མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་རྩིས་ཁང་གི་འགན་འཛིན་འཕོ་འགྱུར་།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་གནང་བ་གཞིར་བཟུང་། སྨན་རྩིས་ཁང་གི་སྨན་པ་ཚེ་དབང་རྟ་མགྲིན་ལགས་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་དུ་བསྐོ་བཞག་གནང་ཡོད་པ་དང་། ཟླ་རྗེས་མའི་ཕྱི་ཚེས་ ༡ ཉིན་དངོས་སུ་ལས་ཀ་མགོ་འཛུགས་གནང་རྒྱུ་ཡིན་འདུག

འདི་གའི་གསར་འགོད་པས་དེའི་ཐད་བོད་གཞུང་སྨན་རྩིས་ཁང་གི་དྲུང་ཡིག་ཆེན་མོ་ཚེ་རིང་ཕུན་ཚོགས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཏེ་རེས་གཟའ་ཟླ་བའི་ཉིན་རྒྱབ་འགན་འཛིན་ལྷན་ཚོགས་ཚོགས་ཐེངས་ ༦༧ འཚོགས་སྐབས་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་ཟླ་བ་ལགས་ཀྱིས་ཕྱི་ལོ་ ༢༠༠༥ ལོ་ནས་ཕྱག་ལས་གནང་སྟེ། ད་ལྟ་སྒྲིག་གཞི་གཞིར་བཟུང་འགན་འཛིན་གྱི་ཕྱག་ལས་གནང་བའི་ལོ་ལྔའི་དུས་ཡུན་ཚང་སྟབས་རྩིས་ཞིབ་ཚོགས་ཆུང་གིས་འགན་འཛིན་ལྷན་ཚོགས་སུ་འོས་མི་ཕུལ་བའི་ཁོངས་ནས་སྨན་པ་ཚེ་དབང་རྟ་མགྲིན་ལགས་བདམས་ཐོན་བྱུང་བ་རེད། བོད་གཞུང་སྨན་རྩིས་ཁང་དེབ་སྐྱེལ་བྱས་པའི་སྒྲིག་གཞིའི་ནང་གསལ་བ་ལྟར་ན། ད་ལྟའི་ཆར་འགན་འཛིན་ལ་ཤེས་ཚད་ཐོག་སྨན་རམས་པ་ཆུང་བ་དང་རྩིས་རམས་པ་ཆུང་བ་ཡན་གྱི་མི་གང་ཡང་རུང་བ་ཞིག་ལ། ཞབས་ལོ་ལོ་ ༡༥ ཡན་ཞུས་ཟིན་པ་དང་རང་ལོ་ ༣༥ ལས་བརྒལ་བ་ཞིག་དགོས་ཀྱི་ཡོད་པས་ཁོང་ལ་དེའི་ཆ་རྐྱེན་ཡོངས་སུ་ཚང་ཡོད་ཅེས་དང་། ཉིན་འདི་འགར་འགན་འཛིན་གསར་རྙིང་རྣམ་གཉིས་ཀྱིས་རྩིས་སྤྲོད་རྩིས་ལེན་གནང་བཞིན་པ་དང་། ཟླ་རྗེས་མའི་ཕྱི་ཚེས་ ༡ ཉིན་ནས་འགན་འཛིན་གསར་པས་ཕྱག་ལས་གནང་མགོ་རྩོམ་གི་རེད་ཅེས་འགྲེལ་བརྗོད་གནང་ཡོད།

སྨན་པ་རྟ་མགྲིན་ཚེ་དབང་ལགས་ཀྱིས་ཕྱི་ལོ་ ༡༩༧༨ ལོར་སྨན་པ་བཀའ་བཅུ་པ་ཐོན་ཏེ་བོད་གཞུང་སྨན་རྩིས་ཁང་གི་ལས་བྱེད་པར་འཛུལ་ཞུགས་གནང་བ་ནས་བཟུང་། ཐོག་མར་སྤེལ་ཀོབ་བོད་མིའི་གཞིས་ཆགས་སུ་ལོ་གཅིག་རིང་སྨན་པའི་ཕྱག་ལས་གནང་བ་དང་། ༡༩༧༩ ལོ་ནས་ ༡༩༨༣ བར་ངྷ་ས་དབུས་སྨན་རྩིས་ཁང་ནང་སྨན་གཉེར་ཕྱིར་གཏོང་སྨན་དྲུང་དང་སྔ་དགོང་ནད་གསོ་ཁང་གི་ནད་པར་བརྟག་དཔྱད། སྐབས་མཚམས་ས་གནས་སྨན་པའི་རྐང་ཚབ་དང་༧གོང་ས་མཆོག་གི་བླ་སྨན་རྣམ་པའི་ཆིབས་ཞབས་བཅས་གནང་། ༡༩༨༤ ལོར་སྨན་རམས་པ་ཆུང་བར་གནས་སྤར། ལོ་དེར་ལྡི་ལི་གསར་བའི་ཡན་ལག་སྨན་ཁང་གི་སྨན་པར་བསྐོ་བཞག་གནང་། ལོ་བཅུ་ལ་སྨན་པ་དང་ལོ་བདུན་ལ་སྨན་པའི་འགན་འཛིན་གནང་། ༡༩༩༨ ལོའི་ཟླ་ ༩ ཚེས་ ༢༩ ཉིན་སྨན་རམས་པ་འབྲིང་བར་གནས་སྤར། ༢༠༠༡ ཟླ་ ༨ ཚེས་ ༡ ཉིན་༧གོང་ས་མཆོག་གི་སྐུ་བཅར་སྨན་པར་བསྐོ་བཞག་གནང་བ་དང་། ལོ་དེར་སྨན་སྦྱོར་ཁང་གི་འགན་འཛིན་སྨན་པར་བསྐོ་བཞག་གནང་། ༢༠༠༤ ལོའི་ཟླ་ ༡༢ ཚེས་ ༦ ཉིན་བོད་གཞུང་སྨན་རྩིས་ཁང་གི་ངེས་སྟོན་པ་གཞོན་པར་བསྐོ་བཞག་གནང་། ༢༠༠༧ ལོའི་ཟླ་ ༣ ཚེས་ ༡ ནས་མཐོ་སློབ་སློབ་སྤྱིའི་འགན་བཞེས། ༢༠༠༨ ཟླ་ ༡༠ ཚེས་ ༡ ཉིན་ནས་མཁས་པའི་སློབ་སྟོན་ཚོགས་ཆུང་གི་སློབ་སྟོན་པའི་མཛད་འགན་བཞེས་མུས་ཡིན་པ་སོགས། ཁོང་གིས་ད་བར་མི་ལོ་ ༣༠ རིང་བོད་ཀྱི་གསོ་བ་རིག་པའི་ཐོག་ཏུ་ཕྱག་ལས་གནང་འདུག

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 12

  1. གསེར་རྟ་མཁས་གྲུབ། says:
    ལོ་ 16 སྔོན།

    འཚོལ་ཞིབ་ཚོགས་ཆུང་ཟེར་བ་དེ་གང་ཡིན་ནམ། བླ་མ་སྤྲུལ་སྐུ་རྐྱང་ལས་གྲུབ་པ་ཞིག་ཡིན་རྒྱུ་རེད།

    Reply
  2. གཡུ་ཐོག་ཆེན་པོ། says:
    ལོ་ 16 སྔོན།

    དངོས་ཡོད་གནས་ཚུལ་རེད། ངས་བསམ་ཚུལ་འདི་རིགས་ལ་གུས་བཀུར་ཞུ་གི་ཡོད་པས་འདི་ནས་དྲ་གྲོགས་ལྷན་རྒྱས་དང་བསམ་ཚུལ་བརྗེ་ལེན་བྱ་འདོད་བྱུང། ཚེ་སྲོག་གི་འགྲོ་གྲོན་མེད་པའི་ང་ཚོའི་མང་གཙོའི་ལམ་སྲོལ་དེ་ནི་རིན་ཐང་ལྡན་པ་ཞིག་ཏུ་ངས་མཐོང་གི་མེད། འཛམ་གླིང་མང་གཙོའི་རྒྱལ་ཁབ་ཁག་གི་མང་གཙོའི་ལོ་རྒྱུས་འབབ་ཚུགས་རེ་ནས་མི་མང་གི་རྐང་རྗེས་རེ་མཐོང་རྒྱུ་ཡོད་ཀྱང་ང་ཚོའི་མང་གཙོའི་འབབ་ཚུགས་རེ་ན་༸གོང་མཆོག་གི་ཞབས་རྗེས་རེ་མ་གཏོགས་མཐོང་རྒྱུ་མེད། ང་ཚོའི་མང་གཙོ་ནི་༸གོང་ས་ཆེན་པོས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་གསོལ་རས་གནང་བར་ངས་ཡིད་ཆེས་བླ་མེད་ཞུ་བཞིན་ཡོད། ཐེངས་འདིའི་སྨན་རྩིས་ཁང་གི་འགན་འཛིན་འདེམ་ཕྱོགས་ཐད་ལ་སྤྱི་ཚོགས་སྟེང་གླེང་རྙོག་ཆེན་པོ་ཆགས་ཡོད། རྒྱུ་རྐྱེན་གཙོ་བོ་ནི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་ལ་སྒྲིག་གསལ་་དོན་གནད་རིག་ཐག་གཅོད་བྱེད་པའི་བློ་སྤོབས་དང་འཇོན་ཐང་མེད་པ་དང་། འཛིན་སྐྱོང་རྙིང་པ་འོས་མིའི་ཁོངས་སུ་མ་བཞག་པས་བློ་ཕམ་པ། འཚོལ་ཞིབ་ཚོགས་ཆུང་གིས་དབང་ཤུགས་བེད་སྤྱོད་བྱས་པ་སོགས་རེད།

    Reply
  3. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    སྨན་རྩིས་ཁང་ལ་བདུད་ཀྱི་ཆོ་འཕྲུལ་འདྲ་བསྟན་ཀྱི་ཡོད་པ་འདྲ།

    Reply
  4. ཚེ་དབང་། says:
    ལོ་ 16 སྔོན།

    རེད་ཡ། རྡོ་ལགས་རྒྱབ་སྐྱོར་ཡོད། བླ་སྨན་རྟ་མགྲིན་ནས་དང་པོ་བྱེད་ཀྱི་མིན་ཟེར་ནས་དགོངས་པ་ཞུ། སྨན་རྩིས་ཁང་འཐུས་ཤོར་ལ་བཏང་། ཡང་བྱེད་ཀི་ཡིན་ཟེར། རྒན་འཁོགས་རྐྱང་རེས་བསྐོར་བ་ལས་ལོ་གཞོན་པར་རྩིས་སྤྲད་ན་ཡག་པོ་འདུག་

    Reply
  5. བསྟན་འཛིན་རྡོ་ལགས། says:
    ལོ་ 16 སྔོན།

    སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག་གཅིག་ནས་ད་ལྟ་ལོ་ཆེན་པོ་སླེབས་ཟིན་པ་དང་། གཉིས་ནས་འཛིན་སྐྱོང་གི་འཇོན་ཐང་དེ་ཙམ་མེད་པ། གསུམ་ཐད་ནས་ནད་པར་མ་གཟིགས་ན་སྨན་རྩིས་ཁང་དང་ནད་པ་གཉིས་ཁར་གྱོང་རེག་རྒྱུ་ཡིན་འདུག་ན། འཚོལ་ཞིབ་དང་རྩིས་ཞིབ་ཚོགས་ཆུང་གི་ཕུལ་བའི་འོས་མི་གཉིས་པ་སྨན་རམས་པ་ཆོས་ལོ་ཐར་ལོ་ན་གཞོན་པ་དང་ཤེས་ཚད་ཡོད་པས་འགན་འཛིན་རན་ཤོས་དེ་རེད་འདུག

    Reply
  6. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    སྔོན་མར་སྨན་རྩིས་ཁང་གི་འགན་འཛྀན་རྣམས་ཀྱིས་སོ་སོའི་བུ་ཕྲུག་ལ་བདག་སྐྱོང་སྤྲད་པ་ལས། སློབ་ཕྲུག་གཞན་པ་རྣམས་ལ་དེ་ཙམ་དོ་སྣང་མ་སྤྲད་པའི་སྐད་ཆ་མང་པོ་གོ་རྒྱུ་འདུག དེ་འདྲ་མི་གནང་བར་མཁྱེན།

    Reply
  7. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་འགན་འཛིན་བསྐོ་བཞག་གནང་བར་འཞམས་འདྲི་བཀྲིས་བདེ་ལེགས་ཞུ། ཁོང་ནི་ནམ་རྒྱུན་ནད་པ་སུ་ཞིག་ཡིན་རུང་ཀུན་ལ་བྱམས་སྐྱོང་དང་བརྩེ་བས་བརྟག་དཔྱད་ཡག་པོ་ཞེ་དྲག་གནང་གི་འདུག དངོས་གནས་བྱང་ཆུབ་སེམས་དཔའི་བྱ་སྤྱོད་རང་རེད་འདུག

    Reply
  8. དབྱངས་བུ། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས།
    སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་འགན་འཛིན་འོས་མིའི་ཁོངས་སུ་འདེམས་ཐོན་བྱེད་མཁན་རྩིས་ཞིབ་ཚོགས་ཆུང་མ་ཡིན་པར། འཚོལ་ཞིབ་ཚོགས་ཆུང་རེད།་དབྱིན་སྐད་ལ་( search committee)ཟེར།་དེ་ཡང་སྨན་རྩིས་ཁང་གི་འགན་འཛིན་འདེམས་ཕྱོགས་ཐད་འགྲེལ་བརྗོད་ཕྲན་ཙམ་ཞུས་ན། ཐོག་མར་འཚོལ་ཞིབ་ཚོགས་ཆུང་གི་མི་འགྲོ་འོས་འདེམས་ཚོགས་ཆུང་འཛིན་སྐྱོང་ནས་བཀོད་སྒྲིག་ཞུས་པ་དང། ཚོགས་ཆུང་དེས་གོ་སྒྲིག་བྱས་པ་བརྒྱུད་སྨན་རྩིས་ཁང་གི་སྨན་ལས་ངོ་མ་ཡོངས་ཀྱིས་འོས་ཤོག་འཕེན་ནས་འཚོལ་ཞིབ་ཚོགས་ཆུང་གི་མི་བཞི་འདེམས་ཐོན་བྱེད་དགོས། ད་ལོའི་འཚོལ་ཞིབ་ཚོགས་ཆུང་ནང་ཐད་བཀོད་ཚོགས་གཙོ་གཅིག་དང། འོས་འདེམས་བྱུང་བའི་ཚོགས་མི་བཞི་ཡོད། དེ་དག་ལས་གཅིག་སྐར་རྩིས་པ་དང་། གཉིས་སྨན་པ། གཅིག་སྨན་རྩིས་ཁང་གི་དྲུང་ཆེ་རེད་འདུག མི་བཞི་ལས་གྲུབ་པའི་འཚོལ་ཞིབ་ཚོགས་ཆུང་དེ་ལ་དབང་ཚང་ཆེན་པོ་ལྡན་ཡོད་པ་དཔེར་ན། སྨན་རྩིས་ཁང་གི་འགན་འཛིན་གྱི་འོས་མི་གསུམ་
    འདོན་རྒྱུའི་དབང་ཚད་ཆ་ཚང་ཡོད་པ་དང། ཚོགས་ཆུང་དེས་འདེམས་པའི་འོས་མི་
    གསུམ་པོའི་མཚན་ཐོ་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ལ་ཕུལ་རྗེས་
    འགན་འཛིན་ལྷན་ཚོགས་ཀྱིས་གཅིག་འདེམས་དགོས་པ་རེད། མདོར་ན་འཚོལ་ཞིབ་ཚོགས་ཆུང་ནི་སྨན་རྩིས་ཁང་གི་སྨན་ལས་ཡོངས་ཀྱི་ངོ་ཚབ་
    མཚོན་པའི་ཚོགས་ཆུང་ཞིག་ཡིན་སྐད།

    Reply
  9. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    བླ་སྨན་པ་ཚེ་དབང་རྟ་མགྲིན་མཆོག་འགན་འཛིན་དུ་བསྐོ་གཞག་གནང་བར་བཀྲིས་བདེ་ལེགས་ཞུ། ཁོང་གི་རྒྱུན་ལྡན་ནད་པ་ལ་ཧ་ཅང་རྟགས་དཔྱད་ཡག་པོ་གནང་རྐྱེན་ཞོགས་ཀི་ཆུ་ཚོད་དྲུག་པ་ནས་ཁོང་གི་གཟིམ་ཤག་སར་ཤ་སྦྲམ་བཞིན་འཚངས་ཚར་ཡོད། ད་ནི་ཁོང་གི་ལས་ཁུངས་ཀྱི་ཕྱག་ལས་ཡོད་སྟབས་ནད་པ་རྟགས་དཔྱད་གནང་རྒྱུ་ཐད་ཏོག་ཙམ་ཐུས་ཤོར་མི་འགྲོ་སྙམ་པའི་སེམས་ཁྲལ་བྱུང་།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ལོ་ཤས་གོང་ངས་སྨན་རྩིས་ཁང་གི་འགན་འཛིན་ཟླ་བ་ལགས་ལ་དེའི་སྐོར་དྲིས་པ་ཡིན། ཁོང་གིས་དེང་སྐབས་བོད་སྨན་ནང་དུ་སྲོག་ཆགས་ཀྱི་ཤ་ཁྲག་རུས་གསུམ་ལ་སོགས་པའི་རིགས་བེད་སྤྱོད་གཏོང་གི་ཡོད་པ་མ་རེད་ཟེར།

    ཁ་ཉིན་ཞིག་ལ་སྨན་པ་ཞིག་དང་མཉམ་དུ་སྐད་ཆ་བྱུང་སྐབས། བོད་སྨན་ནང་ལ་གཞུང་ནས་བསྟན་པའི་རྒྱུ་ཆ། དཔེར་ན། གླ་རྩི་དང་དོམ་འཁྲིས་ལ་སོགས་པ་བེད་སྤྱོད་མ་བཏང་ན་སྨན་དེའི་ནུས་པ་འཐོན་གི་མ་རེད་ཟེར།

    དེ་བྱས་དུས། ཡུལ་ཁྲིམས་དང་རྒྱལ་ཁྲིམས། ཁོར་ཡུག་དང་སྲོག་ཆགས་བཅས་ལ་ལྟོས་པའི་སྒོ་ནས་བོད་སྨན་བཟོ་དགོས་ཀྱི་ཡོད་ས་རེད།

    Reply
  11. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ངས་འདི་འདྲ་བཤད་རུང་མིན་མི་ཤེས་ཏེ། བོད་སྨན་འདི་དེང་རབས་ཅན་དུ་བསྒྱུར་དགོས་ས་མང་པོ་ཞིག་ཡོད་ས་རེད། ན་ནིང་ཞིག་ལ་དབྱིན་ཇི་རྒན་པོ་སངས་རྒྱས་པའི་ཆོས་ལ་དད་མཁན་ཞིག་གིས་བོད་སྨན་གྱི་ནང་དུ་སྲོག་ཚགས་ཀྱི་ཤ་ཁྲག་རུས་གསུམ་སྤྱི་དང་ལྷག་པར་ཡང་རྷ་སྟོང་དུ་འགྲོ་ཉེའི་ སྲོག་ཆགས་འབྲོང་སོགས་ཀྱི་ཤ་ཁྲག་བེད་སྤྱོད་བྱེད་གྱིན་འདུག་ཟེར་ནས་མ་དགའ་བ་ལྟ་བུ་བྱེད་ཀྱིན་འདུག ད་དུང་བོད་སྨན་ནང་གི་ལྟས་བརྟག་པ་ལྟ་བུ་དད་མོས་ཡིད་ཆེས་ཁོ་ན་དང་འབྲེལ་བ་དེ་ཚོ་ལ་ཡིད་མི་ཆེས་མཁན་མང་པོ་ཡོད་ངེས་རེད།

    Reply
  12. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    སྨན་རྩིས་ཁང་གི་སྨན་པ་ཚེ་དབང་རྟ་མགྲིན་ལགས་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་བསྐོ་བཞག་གནང་པར་འཚམས་འདྲའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ཕྱོགས་ཞེན་འཐེན་འཁྱེར་དང་བྲལ་པའི་ཚོགས་པ་ཚད་ལྡན་ཞིག་གི་འགན་འཛིན་དུ་འགྱུར་བར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese