བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གསུམ་པའི་སྐབས་སུ་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་མི་བདམས་པའི་ནང་། བཀའ་བློན་ཁྲི་པའི་འོས་མི་གསུམ་དང་ཆོལ་ཆ་རེ་རེའི་སྤྱི་འཐུས་འོས་མི་ ༡༥ རེ་བདམས་ཡོད་འདུག
ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ཚེས་ ༢༧ དང་ ༢༨ ཉིན་གཉིས་རིང་འཚོགས་པའི་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣ པའི་སྐབས་སུ་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བའི་མི་འགྲོའི་ས་བོན་དང་སྐབས་བཅུ་བཞིའི་བཀའ་ཁྲིའི་འོས་དམིགས་ཀྱི་མི་འགྲོ་རྣམས་ཀྱི་མཚན་གཞུང་ཞེས་པ་གཉིས་བཏོན་པའི་ནང་། སྐབས་བཅུ་བཞི་བའི་བཀའ་ཁྲིའི་མཚན་གཞུང་ནང་། དང་པོ་ཨ་རིར་གནས་བཞུགས་ཁྲིམས་རྩོད་པ་བློ་བཟང་སེང་གེ་ལགས་དང་གཉིས་པ་ཨ་རིར་གནས་བཞུགས་བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། གསུམ་པ་ཧྥ་རན་སི་སྐུ་ཚབ་དོན་གཅོད་བཀའ་ཟུར་བཀྲ་ཤིས་དབང་འདུས་རྣམས་འོས་གྲངས་གཞིར་བཟུང་འབྱུང་འགྱུར་གྱི་བཀའ་ཁྲིའི་འོས་མིའི་ཁོངས་སུ་བདམས་འདུག
དེ་བཞིན་མདོ་སྟོད་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་མིའི་ཁོངས་སུ། ༡ བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག ༢ སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། ༣ བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས། ༤ གཞོན་ནུའི་དྲུང་ཆེ་དོན་གྲུབ་ལྷ་དར། ༥ སྤྱི་འཐུས་ལས་ཐོག་འབའ་པ་སྐལ་བཟང་རྒྱལ་མཚན། ༦ དབུས་གཞོན་ནུའི་ཚོགས་གཞོན་ཟུར་བ་བློ་བཟང་ཡེ་ཤེས། ༧ སྤྱི་འཐུས་ལས་ཐོག་ཆོས་སྐྱོང་དབང་ཕྱུག ༨ བོད་ཀྱི་བང་ཆེན་གསར་འགོད་པ་གངས་ལྷ་མོ། ༩ སྤྱི་འཐུས་ལས་ཐོག་དབུ་དཀར་ཚང་གཡུ་སྒྲོན། ༡༠ བོད་ཀྱི་དགུ་བཅུ་གསུམ་ཚོགས་གཙོ་ངག་དབང་འོད་འབར། ༡༡ གཞོན་ནུའི་དབུས་རྒྱུན་དཀོན་མཆོག་ཡར་འཕེལ། ༡༢ སྤྱི་ཟུར་པདྨ་བདེ་ལེགས། ༡༣ སྤྱི་འཐུས་ལས་ཐོག་བདེ་བ་ཚང་རྡོ་རྗེ་དབང་ཕྱུག ༡༤ རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས། ༡༥ རྩོམ་པ་བོ་སེར་སྨད་བློ་དགའ་བཅས་ཡིན་འདུག
མདོ་སྨད་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་མི། ༡ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས། ༢ ཆེད་ལས་ཉམས་ཞིབ་པ་ཀླུ་མཁར་བྱམས། ༣ སྤྱི་འཐུས་ལས་ཐོག་བསྟན་འཛིན་མགོན་པོ། ༤ སྤྱི་འཐུས་ལས་ཐོག་ཚེ་རིང་གཡུ་སྒྲོན། ༥ བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ། ༦ ས་རཱ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན། ༧ སྤྱི་འཐུས་ལས་ཐོག་རྒྱལ་རུང་ཟླ་བ་ཚེ་རིང་། ༨ ཤིང་བཟའ་རིན་པོ་ཆེ།(འོས་ཁོངས་ནས་དགོངས་པ་ཞུས) ༩ གངས་ལྗོངས་ཕོ་ཉའི་དྲ་ཚིགས་འགན་འཛིན་རྨོག་རུ་བསྟན་པ། ༡༠ རྩོམ་པ་བོ་མཁན་པོ་འཇུ་བསྟན་སྐྱོང་། ༡༡ སྤྱི་འཐུས་ལས་ཐོག་ཀིརྟི་སྒྲོལ་དཀར་ལྷ་མོ། ༡༢ ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས། ༡༣ ཆེད་ལས་རྩོམ་པ་བོ་གཟུངས་ཕྱུག་སྐྱིད། ༡༤ སྤྱི་ཟུར་བློ་བཟང་སྙན་གྲགས། ༡༥ སྤྱི་འཐུས་ལས་ཐོག་ཆབ་བྲག་ལྷ་མོ་སྐྱབས་བཅས་ཡིན་འདུག
དབུས་གཙང་ཆོལ་ཁོངས་ཀྱི་འོས་མི། ༡ སྤྱི་འཐུས་ལས་ཐོག་ཀརྨ་ཡེ་ཤེས་མཆོག ༢ མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་། ༣ སྤྱི་འཐུས་ལས་ཐོག་ཟླ་བ་ཕུན་སྐྱིད། ༤ དབུས་བུད་མེད་ཚོགས་གཙོ་ཟུར་བ་བུ་མོ་ཚེ་རིང་། ༥ སྤྱི་འཐུས་ལས་ཐོག་སྒྲོལ་མ་ཚེ་རིང་། ༦ བལ་ཡུལ་སྤོག་རའི་བསོད་ནམས་བཟང་པོ། ༧ ཆེད་ལས་ཉམས་ཞིབ་པ་འཇམ་དབྱངས་རྡོ་རྗེ། ༨ མང་གཙོ་ཚོགས་པའི་དྲུང་ཆེ་དབུས་ཕྲུག་ཚེ་རིང་།(འོས་ཁོངས་ནས་དགོངས་པ་ཞུས།) ༩ སྤྱི་འཐུས་ལས་ཐོག་ཚེ་བརྟེན་ནོར་བུ། ༡༠ སྤྱི་འཐུས་ལས་ཐོག་རྒྱལ་ནོར་ཚེ་དབང་། ༡༡ གཞོན་ནུའི་དབུས་རྒྱུན་ཟུར་བ་ཤེས་རབ་འོད་ཟེར། ༡༢ སྤྱི་འཐུས་ལས་ཐོག་ཡེ་ཤེས་ཕུན་ཚོགས། ༡༣ ཁྲིམས་རྩོད་པ་པ་སངས་ཚེ་དབང་། ༡༤ དགེ་རྒན་ཆེན་མོ་བ་ཐར་ལམ་སྒྲོལ་མ། ༡༥ སྤྱི་འཐུས་ལས་ཐོག་ངག་དབང་ལྷ་མོ་བཅས་ཡིན་འདུག
བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ལགས་ཀྱིས་ཐེངས་འདིའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣ པའི་སྐབས་སུ་དམིགས་བཀར་གྱིས་འབྱུང་འགྱུར་གྱི་བཀའ་སྤྱིའི་སྐོར་ལ་བགྲོ་གླེང་དང་ས་གནས་ཁག་གི་འཐུས་མི་རྣམས་ཀྱིས་ཁྱེར་ཡོང་བའི་འོས་མི་རྣམས། འདིར་འོས་སྒམ་དུ་བླུགས་ནས་འོས་ཐོབ་གཞིར་བཟུང་གྲངས་བཤེར་བྱས་ཏེ་ཕྱི་གསལ་ནང་གསལ་ཐོག སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་དང་སྐབས་བཅུ་བཞི་བའི་བཀའ་ཁྲིའི་འོས་མི་འདོན་ཐུབ་པ་བྱུང་ཡོད་ཅེས་དང་། ཡང་ཁོང་གིས་ཐེངས་འདིར་འོས་མིའི་སྔོན་འགྲོའི་ས་བོན་ནང་ཕེབས་པ་རྣམས་ལ་ང་ཚོས་བཏོན་པའི་འོས་ཁོསས་སུ་བཞུགས་མིན་ཐད་བཅར་འདྲི་ཞུ་རྒྱུ་དང་། ཆ་རྐྱེན་གཉིས་བཏོན་པ་ནི་མང་གཙོའི་འཕེལ་རིམ་ཐོག་གྲོས་ཚོགས་ནང་ཆ་རྐྱེན་གང་འདྲ་ཞིག་བཏོན་ནའང་། དེ་ལ་རྒྱབ་སྐྱོར་དགོས་པ་དང་། མ་འོངས་པར་མང་གཙོ་ཚོགས་པའི་མི་འགྲོ་གསར་བའི་སྐོར་ལ་ཚོགས་འདུ་བསྡུ་སྐོང་བྱ་ངེས་པས་དེ་དུས་ཚོགས་བཅར་ཞུ་དགོས་ཞེས་པ་དེ་གཉིས་ཡིན། དེ་ལྟར་བྱུང་ན་མང་གཙོ་ཚོགས་པ་དང་མི་འགྲོ་རྣམས་ཀྱི་བར་དུ་འབྲེལ་ལམ་འབྱུང་བསྡད་ཀྱི་རེད། གོང་གསལ་ཆ་རྐྱེན་གཉིས་ལ་མོས་མཐུན་ཡོད་ན་མཚན་རྟགས་རྒྱག་དགོས་ཀྱི་རེད་ལ། དེ་ལྟར་བྱུང་རྗེས་ཟླ་རྗེས་མའི་ཚེས་ ༡༥ ནས་ང་ཚོས་དྲིལ་བསྒྲགས་བྱེད་རྒྱུའི་མགོ་འཛུགས་ཀི་ཡིན་ཞེས་གསུངས་ཡོད།
ཚོགས་གཙོ་སྤེན་པ་ཚེ་རིང་འོས་གཞིའི་ནང་དུ་མེད་དོན་ཅི།
གསར་གཏོད་དང་མདུན་སྐྱོད་ཅི་ཡང་མི་ནུས་པའི་བཀྲས་རྣམ་དང་བཀྲ་དབང་གཉིས་ལ་སྤེན་ཚེ་ལས་ལྷག་པའི་ནུས་པ་གང་དག་ཡོད་དམ།
སྤྱིར་སྨྱོ་བཤད་གཟའ་བཤད་མང་ལ། སྒོས་སུ་ངེས་པར་འདོན་དགོས་པའི་གྲོས་ཆོད་དེ་ཆོལ་ཁའི་རྙོག་དྲར་ཨུ་ཚུག་བྱེད་པའི་སྤྱི་འཐུས་སྟན་འཛིན་མགོན་པོ་དང་གང་ཟག་བྱེ་བྲག་པའི་ཕྱོགས་སུ་ཕྱིན་ནས་གྲོས་ཚོགས་ལ་མཐོང་ཆུང་བྱེད་མཁན་གསེར་རྟ་ཚུལ་ཁནརིམས་དང་འབའ་སྐལ་བཟང་རྒྱ་མཚན་གསུམ་སྤྱི་འཐུས་འོས་གཞིར་གདམས་པ་དེས་ཁྲིམས་སྒྲིག་ལས་གང་ཟག་གཙོ་བའི་རྣམ་པ་ཕྱིར་མངོན་པ་མ་ཡིན་ནམ།
ཐོས་པ་དགའ་བཀའ་དྲིན་ཆེ། ཁྱེད་ཉིད་སྟོན་པའི་འོས་མི་འདི་དག་ངོ་མ་མི་ཚད་ལྡན་ཤ་སྟག་རེད་འདུག་ད་དུང་ཡང་། དྲྭ་གྲོགས་ཚོས་འོས་ཆོས་ཚང་པའི་མི་སྣ་རེ་ཡོད་ན་ངོ་སྤྲོད་བྱེད་རོགས། ད་ང་ཚོའི་སྐབས་ཅོ་ལྔ་པའི་སྤྱི་འཐོས་རྣམས་༸གོང༸ས་མཆོག་གི་དགོངས་པ་ལྟར་ཤར་སྤྱོད་བྱེད་མི་ཞིག་གདམ་ག་བྱེད་དགོས་ངོས་རེད།དྲང་བདེན་དང་ལྷག་བསམ་ཡོད་པ་ཞིག་ངེས་པར་དུ་ཐོན་ཐུབ་བྱེད་དགོས།དེ་མིན་རང་གི་འཚོ་བའི་ཆེད་ལས་འགུལ་ཁ་ལ་ཁྱེར་བས་རང་ཚུག་མི་བརྟན་པའི་མི་དག་ལ་ཞིབ་དཔྱོད་ནན་ཏན་བྱེད་དགོས།
འོ། ཐོས་དགའ་་ལ་རྒྱབ་སྐྱབ་ཡོད་ལ་འཇུ་ཆེན་བུ་མོ་ནི་དྲང་བདེན་ཞིག་ཡིན།།
ཐོག་མར་ངེ་དྲྭ་གྲོགས་ཡོངས་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་ཅོ་ལྔ་པའི་སྔོན་འགྲོའི་འོས་མི་སྟོན་པ་ལ་ངེའི་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབ་ཅིག་ང་རང་མདོ་སྟོད་ཁོངས་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་རྒྱུས་ཡོད་ཀྱི་འོས་གཞི་མི་གྲངས་བཞི་སྟོན་ཆོག་པར་ཞུ། ༡༽ སྤྱི་འཐོས་ལས་ཐོག་པ་སྨོན་ལམ་ཐར་ཕྱིན། ༢༽སྤྱི་འཐོས་ལས་ཐོག་འཇུ་ཆེན་བུ་མོ་དཀོན་ཆོག ༣༽ རུང་རྒྱས་ཨ་སྒྲགས་ཀྱི་ཚ་བོ་ཨ་ཀྲུག་ཚེ་རྟེན། ༤༽བོད་ཀྱི་བང་ཆེན་གསར་འགོད་པ་འཇམ་དབྱངས་བཟོད་པ། བཅས་ཡིན་པའི་འདི་དག་ཤིས་འཇོན་གཉིས་ལྡན་ཤ་སྟག་ཡིན་པས་གོང་གི་མང་གཙོ་ཚོགས་པའི་འོས་མི་ནང་རང་འདོད་སྒྲུབ་མཁན་གྱི་མི་འགའ་ཞིག་ཡོད་པ་དེ་དག་མིང་དོན་མི་དགོས་པར་བློ་གསལ་བ་རྣམས་ཀྱི་མི་རིགས་དང་རྒྱལ་ཁབས་ཀྱི་ཆེད་དུ་ཐུགས་གནང་ཡོད་པར་མཚལ།
ཐོག་མར་ངེ་དྲྭ་གྲོགས་ཡོངས་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་ཅོ་ལྔ་པའི་སྔོན་འགྲོའི་འོས་མི་སྟོན་པ་ལ་ངེའི་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབ་ཅིག་ང་རང་མདོ་སྟོད་ཁོངས་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་རྒྱུས་ཡོད་ཀྱི་འོས་གཞི་མི་གྲངས་བཞི་སྟོན་ཆོག་པར་ཞུ། ༡༽ སྤྱི་འཐོས་ལས་ཐོག་པ་སྨོན་ལམ་ཐར་ཕྱིན། ༢༽སྤྱི་འཐོས་ལས་ཐོག་འཇུ་ཆེན་བུ་མོ་དཀོན་ཆོག ༣༽ རུང་རྒྱས་ཨ་སྒྲགས་ཀྱི་ཚ་བོ་ཨ་ཀྲུག་ཚེ་རྟེན། ༤༽བོད་ཀྱི་བང་ཆེན་གསར་འགོད་པ་འཇམ་དབྱངས་བཟོད་པ། བཅས་ཡིན་པའི་འདི་དག་ཤིས་འཇོན་གཉིས་ལྡན་ཤ་སྟག་ཡིན་པས་གོང་གི་མང་གཙོ་ཚོགས་པའི་འོས་མི་ནང་རང་འདོད་སྒྲུབ་མཁན་གྱི་མི་འགའ་ཞིག་ཡོད་པ་དེ་དག་མིང་དོན་མི་དགོས་པར་བློ་གསལ་བ་རྣམས་ཀྱི་མི་རིགས་དང་རྒྱལ་ཁབས་ཀྱི་ཆེད་དུ་ཐུགས་གནང་ཡོད་པར་མཚལ།
བཀྲ་ཤིས་བདེ་ལེགས། ཚང་མའི་ཆབ་སྲིད་ལ་དོ་སྣང་གནང་བ་ལ་དགའ་འོས་ཞིག་ཡིན།།
དགོངས་དག མང་གཙོ་ཚོགས་པ་ལགས་ཞེས་ཀློག་རོག
མང་གཙོ་ཚོགས་ལ་ཁྱེད་རྣམས་ཀྱི་ཕྱག་ལས་ལ་རྒྱབ་བསྐྱོར་ཞུ། །བོད་ཀྱི་དུས་བབ་ཉག་ཕྲན་ཀྱི་དུས་འདིར་ཁྱེད་རྣམས་ཀྱི་མང་ཚོགས་ཀྱི་མདུན་སར་ཐོན་ནས་མི་མང་ལ་མང་གཙོའི་གོ་དོན་སོགས་ཆབ་སྲིད་ཀྱི་ལམ་སྟོན་མང་ཙམ་སྤེལ་ཐུབ་པ་ཡིན་ན་བཀའ་སྤྱིའི་འོས་འདུ་དྲང་བདེན་དང་ཚད་འཕེར་ཞིག་ཡོང་རྒྱུ་ངེས།
འོ་ཤིང་བཟའ་བླ་མ་ཟེར་བ་དེས་དགོངས་པ་ཞུས་པ་ཡག་པོ་རེད།གང་ཡིན་ཟེར་ན་༸གོང་༸་མཆོག་གི་གདན་ས་གཙོའི་མཁན་པོ་རྣམས་ལ་མིང་ངོས་འཛིན་ཐོག་གསལ་བྱེད་བྱས་འདུག་དེ་ལ་གནད་འགག་ཞིག་ཡོད་ཐག་ཆོད་ཡིན་པ་ར་སྤྲོད་བྱས་ཡོད་པ་ཤེས་དགོས་པ་ཞིག་རེད།
དྲ་ཚིག་འདིར་འདུས་པའི་བོད་རིགས་སྦུན་ཟླ་རྣམས་རང་ཉིད་བོད་ཡིན་པས་རང་གི་རང་ལ་གནོད་མ་སྐྱེས་རོགས།ཞེན་ཁོག་ལས་ནག་པའི་རང་ལ་གནོད་བྱེད་མེད།དྲང་བདེན་ཡོང་ཆེད་ཚང་མའི་ཐབས་ཤེས་བཟང་པོ་རེ་བཏོན་རོགས།
བཀའ་དྲིན་ཆེ་ལས་དཀའི་དབང་གིས་དེ་རིང་མི་ན་ལྟ་ཐུབ་མ་སོང་ཡིན་ན་ཡང་ཧ་ཅང་ལེགས་པོ་རེད་་་་་ཐུགས་རྗེ་ཆེ།
དམངས་གཙོ་ཚོགས་པའི་འོས་མི་འདི་དག་གི་ཁཽངས་སུ་རང་བཙན་གྱི་ལྟ་བ་ཡོད་མཁན་མང་པོ་འདུག དེ་ནི་ཚོགས་པ་རང་ཉིད་ཀྱི་ལང་ཕྱོགས་དང་མཐུན་པ་ཞིག་ཀྱང་རེད། སངས་རྒྱས་མིན་ཕྱིན་སྐྱོན་མེད་པའི་མི་ཞིག་སུ་ཡིས་རྙེད། དེ་བས་འུ་ཅག་གིས་ངན་དམོད་དང་ཟུར་ཟ་བྱེད་རྒྱུ་དོར་ནས་གནད་འགག་གི་དུས་ཚོད་འདི་དམ་འཛིན་གྱིས་སྤྱི་དོན་ལ་སྨན་པའི་བསམ་འཆར་འདོན་རྒྱུ་གལ་ཆེ།
ཨོ་ད་ཡང་རྩོད་གཞི་འགོ་བཙུགས་སོང་ག་འདྲ་སྒོ་ན། དཔྱོད་ལྡན་བློ་གཟིར་གནས་རྣམས་ཀྱིས་གསུང་དང་།
ཐུགས་རྗེ་ཆེ།
ལུང་རིགས་ལགས། དྲ་རྒྱ་ལ་ཚོད་འཛིན་བྱས་པར་བཀའ་དྲིན་ཆེ།
མང་གཙོ་ཚོགས་པ་ལགས། ད་་ད་དུང་ཡང་ཆོལ་ཁ་དང་ཆོས་ལུགས་ཀྱི་གྲིབ་ནག་འོག་ནས་ཆབ་སྲིད་ཀྱི་རྡོག་ལམ་འཚོལ་གིན་ཡོད་ན། ད་ང་ཚོའི་མང་གཙོ་ལ་རེ་བ་ཆེན་པོ་ཡོད་རྒྱུ་མ་རེད། ཆབ་སྲིད་ཚོགས་པ་ཞིག་གི་མིང་འཁུར་ཐུབ་ན། དོན་གྱི་ཐོག་ནས་ཀྱང་དེ་མཚུངས་ཀྱི་ལས་ཀ་ཞིག་གཉེར་ཐུབ་ན་བཟང་གི་འདོད།
ཨ ཨ ཨ ད་ངོ་མ་ཁ་ཏའི་སྐྱག་ཚང་ནང་ལ་རྡོ་བཞུས་པ་འདྲ་ཞིག་འདུག ཧ ཧ ཧ ཧ མང་གཙོ་ཟེར་ན་ད་ངོ་མ་ར་ལངས་བྱ་ལངས་འདི་འདྲ་ཞིག་ཡིན་ནམ།།།།།
དྲྭ་བདག་ལགས། བཀའ་དྲིན་ཆེ།
ཐུགས་རྗེ་ཆེ། ཡག་པོ་ཞེ་དྲག་རེད།
དྲ་ངོས་འདིར་འགན་མི་འཁྱེར་བའི་མཆན་འདེབས་མཁན་དང་། གནས་ལུགས་རྒྱུ་མཚན་གསལ་བོ་མེད་པར་གཞན་ལ་ཟུར་ཟ་བྱེད་མཁན། གཞན་གྱི་དངོས་མིང་དང་སྨྱུག་མིང་སྤྱད་ནས་མཆན་འདེབས་མཁན་རྣམས་རིམ་པར་སྒོ་རྒྱག་གི་ཡོད།
དེ་རིང་མི་སྐོར་ཞིག་གཏན་དུ་བཀག་ཡོད། གཞན་གྱི་དངོས་མིང་དང་སྨྱུག་མིང་སོགས་མིན་པར། སོ་སོའི་ཐོ་མིང་དེ་སླར་ཡང་དགོས་ན་རྗེས་ཕྱོགས་གང་འདོད་དུ་མཆན་མི་འགོད་པའི་ཁས་ལེན་དང་བཅས་ editor@tibettimes.net ནང་དུ་ཡིག་འབྲེལ་བྱོས་དང་། འདི་ནས་ལྟ་ཞིབ་དང་བཅས་སླར་ཡང་སྒོ་ཕྱེ་ཆོག
དེ་བཞིན་དྲ་གྲོགས་རྣམ་པས་ཀྱང་། གལ་སྲིད་མི་ཞིག་གིས་དོན་མེད་སྡིགས་ར་དང་བསུན་པོ་བཟོ་བ། བརྙས་གཙེར་བ། དབྱེན་སློང་བ། དེ་བཞིན་ཚད་ལྡན་དང་ཚུལ་མཐུན་མིན་པའི་བྱ་སྤྱོད་སྤེལ་རིགས་ཡོད་ན། གོང་གསལ་གློག་འཕྲིན་ཁ་བྱང་བརྒྱུད་ནས་དུས་ཐོག་གཏུགས་བཤེར་བྱས་ན་འདི་ནས་ཕ་རོལ་བོ་དེར་ཞིབ་བཤེར་དང་བཅས་ཚོད་འཛིན་བྱ་ངེས་ཡིན།
དུས་བབ་རྩོམ་སྒྲིག་པས།
གསང་གཏོར་ཟེར་བ་འདི་ར་བཟི་བ་འདྲ། ཀོང་པོ་ཁམས་ཡིན་པའི་འདས་པའི་བྱུང་རབས་ལོ་རྒྱུས་ཤིག་གང་ན་ཡོད། ད་འཆོལ་འདུག་ངོ་མ་འཆོལ་འདུག གཉིས་ནས་ད་ལྟའི་དུས་སུ་ཀོང་པོ་ཁམས་ཡིན་མིན་དེ་སུས་ཀྱང་རྩད་དགོས་དོན་མེད། དེ་གཞིས་བཞུགས་ཀོང་པོ་མི་དམངས་དང་ལོ་རྒྱུས་ཀྱིས་ར་སྤྲོད་བྱེད་ཀྱི་ཡོད།
ཨོ་ད་དུང་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་བཀའ་ཁྲིའི་འོས་མིག་ནང་ན་མེད་ན་ཡང་མདོ་སྟོད་སྤྱི་འཐུས་ཁོངས་སུ་ངེས་པར་དུ་བསྡམ་ན་དགེ་མཚན་ཆེ། ཁོང་འདྲ་བའི་ཤེས་འཇོན་དང་ལྷག་བསམ་སྙིང་སྟོབས་ཡོད་པ་གཞན་བཙལ་དཀའ་བ་ཞིག་རེད།
དྲང་བདེན་གྱིས་བསམ་བློ་གཏོང་རོགས་། གངས་ཅན་པ། གངས་ཅན་པ། གངས་ཅན་པ། གངས་ཅན་པ། གངས་ཅན་པ། གངས་ཅན་པ། གངས་ཅན་པ། གངས་ཅན་པ། གངས་ཅན་པ།
གང་ཞིག་བདམས་པ་དེ་མང་གཙོ་ཚོགས་པའི་ལས་ཁུངས་ནས་བདམས་པ་ཞིག་གཏན་ནས་མ་རེད། དེ་མི་དམངས་ཀྱིས་རང་སོ་སོའི་དབང་ཚད་བེད་སྤྱད་ནས་བདམས་པ་རེད།
ཡག་ཉེས་ཅི་ཞིག་ཡོད་ཀྱང་ང་ཚོའི་མི་དམངས་ཀྱི་ཆབ་སྲིད་གོ་རྟོགས་དང་། སྤྱི་ཚོགས་ནང་ཐུགས་སྣང་ཡོད་མེད་ལ་ཐུག་ཡོད།
ལུང་རིགས་ལགས། མང་གཙོ་ཚོགས་པའི་བཀའ་ཁྲིའི་འོས་མིག་ནང་བཀའ་ཟུར་བཀྲ་ཤིས་དབང་འདུས་འགན་འཛིན་ལྷན་ཚོགས་སྟེང་ནས་བཞག་པ་མ་རེད། ས་གནས་ཁག་གི་མང་གཙོ་ཚོགས་པའི་འཐུས་མི་རྣམས་ཀྱིས་འོས་འཕེན་པ་དེ་སླེབས་པ་རེད། བཀའ་ཟུར་ཁོང་ཉིད་དགོངས་ཞུ་གནང་བ་ཡོངས་གྲགས་རེད། ཚོགས་ཐོག་དུ་ཡང་དེའི་སྐོར་སླེབས་སོང་། འོན་ཀྱང་ཁོང་མི་དམངས་ཀྱི་བདམས་པ་ཡིན་དུས་འོས་མིག་ནས་ཕྱིར་འདོན་རྒྱུའི་དབང་ཚད་མེད་པ་རེད།
བུ་མོ་ཚེ་རིང་ཟེར་བ་འདི་ཁམས་པ་རེད་མ་གཏོགས་དབུས་གཙང་མ་རེད།་ནོ་བ་རེད།་མོ་རང་ཕ་ཡུལ་ཀོང་པོ་ཡིན་པ་ཧ་གོ་གི་ཡོད་ཚོད་རེད།
མི་ནག་ཚང་ལུང་རིགས་རྒྱལ་ལགས་ཁྱེད་ཡག་ཉེས་བོད་ལ་ཨེ་དགའ་སྙམ།
མང་གཙོ་ཚོགས་པའི་ལམ་སྟོན་ལྟར་ཡིན། དེ་ལས་ཟབ་པ་ཞིག་མི་ཁ་ཤས་མཚན་ཕུལ་ན་འདི་བཞིན་ཡིན།།
༡ བསྟན་པའི་སྒྲོན་མེ་མཆོག་སྤྲུལ་ཨོ་རྒྱན་སྟོབས་རྒྱལ་ལགས་དང་
༢ དཔའ་མཛངས་ལྡན་པའི་འཇུ་ཆེན་དཀོན་མཆོག
༣ མཁས་དབང་ཀརྨ་ཆོས་འཕེལ།
༤ ལ་རྒྱ་ཅན་བསྟན་འཛིན་མགོན་པོ་བཅས་ཁོང་རྣམས་ནི་རང་གི་དོན་བཞག་ནས་སྤྱི་པའི་ཕྱག་ལས་གནང་མཁན་ཞིག་ཡིན།