མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཆན་ཐུང་ངུ་ཞིག རྩོམ་སྒྲིག་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༧༩ སྟེང་གི་རྩོམ་སྒྲིག་པའི་གཏམ།

བར་སྐབས་ཤིག་ནས་བཙན་བྱོལ་བོད་མི་ཚོས་མཉམ་འབྲེལ་རྒྱལ་ཚོགས་བློས་བཏང་སོང་། བློས་གཏོང་དོན་ནི་རྒྱལ་ཚོགས་ལ་རེ་བ་མེད་པའི་རྐྱེན་གྱིས་ཡིན་ལུགས་བགྲང་། རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྟེང་ལ་བོད་དོན་གྲོས་ཆོད་འཇོག་པ་དང་རྒྱ་ནག་ལ་རྒོལ་བའི་རིགས་ནི་ཕན་ཐོགས་མེད་པ་ཞིག་ཏུ་བརྩིས་ཤིང་། བོད་མིའི་ཕྱོགས་ནས་སྙན་ཐོ་འདོན་གི་མིན་པར་བཤད།

དེའི་རྗེས་ཤིག་ནས་བཙན་བྱོལ་བོད་མི་ཚོས་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱང་བློས་གཏོང་བྱེད་མགོ་བརྩམས། ཁོང་ཚོ་བློས་གཏོང་དོན་གཙོ་བོ་ཞིག་ནི་བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་དབང་གིས་ཡིན། འཐབ་རྩོད་ཀྱི་འབོད་ཚིག་སྒྲོག་སྟངས་ཚུན་ལ་སྟངས་འཛིན་བྱས། དེ་ལ་བརྟེན་ནས་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་མང་པོ་ཞིག་ནི་བཙན་བྱོལ་བོད་གཞུང་གི་གནང་སྟངས་ལ་སྐད་ཤོར་མགོ་བཙུགས། ཁོང་ཚོས་བཙན་བྱོལ་བོད་མིའི་དཔོན་རིགས་ཚོ་པེ་ཅིན་གྱི་མགོ་སྐོར་འོག་ལ་ཚུད་སོང་བར་བཤད།

འདི་དག་ནི་ཉེ་རབས་ཀྱི་བྱུང་བ་སྟེ། འདས་པའི་ལོ་བཅུའི་རིང་གི་མིག་མཐོང་ལག་ཟིན་གྱི་གནས་ཚུལ་རིགས་ཡིན། སྐབས་དེ་ཙམ་ཞིག་ལ་རྒྱ་ནག་གིས་ངྷ་ས་དང་པེ་ཅིན་བར་གྱི་འཐབ་རྩོད་འདི་ནི་བསམ་བློའི་དྲིལ་བསྒྲགས་བར་ནས་གཏིང་ཐག་གཅོད་དགོས་པའི་འཐབ་རྩོད་ཅིག་ཡིན་པར་བསྒྲགས།

རིམ་བཞིན་རྒྱ་ནག་གི་རྒྱུ་ཤུགས་ནི་མངོན་གསལ་དོད་པོའི་སྒོ་ནས་ཇེ་ཆེར་གྱུར། རྒྱུ་ཤུགས་ཁྱེར་ནས་དབང་ཤུགས་ཀྱང་ཉོས། མཐའ་མ་དེར་ང་ཚོར་བློ་དོགས་ཆེན་པོ་ཞིག་སྐྱེས་བཞིན་ཡོད་ལ། དེ་ནི་རྒྱ་ནག་གི་དབང་ཤུགས་འོག་ནས་ཐ་ན་༧གོང་ས་མཆོག་གི་རྒྱལ་སྤྱིའི་མགྲོན་ལམ་མང་པོ་ཞིག་འགག་པར་འདོད་པ་དེ་ཡིན། བཀའ་ཁྲི་མཆོག་གིས་ཉིན་ཤས་གོང་གནས་ཚུལ་འདི་ཉེན་བརྡའི་ཚུལ་གྱིས་ཨེ་ཤ་ཡའི་བོད་དོན་རྒྱབ་སྐྱོར་པ་རྣམས་ལ་གསུངས་ཤིང་། བོད་དོན་རྒྱབ་སྐྱོར་བ་རྣམས་ནི་ང་ཚོའི་སྐྱབས་རེ་ས་བཞི་པ་དེ་ཡིན་སྐོར་གསལ་འདེབས་ཀྱང་བྱས།

རྒྱ་ནག་གིས་སྔ་མོ་ནས་ཐབས་ལམ་སྣ་མང་སྤྱད་ནས་༧གོང་ས་མཆོག་གི་ཕེབས་ལམ་ག་ས་གང་ནས་འགོག་གིན་ཡོད། ༧གོང་ས་མཆོག་གི་མཚན་སྙན་ཤིན་ཏུ་རྒྱས་པའི་ད་ལྟའི་སྐབས་འདིར་ཡང་མགྲོན་ལམ་མང་པོ་ཞིག་ཕྱེ་ཐུབ་མེད། དེའི་ནང་དུ་ཐ་ན་དུས་རབས་མང་པོར་བོད་དང་འབྲེལ་བ་ཡོད་མཁན་དང་། བོད་དང་ཆོས་རིག་གི་འབྲེལ་བ་ཡོད་མཁན་ཡང་ཡོད།

རྒྱ་ནག་གིས་འདི་དག་ནི་དྲིལ་བསྒྲགས་དང་རྒྱལ་སྤྱིའི་འབྲེལ་བའི་འཐབ་བྱུས་ལ་ཐུག་ཡོད་ཚུལ་བཤད་ནའང་། ང་ཚོར་ཐ་ན་དེའི་སྐོར་ལ་ད་དུང་ཡང་ཡིད་ཆེས་མེད་པ་ལྟར་དུ་གྱུར་ཅིང་། སྔོན་ཆད་ཡོད་བསྡད་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ལའང་ང་རང་ཚོའི་ངོས་ནས་ཕྱི་ཐག་ཐུང་ཞིང་། ཤེས་འཇོན་གྱིས་མ་ལྕོགས་པའི་རྣམ་འགྱུར་བསྟན་ཡོད། དེས་ན་ང་ཚོས་རྒྱ་ནག་མཉམ་དུ་ཞི་མོལ་ཡོང་མིན་གཅིག་པུར་བློ་རིག་སྒྲིམ་ནས་མི་འདུག་པར། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་རྒྱལ་སྤྱིའི་འབྲེལ་བ་གོང་མཐོར་གཏོང་ཐབས་དང་། བོད་དོན་རྒྱབ་སྐྱོར་བ་སྔར་ལས་ཇེ་མང་དུ་གཏོང་ཐབས་ལ་འབད་པར་རིགས་སོ།།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

ཆུ་ཚོད་ ༡༩ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

ཆུ་ཚོད་ ༢༠ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

ཆུ་ཚོད་ ༢༠ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

ཆུ་ཚོད་ ༢༡ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

༢༠༢༦/༠༨/༣༡

མཆན། 3

  1. karma dorje says:
    ལོ་ 16 སྔོན།

    མཉམ་འབྲེལ་རྒྱལ་ཚོགས་ལ་རེ་སེམས། རྒྱབ་སྐྱོར་ཚོགས་པར་རེ་བཅོལ། བོད་དོན་དེ་ཕྱོགས་གང་ས་ནས་སྒྲུབ་དགོས་བགྱིད་འདུག ད་དུང་ཐབས་ཤེས་གསར་པ་ཡང་འཚོལ་དགོས།

    Reply
  2. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པའི་གཏམ་འདི་བཀླགས་པ་ཡིན།

    རྩོམ་སྒྲིག་པའི་གཏམ་འདི་ཀློག་སྐབས་བཀའ་ཤག་གི་ཁོར་ཡུག་བསྐྲུན་པའི་སྲིད་བྱུས་ཟེར་བ་དེ་དྲན་ཡོང་གི་འདུག

    ༡ དེ་ཡང་སྲིད་བྱུས་འདིའི་འོག་ནས་རྒྱལ་སྤྱིར་བོད་དོན་གླེང་སློང་བྱེད་ཤུགས་ཆུང་དུ་བཏང་བ་དང་གཅིག
    ༢ མི་རིགས་ས་གནས་རང་སྐྱོང་གི་ཐོག་བསྐྱོད་དེ་བོད་དོན་ཟེར་བ་དེ་རིག་གཞུང་དང་། བོད་རིགས་ཅེས་པའི་མི་རིགས་བྱེ་བྲག་པ་གཉིས་ཀྱི་གནད་དོན་དུ་བསྒྱུར་ཏེ་རྒྱ་བོད་ཀྱི་འཐབ་རྩོད་ཟེར་བ་འཛུབ་མོ་འཛུགས་ཡུལ་མེད་པ་བཟོས་པ་དང་གཉིས།

    ༣ དེ་འདྲའི་རེ་འདུན་ལ་བདག་སྤྲོད་བྱུང་ན་༸གོང་ས་མཆོག་གི་མཐུན་འགྱུར་བེད་སྤྱོད་བྱས་ཏེ་བོད་མི་མང་གིས་ཁས་ལེན་དགོས་པ་བྱེད་རྒྱུ་བྱས་པ་དང་གསུམ།

    ༤ རྒྱལ་སྤྱི་དང་། བཙན་བྱོལ་ནང་གི་རང་བཙན་འཐབ་རྩོད་པ་རྣམས་ལ་དབུ་མའི་ལམ་ཁས་མི་ལེན་མཁན་ཟེར་བ་དང་། ༸གོང་ས་མཆོག་གི་བཀའ་མི་སྒྲུབ་མཁན་ཟེར་བའི་བརྗོད་བབ་འོག་མནན་ཏེ་ནུས་མེད་བཟོས་པ་དང་བཞི།

    ༥ བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་པ་དང་། ད་ལྟའི་རྒྱ་ནག་གི་ཁྲིམས་ལུགས་ལ་ཁས་ལེན་བྱེད་ཀྱི་ཡོད་པའི་འོག་ནས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྲོ་ལུགས་བཞིན་༼རྣམ་དཔྱོད་ལྡན་པའི་བཙོན་པའི༽གནས་བབ་ནས་༼ཁྲིམས་འགལ་བར་༽གྱུར་ཏེ་བདག་སྤྲོད་བྱེད་ཡུལ་མེད་པ་ཆགས་པ་སྟེ་ཕྱོགས་གཉིས་ཀྱི་རྩོད་གཞིའི་ངོས་ནས་ཁས་ལེན་མི་བྱེད་ཀ་མེད་ཀྱི་གནས་བབ་ཏུ་བཏང་བ་དང་ལྡ།

    འདི་ཚོ་དྲན་ཡོང་དུས་བོད་ཀྱི་མ་འོངས་མི་རབས་ལ་ཚོད་དཔག་གི་ལམ་ནས་མཐོང་ཆུང་བྱས་པ་དེ་ཐལ་དྲག་འདུག་སེམས།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བོད་མི་རིགས་འདི་རྒྱ་ནག་དམར་པོའི་རྩ་ཁྲིམས་འོག་ཏུ་མཉམ་གནས་བྱ་རྒྱུ་ཡིན་ཞེས་པའི་ལམ་ལུགས་འདི་བཙན་བྱོལ་བོད་གཞུང་གིས་ལག་ལེན་སྟར་བ་ནས་བཟུང་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་རྒྱལ་ཞེན་པ་དག་ལ་རྩོད་གཞི་མེད་པར་གྱུར་བ་རེད།

    རྒྱ་ནག་གི་ཤུགས་རྐྱེན་དང་དྲན་ཐོ་ཡི་བརྗོད་བྱ་དང་མཐུན་པའི་བོད་དོན་སྒྲུབ་སྐབས་སུ་བོད་ཀྱི་རྒྱལ་དར་འདི་འཛམ་གླིང་ཐོག་ཏུ་བེད་མེད་གྱུར་ཡོད། དེར་བརྟེན་ཧྥེ་རན་སི་ཡི་གྲོས་ཚོགས་འཐུས་མི་ཁ་ཅིག་གིས་ད་ལོར་ནས་བཟུང་ཧྥེ་རན་སིའི་ནང་དུ་བོད་ཀྱི་རྒྱལ་དར་མི་འཛུགས་པའི་འབད་བསྐུལ་ཞུས་ཡོད་པར་རེད།

    འདན་མག་སྲིད་གཞུང་གིས་བོད་་འདི་རྒྱ་ནག་གི་ཆ་ཤས་ཡིན་པའི་ཡིག་ཆ་ཁྱབ་བསྒྲགས་བྱས་པ་དང་བལ་ཡུལ་གཞུང་གིས་བོད་འདི་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་མངའ་ཁུངས་ཡིན་པ་གཞུང་གི་སློབ་དེབ་ནང་དུ་བཀོད་བཞིན་ཡོད་རབ་འདུག

    ཁ་ཞེ་གཉིས་མེད་ཀྱི་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་ཏུ་མི་ཚེ་སྐྱེལ་འདོད་ཡོད་པའི་བོད་མི་སུ་ཡང་མེད་བཞིན་དུ་ཨུ་ཚུགས་ཀྱི་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་ཏུ་མཉམ་གནས་བྱེད་རྒྱུ་ཡིན་ཞེས་པ་འདི་ནི་བོད་མིའི་མངོན་འདོད་དང་མཐུན་གྱི་མེད།

    རྒྱ་ནག་གི་རྩ་ཁྲིམས་ནི་ང་ཚོའི་དགྲ་མ་ཡིན།
    རྒྱ་མི་རིགས་ནི་དགྲ་མ་ཡིན།

    འོ་ན་ང་ཚོའི་དགྲ་བོ་གང་རེད་དམ། ང་ཚོའི་རྩོད་གཞི་གང་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese