དེ་རིང་ཕྱི་དྲོའི་ཆུ་ཚོད་ ༦ དང་ཕྱེད་ཀའི་ཐོག བཞུགས་སྒར་ངྷ་རམ་ས་ལའི་བོད་གཞུང་ཟློས་ཁར་ཚོགས་ཁང་དུ་༼ ཀ་ཡི་མི་རབས ༽ ཞེས་པའི་གློག་བརྙན་ཞིག་གཟིགས་འབུལ་ཞུས་ཡོད་ཅིང་། སྐུ་མགྲོན་གཙོ་བོར་བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་མཆོག་དང་བོད་མིང་སྤྱི་འཐུས་ཀརྨ་ཡེ་ཤེས་བཅས་ཕེབས་འདུག གློག་བརྙན་གཟིགས་འབུལ་གྱི་ཐོག་མར་ཁེ་ན་ཊར་གནས་བཞུགས་ཨ་ཆོག་མགོན་པོ་དོན་གྲུབ་ལགས་ཀྱིས་གླུ་གཞས་ཤིག་ལྟད་མོ་བ་དག་གི་སྙན་ལམ་ཏུ་ཕུལ་ཡོད། གློག་བརྙན་དེ་བཟོ་སྐྲུན་བྱེད་མཁན་ཁེ་ན་ཊར་གནས་བཞུགས་བསོད་ནམས་དབང་ཕྱུག་ལགས་ཡིན་ཞིང་། ཁོང་ནི་རྒྱ་གར་ཀ་སྦུག་ནས་ཚར་ལོངས་བྱུང་ཞིང་། མལ་སོ་རེ་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་བོད་ཁྱིམ་འོག་ལོ་དྲུག་རིང་དགེ་རྒན་གྱི་ཕྱག་གནས་གནང་ཞིང་། ད་ཆར་ཁེ་ན་ཊའི་གཞུང་གི་རླུང་འཕྲིན་ལས་ཁུངས་ (༡༠༡༤༣)ཞེས་པ་རུ་ཕྱག་ལས་གནང་མུས་ཡིན་འདུག
གློག་བརྙན་འདིའི་ནང་དོན་གཙོ་བོ་ནི། གློག་བརྙན་དེའི་ནང་ཚེ་མཆོག་ཞུ་བའི་འཛིན་རིམ་བདུན་པའི་སློབ་ཕྲུག་ཅིག་གིས་རང་སློབ་གྲྭའི་བོད་ཡིག་གི་དག་ཆའི་འགྲན་བསྡུར་དང་། སློབ་གྲྭ་གཞན་དག་མཉམ་རུབ་ཀྱི་བོད་ཡིག་དག་ཆའི་འགྲན་བསྡུར་ནང་ཞུགས་པའི་གོ་རིམ་ཁྲོད། ཨ་མས་དབྱིན་ཡིག་སོགས་སློབ་ཚན་གཞན་དག་ལ་འབད་བརྩོན་བྱ་དགོས་པའི་གཡོན་ལྷུང་གི་སློབ་གསོ་དང་གནོན་བཙིར་ལ་གདོང་ལེན་བྱས་ཤིང་། རང་ཉིད་ཀྱི་དམ་བཅའ་བརྟན་བཟུང་བྱས་ཏེ་བོད་ཡིག་གི་དག་ཆར་སྦྱང་བརྩོན་ཧུར་ཐག་བྱས་མཐར་རྒྱལ་ཡོངས་རང་བཞིན་གྱི་བོད་ཡིག་དག་ཆ་དག་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ་པའི་གཏམ་རྒྱུད་ཀྱི་བྱུང་རིམ་བརྒྱུད་དེ། བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་གི་བྱིས་པ་ཚོར་བོད་རང་གི་སྐད་ཡིག་རིག་གནས་ལ་སྦྱོང་བརྩོན་དགོས་པའི་སློབ་སྟོན་གནང་ཡོད།
སྐབས་དེར་གློག་བརྙན་བཟོ་སྐྲུན་པ་བསོད་ནམས་དབང་ཕྱུག་ལགས་ཀྱིས་གློག་བརྙན་བཟོ་སྐྲུན་གྱི་ལས་རིམ་རགས་ཙམ་ངོ་སྤྲོད་གནང་དོན། གློག་བརྙན་འདིའི་ནང་དོན་བོད་ཀྱི་སྐད་ཡིག་ལ་བདག་པོ་རྒྱག་དགོས་པའི་སྐོར་རེད། ང་རང་ ༢༠༠༠ ལོ་ཡས་མས་ནས་ཁེ་ན་ཊའི་ནང་བརྟན་གཞི་བྱས་པ་རེད། ད་ཆར་ཁེ་ན་ཊའི་ནང་བོད་མི་བཞི་སྟོང་ཙམ་འདུག་ཅིང་། བྱིས་པ་ཚོ་བོད་ཡིག་བོད་སྐད་ལ་དོ་སྣང་ཆེན་པོ་ཡོང་གིན་འདུག ལྷག་པར་དུ་༧གོང་ས་མཆོག་དང་བོད་གཞུང་གི་མགོ་ཁྲིད་རྣམ་པ་ཚོ་ཕེབས་སྐབས། བོད་པའི་སྐད་ཡིག་སྐོར་ལ་བཀའ་སློབ་གནང་གིན་ཡོད་པ་རེད། ང་རང་གི་ངོས་ནས་ཀྱང་བོད་པའི་སྐད་ཡིག་དེ་གལ་ཆེན་པོ་ཞིག་ལ་མཐོང་གིན་ཡོད། དེར་བརྟེན། གློག་བརྙན་འདིའི་མིང་ལ་༼ ཀ་ཡི་མི་རབས ༽ ཞེས་བཏགས་པ་ཡིན་ལ། གློག་བརྙན་འདི་ཕབ་སྐྲུན་བྱེད་ས་གཙོ་བོ་རྡེ་ར་རྡིན་རེད། གློག་བརྙན་བཟོ་སྐྲུན་སྐབས་བོད་གཞུང་ཤེས་རིག་བརྒྱུད་སམ་བྷོ་ཊའི་འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས་རྒྱབ་སྐྱོར་གནང་སྟེ། པོན་ཌ་སློབ་གྲྭ་དང་བདེ་སྐྱིད་གླིང་། མལ་སོ་རི་བོད་ཁྱིམ་བཅས་ནས་གློག་བརྙན་འདི་ཕབ་སྐྲུན་བྱས་པ་རེད། དེ་དག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་།
གློག་བརྙན་གཟིགས་འབུལ་མཇུག་སྒྲིལ་རྗེས། བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་མཆོག་གིས་གློག་བརྙན་དེའི་ཞན་ཆའི་སྐོར་བསྟན་དོན། དོ་ནུབ་ཆུ་ཚོད་དྲུག་དང་ཕྱེད་ཀའི་ཐོག་མགོ་འཛུགས་ཞུ་རྒྱུ་ཡིན་གསུངས་པ་ལྟར། ང་རང་ཆུ་ཚོད་ལྟར་ཡོང་བ་ཡིན། འོན་ཀྱང་མི་སླེབས་མ་སོང་ཟེར་ནས་ང་རང་ཕྱི་ལོགས་ནས་ཅུང་སྒུག་པ་ཡིན། སྐབས་དེར་ངས་རྩེད་མོ་དང་སྦྲགས་ཏེ། དོ་ནུབ་འདིར་སྐད་ཡིག་སྐོར་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་སྟབས། མི་ཞེ་དྲག་ཡོང་གི་མ་རེད། དེ་བས། དེང་དུས་ཀྱི་ཞབས་བྲོ་འཁྲབ་རྒྱུ་ཡིན་ཟེར་བ་དང་། ཡང་ན་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཞཱ་རའོ་ཁཱན་ཡོད་ཞེས་ལབ་ཡོད་ན། མི་མང་པོས་འཚང་ཁ་ཤིག་ཤིག་ཡོང་གི་རེད། ཅེས་ལབ་པ་ཡིན། དེ་ཏག་ཏག་ཆགས་འདུག དོ་ནུབ་མི་ཞེ་དྲག་སླེབས་མི་འདུག ཞེས་དང་།
དུས་རྒྱུན་ངས་སྐད་ཆ་སྙན་པོ་བཤད་ཤེས་ཀྱི་མེད། ཁ་རུ་ཁ་ཐུག་ལ་བཤད་ཀྱིན་ཡོད། དོ་ནུབ་ཀྱང་ཁ་རུ་ཁ་ཐུག་ལ་བཤད་པ་ཡིན་ན། གློག་བརྙན་བཟོ་མཁན་ཕྱི་རྒྱལ་ནས་ཡིན་སྟབས། ཐུགས་ལ་ཕོག་གི་མ་རེད། མ་འོངས་པར་དགོངས་པ་བཞེས་ཕྱོགས་ལ་ཕན་ཐོགས་རྒྱུ་རེད་དྲན་ཡོད། གློག་བརྙན་གྱི་གཤམ་དུ་ཡི་གེ་འཆར་བའི་ཁྲོད་དག་ཆ་ནོར་བ་དང་། མིང་ཚིག་ནོར་བ་ཞེ་དྲག་མང་པོ་འདུག དེ་བཞིན། གློག་བརྙན་ནང་གི་མི་སྣ་ཚོས་ཕན་ཚུན་ལ་སྐད་ཆ་བཤད་སྐབས། སྒྲ་གདངས་ནོར་བ་དང་སྒྲ་གདངས་མི་དག་གང་འཚམ་འདུག མང་ཚོགས་ནང་སྟོན་རྒྱུ་དང་བྱིས་པ་ཚོར་སློབ་གསོའི་ཆེད་ཡིན་ཡིན་སྟབས། དག་ཆ་དང་སྒྲ་གདངས་ལ་བཟོ་བཅོས་རྒྱག་ཐུབ་པ་ཡིན་ན་བཟོ་དགོས་ཀྱི་འདུག མ་འོངས་པར་ཡང་འདི་ལྟ་བུ་བཟོ་འཆར་ཡོད་རྒྱུ་རེད། མང་ཚོགས་ལ་མ་བསྟན་སྔོན་ལ་ཞིབ་འཇུག་ཡག་པོ་བྱས་ཏེ་བསྟན་པ་ཡིན་ན་ཡག་པོ་རེད། ཅེས་གསུངས་བྱུང་།
དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གི་གཏམ་བཤད་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན་ལ། བསོད་ནམས་དབང་ཕྱུག་སོགས་འབྲེལ་ཡོད་རྣམ་པས་ཀུན་སློང་བཟང་པོས་གློག་བརྙན་བཟོས་པ་ཞིག་ཡིན་ན། ངེས་པར་དུ་དག་བཅོས་གནང་སྐྱོངས་ཡོང་བའི་རེ་བ་ཆེ།
ཕ་སྐད་ཉམས་དམས་སུ་སོང་བའི་མི་རིགས་ནི་འཆི་ལ་ཉེ་བའི་ནད་པ་ཞིག་དང་མཚུངས། ཕ་སྐད་མི་ཉམས་དར་སྤེལ་གཏོང་རྒྱུ་ནི་མི་རིགས་ཀུན་གྱི་རང་སྲོག་ལྟར་གཅེས་ཉལ་བྱ་དགོས་པ་མཐོང༌།
ཚན་རྩལ་རིགས་པར་སྦྱངས་པ་ལེགས་མོད་ཀྱི།
སྲོལ་རྒྱུན་བདག་མེད་ལུས་ན་ཤིན་ཏུ་ཕངས།
སྣ་མང་སྐད་ཡིག་སྦྱང་པ་བྱ་དགོས་ཀྱང༌།
རང་གི་ཕ་སྐད་མ་ཤེས་ལྐུག་པ་ཡིན།
ཀའི་མི་རབས་རྗེས་ལ། ཁ་དང་གའི་མི་རབས་ཡང་གང་མྱུར་ཐོན་པའི་རེ་སྒུག་ཡོད།
ལས་དོན་ལ་དགའ་བསུ་དང་། དག་ཐེར་ལ་གཟབ་སྣོན་ཞུ།
བཙན་བྱོལ་བོད་པའི་གློག་བརྙན་ལ་སྙིང་པོ་གང་ཡང་མེད། གང་ཡིན་ཟེར་ན། བོད་སྤྱི་ཚོགས་ལ་ཕན་པའི་སློབ་སྟོན་ནི་དེ་ལས་མེད། བོད་སྐད་གཙང་མ་ཞིག་དང་བོད་ཡིག་དག་ཆ་ཡང་མེད་པས། གཞི་ལུས་བོད་མི་ཡོངས་ལ་ཡིད་སེམས་སྐྱོ་བྱེད་རྒྱུ་ཞིག་བསྐྲུན་ཡོད། གློག་བརྙན་དེའི་མིང་ལ་ བོད་སྐད་བརླག་པའི་ཀ་ཡི་མི་རབས ཟེར་ན་མི་ཆོག་གམ། ཡིན་ནས་སོ་སོའི་ལྟོ་གོས་་་་་་་་་་་ཆེད་དུ་སྦྲང་ཆར་བཞོར་སོང་་་་་་་་་་ ང་ཕྱུག་པོ་ཆགས་སོང་ ཧཧཧཧཧཧ། དེའི་ཆེད་དུ་ཡིན།
ᨌᨎ ᨎ᫄᪄་ᫀ་ᨑᨵ་་ᩊᩏ་་ᨓᨵ་᪱ᨕ᩶་ᩏ་ᨎ
ᨕ་ᩃ᪄་᪠᩶ᨵ་᪱ᨓ᩶་་᪄་ᨑ᪄་ᩩ་᪙ᩏᨎ
ᨵᫍ᪄་ᨹᨑ་ᨨ᩶་ᨑᨵ་ᩊᩏ་་᪣་᩶ᨵᨕ་ᩏ་ᨎ
ᩏ་ᨵᨑ་᪙་ᨨ᩶་᪱་ᨓ་ᨧᨵ་་ᨑ᪄ᨎ
༄༅།། ”མང་ཚོགས་ལ་མ་བསྟན་སྔོན་ལ་ཞིབ་འཇུག་ཡག་པོ་བྱས་ཏེ་བསྟན་པ་ཡིན་ན་ཡག་པོ་རེད།” ཐུབ་བསྟན་ལུང་རིག་ལགས་ཀྱི་སྐད་ཆ་འདི་རང་ལ་་ཉན་པས་གློག་བརྙན་དེ་མཐོང་ཚར་སོང་། མགོ་ཚོད་སོང་། ཧ་གོ་སོང་། བཙན་བྱོལ་གྱི་གློག་བརྙན་ཡིན་པས་དང་པོ་ནས་རེ་བ་མཐོན་པོ་མེད།
བཙན་བྱོལ་གྱི་གློག་བརྙན་དེ་ཚོ་དངོས་གནས་རྙིང་པོ་གཏན་ནས་མི་འདུག བཟོ་ན་ཡག་པོ་ཞིག་བཟོ་རོགས།
འོན་ཀྱང་བསོད་ནམས་དབང་ཕྱུག་ལགས་ཀྱིས་མི་རིགས་ཀྱི་སྐད་དང་ཡི་གེར་དོ་གལ་དང་ལྷག་བསམ་དཀར་པོས་བྱ་བ་སྒྲུབ་པ་ཙམ་ལ་ཐུགས་རྗེ་ཆེ་དང་ཡི་རང་ཞུ། སུས་ཀྱང་རྙིང་པོ་མེད་པའི་གློག་བརྙན་ཐབས་སྡུག་བལྟ་རྒྱུར་རིན་སྤྲད་པ་ལས་མི་ བལྟ་རྒྱུར་རིན་སྤྲད་པ་དགའ་བ་དེ་འདྲ་གཏན་ནས་མི་བཟོ་བའི་རེ་བ་ཞུའོ།།
༄༄། ཐོག་མར་བསོད་ནམས་བཀྲ་ཤིས་ལགས་སུ་རྟེན་འབྲེལ་ཞུ་རྒྱུ་ཡིན།
ཁོང་རང་ནས་བོད་ཀྱི་རྩ་ཆེའི་རིག་གཞུང་དེ་ཉམས་གུད་མི་ཡོང་བའི་ཐུགས་འདུནབཅང་བ་ཙམ་གྱི་རྗེས་སུ་ཡིད་རང་ཡོད། གོང་དུ་གཡག་རྒོད་ལགས་ནས་༼ བོད་ཡིག་མི་ཤེས་པའི་གློག་བརྙན་བཟོ་མཁན་༽ཞེས་ བསོད་ནམས་བཀྲ་ཤིས་ལགས་བོད་ཡིག་མི་མཁྱེན་པ་ཨེ་ཡིན། ཡིན་ན་ཡང་་སྒྲ་མདངས་ཐོག་མི་དག་པ་་ཡོང་སྲིད་པ་ཞིག་རེད་ གང་ཡིན་ཟེར་ན་ང་ཚོའི་བཙན་བྱོལ་བོད་པ་རྣམས་ལ་ཕྱིའི་རྒྱལ་ཁབ་གྱི་རིགས་གཞུང་གི་ཤུགས་རྐྱེན་ཆེ་དྲག་པས་རེད། ད་དུང་ཡིག་ནོར་བྱུང་བ་ནི་ཀློག་ཀླད་ནས་ནོར་འཁྲུལ་ཡང་ཡོང་སྲིད། དཔེར་ན་གོང་གི་ཤོག་ངོས་བཞིན་ ༼ཀ་ཡི་མ་རབས་༽ལྟ་བུ།
ར་རང་གི་རེ་བར་བསོད་ནམས་བཀྲ་ཤིས་ལགས་དང་བོད་རིགས་གློག་བརྙན་བཟོ་མཁན་ཚང་མས་༼ཀ་ཡི་མི་རབས༽་ཞེས་པ་སོགས། ཡི་གེ་ཀ་ནས་མགོ་བཙམས་ཏེ་ཨ་བར་གྱི་ཀ་མད་སུམ་ཅུ་བཞིན་བོད་ཀྱི་རིག་གཞུང་གི་རྩ་བར་ཕན་པའི་བྱ་བཞག་གང་མང་བསྒྲུབ་པར་མཁྱེན།།
༄༅། རྟེན་འབྲེལ་ཞུ། ཡིན་ནའང་། བོད་ཡིག་མི་ཤེས་པའི་གློག་སྙན་བཟོ་མཁན་ཚོས་བོད་ཡིག་ཚད་ལྡན་ཤེས་མཁན་ཚོ་དང་། མཉམ་འབྲེལ་བྱེད་རྒྱུ་དགོས་གལ་ཆེ། བོད་ཡིག་དང་བོད་སྐད་མི་དག་པའི་གློག་སྙན་ཞིག་གིས་བོད་ཀྱི་སྤྱི་ཚོགས་ལ་ཕན་མི་ཐོག་པ་གསལ་བོ་ཡིན།
༄༅། ང་ཚོ་ཚང་མ་ཀ་ཡིས་མི་རབ་ཡིན་ཞེས་པའི་གླུ་དེ་ཡིན་རྒྱུ་རེད་
གང་ལྟར་དམིགས་ཡུལ་ཡག་པོ་ཞིག་བཟོང་ནས་བཟོས་འདུག་པའི་ཡག་པོ་རེད་
གློག་བརྙན་མ་མཐོང་བའི་དེའི་ཕན་ནུས་བཤད་དཀའ་བ་ཞིག་རེད་