ལ་བོད་ལུགས་གསོ་རིག་གིས་ཕན་ཐོག་ཆེན་པོ་བྱུང་ཡོད། སྨན་བཅོས་མཐུན་རྐྱེན་ཞན་པ་དང་ལོ་ན་ ༧༠ བརྒལ་བའི་བགྲེས་སོང་། རང་གཞུང་སྲི་ཞུ་ལས་བྱེད། བོད་ནས་གསར་དུ་འབྱོར་བ་རྣམས་ལ་སྨན་སྦྱིན་དང་གྲྭ་བཙུན་དང་སློབ་ཕྲུག་བཅས་ལ་ཕྱེད་བཅག་འབུལ་སྤྲོད་ཞུ་བཞིན་ཡོད་ཅེས་དང་། ཡང་སྨན་རྩིས་ཁང་འདིའི་ངོ་བོ་དང་ལས་འགན་གྱི་ཐོག་ནས་འཛིན་སྐྱོང་དང་རིག་གཞུང་སྡེ་ཚན་གཉིས་སུ་དབྱེ་ཡོད་པ་དང་དེ་གཉིས་ལའང་ནང་གསེས་ཀྱི་ལས་ཁུངས་མ་ལག་མང་པོ་ཡོད་ཅེས་དང་། རྒྱ་བལ་གྱིས་གཙོས་པའི་འཛམ་གླིང་ཡུལ་གྲུ་ཁག་ནང་ཁྱབ་ཁོངས་ཡན་ལག་སྨན་ཁང་དང་། དབུས་སུ་ཕྱག་ལས་གནང་བཞིན་པའི་སྨན་རྩིས་ལས་བྱེད་མི་ ༤༡༦ དང་། ཆོད་གན་ལས་བྱེད ༣ ཚོད་ལྟའི་ལས་བྱེད་ ༡༢། ལས་མི་གླ་བ་ ༧༨ བཅས་ཁྱོན་སྡོམ་མི་ ༥༠༩ ཡོད་ཅེས་ཁོང་གིས་འགྲེལ་བརྗོད་གནང་སོང་།

ཡང་ཁོང་གིས་བོད་ལུགས་གསོ་རིག་དེ་ཁྲིམས་མཐུན་གྱི་ངོ་བོར་གནས་ཐུབ་ཆེད་བཀའ་གནང་དོན། ༢༠༠༧ ལོའི་ཟླ་ ༡༠ པའི་རྒྱ་གར་དབུས་འཕྲོད་བསྟེན་ལས་ཁུངས་ཨ་ཡུ་ཤི་ལྷན་ཚོགས་ནས་ཆེད་མངགས་མཁས་དབང་མི་སྣ་ ༧ ལས་གྲུབ་པའི་རྟོགས་ཞིབ་ཚོགས་ཆུང་ཞིག་ཝར་ན་བོད་སྨན་འཛིན་གྲྭ་དང་སྨན་རྩིས་ཁང་གཉིས་ལ་སྔ་རྗེས་སུ་ཕེབས་ཏེ་ཚད་མཐོའི་གདེང་འཇོག་བྱས་ཡོད་པ་དང་།  ༢༠༠༨ ལོར་ཚོགས་ཆུང་དེས་རྒྱ་གར་དབུས་འཕྲོད་བསྟེན་ལས་ཁུངས་སུ་སྙན་ཐོ་ཕུལ་ཟིན་པ་དང་། ཁྲིམས་ཐོག་ནས་ངོས་ལེན་ཡོང་ཆེད་འཕྲོད་བསྟེན་བརྒྱུད་རྒྱ་གར་གྲོས་ཚོགས་ལ་ཕུལ་ཏེ་ཁྲིམས་ཡིག་གཏན་འབེབས་ཐུབ་པའི་ཚད་མཐོའི་རེ་བ་སླེབས་ཡོད་ཅེས་གསུངས་སོང་།

སྐུ་མགྲོན་གཙོ་བོ་བོད་གཞུང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན། སྨན་རྩིས་ཁང་གི་འབྲེལ་ཡོད་ལས་བྱེད་སུ་ཡིན་ཀྱང་ཚོགས་པ་འདིར་ཕྱག་ལས་གནང་ཐུབ་པ་དེ་བསྐལ་བ་བཟང་པོ་རེད་བསམ་གྱི་ཡོད། སྐྱེ་འགྲོ་སྤྱི་དང་ལྷག་པར་དུ་ནད་མནར་ཚོར་ཞབས་འདེགས་ཞུ་མཁན་ཞིག་ཡིན་པའི་ཆ་ནས་གོ་སྐབས་བཟང་པོ་དེ་ངོས་འཛིན་ཐུབ་པའི་ཐོག་ནས་མུ་མཐུད་ཤུགས་སྐྱོན་རོགས་གནང་ཞེས་དང་། སྒྲིག་འཛུགས་ཀྱི་རང་བཞིན་ལྡན་པའི་ཚོགས་པ་འདིས་རིག་གཞུང་ཉར་ཚགས་དང་མི་རིགས་གནས་སྟངས་ཡར་རྒྱས་སུ་འགྲོ་བར་ཕན་ནུས་ཆེན་པོ་ཐོན་གྱི་ཡོད་པ་རེད། དེ་ནི་ད་ལྟའི་ལས་གནས་ཀྱི་ཆ་ནས་མཐོང་དང་ཆ་འཇོག་ཡོད་པ་ཞིག་རེད་ལ། ཚེ་ཕྱི་མར་ཡང་བསོད་ནམས་ཀྱི་ཚོགས་བསགས་པའི་གོ་སྐབས་རྩ་ཆེན་ཞིག་ཡིན་ཞེས་གསུངས་སོང་།

མཐའ་དོན་སྨན་རམས་པ་རྣམ་རྒྱལ་ཚེ་རིང་མཆོག་གིས་གསུང་དོན། ཚོགས་པ་འདིའི་བྱེད་ལས་ལ་བརྟེན་ནས་དེ་སྔོན་བོད་ཀྱི་གནས་སྟངས་ལ་རྒྱུས་མངའ་མེད་པའི་ཡུལ་གྲུ་འདྲ་མིན་ཏུ་བོད་ལུགས་གསོ་རིག་གི་བཅོས་ཐབས་བརྒྱུད་བོད་དོན་ལ་ཕན་ཐོགས་ཆེན་པོ་ཡོང་གིན་ཡོད་ཚུལ་སོགས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༨ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 6

  1. མི་རྒོད། says:
    ལོ་ 13 སྔོན།

    གོང་སྨོས་བཞིན་བརྒྱབ་སྐྱོར་ཞུ། རིན་ཆེན་རིལ་བུའི་ཐད་ཀྱང་མོས་མཐུན་གོང་ལྟར་ཞུ་རྒྱུ་ཡིན་མང་གཙོ་ཡི་ཆ་ཤས་ལོངས་སུ་སྤྱད་ནས་ང་ཚོའི་གཞུང་འདི་བསྲུང་ཚེ་ཧ་ཅང་གི་ལེགས་་་་་་ཐུགས་རྗེ་ཆེ་ཞུ།།།།།།་

    Reply
  2. གཟི་མིག་༣པ says:
    ལོ་ 15 སྔོན།

    སྨན་རྩིས་བསྟན་པ་ད་བར་གནས་པར་དགའ་སྤོབས་ཡོད་
    ་འོན་ཀྱང་ནད་པ་ལྟས་ནས་ཁ་གྲངས་བཟོ་ཡད་ནི་ལས་འགན་མིན་
    ཆར་ལ་ཉེ་བའི་སྨན་རྩིས་དབུ་བཙུགས་ནས་མི་ལོ་ཧྲིལ་པོ་༥༠འཁོར་བའི་དུས་དྲན་སྐབས་༧གོང་ས་མཅོག་སྐུ་འགྲོནདུ་འཕེབས་བརྟན་འཁེལ་བར་བཀྲ་ཤིས་བདེ་ལེགས་ཞུ་
    དེ་ནི་སྨན་གླིང་འདི་ནང་གི་ལས་སྣེ་ཡོངས་ཀྱི་བསོད་ནམས་དང་ད་བར་ཕལ་ཆེ་བས་ལྷད་མེད་ཕྱག་ལས་གནང་བའི་འབྲས་བུ་བཟང་པོ་ཤིག་ཡིན་།
    ༧གོང་ས་མཆོག་ལ་ཡང་སྨན་རྩིས་ཁང་གི་བྲོ་འཕུལ་རན་སོང་
    བྱས་ཡོད་དང་བཏང་ཡོད་སྒྲུབ་ཡོད་མན་པ་ཁག་པོ་རེད་
    གསོ་རིག་རྒྱལོ

    ་

    Reply
  3. སྨན་བུ says:
    ལོ་ 16 སྔོན།

    གལ་སྲིད་ད་ཐེངས་ཀྱི་མྱུར་སྐྱོབ་ལས་ཀ་འདི་སྨན་རྩིས་ཁང་གིས་སྒྲུབ་དགོས་བྱུང་བ་ཡིན་ན་ཕལ་ཆེར་ཁག་པོ་རེད་བསམ་

    Reply
  4. རྡོ་རྗེ། says:
    ལོ་ 16 སྔོན།

    སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་ཐེངས་༤༩་བར་བཀྲིས་བདེ་ལེགས་ཡོད། འོན་ཀྱང་། ད་བར་སྨན་རྩིས་ཁང་དུ་བླ་སྨན་ཡེ་ཤེས་དོན་ལྡན་ལྟ་བུ་མཁྱེན་བརྩེ་ནུས་གསུམ་གང་ཐད་ནས་འགྲན་པའི་ཟླ་དང་བྲལ་བ་མང་པོ་ཞིག་གནས་མ་ཐུབ་པར་ཕེབས་དགོས་བྱུང་བ་གང་མང་ཞིག་འདུག་པས། དེའི་ཐད་ཉམས་ཞིབ་དང་ལྡན་པའི་ངོས་འཛིན་ཐུབ་པ་གནངས་ཏེ་མ་འོངས་པར་དེ་རིགས་མུ་མཐུད་སྨན་རྩིས་ཁང་དུ་གནས་བཞུགས་ཐུབ་པའི་ཁོར་ཡུག་ལ་ངེས་པར་ཐུགས་བསམ་བཞེས་རོགས་ཞེས་ཞུ་རྒྱུ་ཡིན།
    མ་ཟད། དེང་སང་རིན་ཆེན་རིལ་བུའི་ཕྱི་ཐུམ་ལ་བཟོ་བཅོས་ཀྱིས་བོད་རང་གི་སྲོལ་རྒྱུན་ཁྱད་ཆོས་ཁྱོན་ནས་མེད་པའི་ཕྱི་ལུགས་པའི་སྨན་དཀྱུས་མ་བཞིན་བཟོས་འདུག་པར་ཚོར་ཤུགས་དྲག་པོས་སྔར་བཞིན་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན།

    Reply
  5. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    སྨན་རྩིས་ཁང་དབུ་བརྙེས་ནས་ལོ་༤༩འཁོར་བ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབས་གཅིག་ད་ལྟ་བར་དུ་བོད་མི་ཙམ་མ་ཟད་མི་རིགས་གཞན་དག་ལ་ཡང་ཕན་ཐོག་ཞེ་དྲག་བྱུང་ཡོད་པ་ནི་ཞུ་བསམ་རུང་ཞུ་མི་ཤེས་པ་ཡིན།
    ང་ལ་རེ་བསྐུལ་གཅིག་ཡོད་པ་དེ་ནི་སྨན་དེ་སྔར་ལས་ནུས་པ་གཏོག་ཙམ་ཆུང་འགྲོ་ཡི་ཡོད་པ་ལྟ་བུ་སྣང་སོང་བའི་དེ་གུས་པའི་འཁྲུལ་སྣང་མིན་ན་ཡར་རྒྱས་ཤིག་གཏང་རོགས་ཞུ།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ནས་ད་བར་མི་ལོ་ ༤༩ ཧྲིལ་པོ་འཁོར་བའི་དུས་དྲན་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག། འཕགས་མཆོག་ཕྱག་ན་པདྨོའི་བཀའ་དགོངས་ལྟར་ཕྱོགས་ཞེན་གྱི་གནས་སུ་མ་ལྷུང་བར་ཕྱོགས་དུས་ཀུན་ཏུ་རྒྱས་པའི་སྨོན་འདུན་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese