ཨོ་སི་ཊི་ལི་ཡའི་ནང་བོད་སྐད་ཀྱི་རླུང་འཕྲིན་ཁང་ཞིག་གསར་འཛུགས་གནང་སྟེ་བོད་མིའི་བསམ་ཚུལ་དང་མངོན་འདོད་བརྗོད་སའི་སྡིངས་ཆ་གསར་བ་ཞིག་བསྐྲུན་ཡོད་ཟེར།
འདས་པའི་མི་ལོ་ལྔ་བཅུའི་རིང་བོད་མི་ཚོ་འཛམ་གླིང་ཡུལ་གྲུ་གང་སར་སྐྱབས་བཅོལ་ཏུ་ཕེབས་ཡོད་པ་ལྟར། ཨོ་སི་ཊི་ལི་ཡའི་ནང་བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་ཡོང་ཡོད་པ་དང་། ལོ་རེ་བཞིན་ཨོ་སི་ཊི་ལི་ཡ་གཞུང་གི་རོགས་སྐྱོར་འོག་ཆབ་སྲིད་བཙོན་ཟུར་བརྒྱ་རེ་མུ་མཐུད་ལེན་གི་ཡོད་སྟབས། ཡུལ་དེ་ནི་བོད་པ་སྐྱབས་བཅོལ་བ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་པ་རེད། ཉེ་ཆར་ཨོ་སི་ཊི་ལི་ཡའི་རྒྱལ་ས་སེ་ཌེ་ནེ་རུ་རྟེན་གཞི་བྱས་པའི་ས་གནས་འཕྲོད་བསྟེན་ཞབས་ཞུ་བསྟི་གནས་ཁང་དང་འབྲེལ་ཡོད་བོད་ཀྱི་ལས་ཁུངས་གསུམ་གྱི་སྣེ་འཁྲིད་འོག་ས་གནས་བོད་ཀྱི་རླུང་འཕྲིན་ཁང་ཞིག་གསར་འཛུགས་གནང་ཡོད་འདུག རླུང་འཕྲིན་ཁང་འདི་གསར་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་ནི། ཨོ་སི་ཊི་ལི་ཡར་གནས་སྡོད་བཙན་བྱོལ་བོད་མི་ཚོས་རྒྱབ་ཁབ་དེ་ཉིད་ཀྱི་ཁྲིམས་དང་སྒྲིག་གཞི། འཕྲོད་བསྟེན། ཁོར་ཡུག་གི་གནས་སྟངས། སྤྱི་ཚོགས་ཀྱི་ལམ་སྲོལ་སོགས་བོད་སྐད་ཀྱི་ལམ་ནས་མི་མང་ལ་ཤེས་རྟོགས་བྱ་ཆེད་དང་། དེ་བཞིན་རླུང་འཕྲིན་བརྒྱུད་མི་མང་གི་བསམ་ཚུལ་དང་མངོན་འདོད་སོགས་བརྗོད་སའི་སྡིངས་ཆ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་རེད།
ད་ལྟའི་ཆར་ལས་བྱེད་མི་སྣ་ཡོངས་དང་བླངས་ཀྱི་ཐོག་ནས་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་ཡིན་འདུག་ལ། རླུང་འཕྲིན་མཁོ་གཏོང་གི་ཡུལ་གྲུ་གཙོ་བོ་རྒྱལ་ས་སེ་ཌེ་ནེ་ཉེ་འཁོར་གྱི་བོད་རིགས་ཚོ་ཡིན་འདུག་ལ། བདུན་ཕྲག་རེའི་རེས་གཟའ་ཕུར་བུའི་ཕྱི་དྲོའི་ཆུ་ཚོད ༤ ནས་ཆུ་ཚོད་ ༤ དང་ཕྱེད་ཀ་དང་། རེས་གཟའ་ཉི་མ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༤ དང་ཕྱེད་ཀ་ནས་ཆུ་ཚོད་ ༥ བར་བོད་ཀྱི་དྲ་གནས་སུ་བཀོད་ཟིན་པའི་བོད་དོན་དང་འབྲེལ་བའི་གསར་འགྱུར་དང་འབྲེལ་ཨོ་སི་ཊི་ལི་ཡའི་ནང་གི་བོད་མིའི་འཚོ་བའི་གནས་སྟངས་དང་ཆོས་དང་རིག་གཞུང་ངོ་སྤྲོད་སོགས་ཀྱི་ལེ་ཚན་གོ་སྒྲིག་བྱས་ཏེ་རྒྱང་སྲིང་བྱ་འཆར་ཡོད་པ་རེད།
སི་ནིའི་བྱང་ཕྱོགས་ས་ཁུལ་དུ་ཡོད་པའི་བོད་རིགས་མཐུན་ཚོགས་ཀྱི་རླུང་འཕྲིན་འདིར་ད་ལྟའི་ཆར་དྲ་རྒྱ་མེད་ལ་དེ་ཙམ་གྱི་རྒྱང་རིང་དུ་ཡང་གཏོང་ཐུབ་ཀྱི་མེད། ད་ལྟའི་ཆར་རླུང་འཕྲིན་འདིའི་དམིགས་ཡུལ་ནི་ས་གནས་འདི་ཡོད་པའི་བོད་རིགས་དང་མ་ཟད་ས་གནས་འདི་གསར་དུ་འཕེབས་མི་རྣམས་པར་ས་གནས་འདིའི་ཡུལ་སྲོལ་དང་ཆབ་སྲིད་སོགས་རང་སྐད་ཐོག་ནས་ངོ་སྤྲོད་བྱ་རྒྱུར་དམིགས་པ་ཞིག་ཡིན། འོན་ཀྱང་ད་ཡོད་ཀྱི་རླུང་འཕྲིན་འདི་ནི་འགོ་བཙུགས་ཙམ་ཡིན་པས་མ་འོངས་པར་རྒྱ་གང་ཆེར་གཏང་ཏེ་བོད་ཀྱི་སྐད་ཡིག་དང་ཆབ་སྲིད་སོགས་ལ་ཕན་རླབས་ཡོང་བའི་རེ་བ་དང་འབད་བརྩོན་བྱ་བཞིན་ཡོད། ད་དུང་ས་གནས་འདིར་ཟླ་རེའི་བོད་ཡིག་དུས་དེབ་ཅིག་ཀྱང་ཡོད་པས་དེ་ཁྱེད་རྣམས་པས་དེ་གཟིགས་མྱོང་ངམ་། དུས་དེབ་དེའི་མིང་ལ་༼རྒྱང་འབོད་༽འབོད་ཀྱི་ཡོད།
རླུང་འཕྲིན་ཁང་གསར་འཛུགས་འདི་ནི་སྙྀང་ཐག་པ་ནས་དགའ་སྤོབ་འོས་གཞི་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།
དེའི་རྒྱུ་མཚན་ནི་གངས་ཅན་པའི་གནས་བབ་གང་ཅིའི་ཐད་ནས་མངོན་མེད་གྱུར་དང་གྱུར་བཞིན་པ་མཐོང་གསལ་རེད།
ག་དུས་ཡིན་ནའང་ང་ཚོའི་གནས་འཐབ་རྩོད་འདིས་འགན་འཁྲི་གཙོ་བོ་བོད་ཀྱི་བླ་ན་མེད་པའི་་་་༧་གོང་ས་མཆོག་དང་
བོད་ནང་གི་གཞིས་ལུས་སྤུན་ཟླ་གཉིས་མེད་ན་ཧ་ཅང་གི་ལྷིང་འཇགས་གེ་་ངང་ལྷག་འདུག་གི་མེད་དམ་བསྙམ་པའི་དོགས་པ་ཡོང་གི་འདུག
ད་དུང་བོད་ཀྱི་གནད་དོན་ཁག་ཀྱང་མི་རིགས་ཀྱི་འཆམ་མཐུན་ཚུད་ཆད་ནས་ཚོགས་པ་ཁག་མང་པོ་དགོས་ཀྱི་འདུད་ལ་
ཚོགས་པ་རྣམས་ཀྱིས་བོད་ཡོད་དོ་ཅག་ཆིག་སྒྲིལ་ཡོང་ཐབས་ཀྱི་དྲིལ་བསྒྲགས་ཀྱང་ངེས་པར་དགོས་ངེས་རེད་
འཆམ་མཐུན་སྟོབས་ཤུགས་མེད་ན་ང་ཚོའི་ནུས་པ་འདོན་ཐུབ་ཀྱི་མེད་པ་ཡང་ཤེས་དགོས་ངེས་རེད།
དེའི་ཕྱིར་ཚོགས་པ་ག་ཚད་གསར་པ་དང་རྙིང་པ་ཡིན་མི་རིགས་སྤྱིའི་བདེ་སྡུག་རྟོགས་ཐུབ་པ་
འགན་ལེན་ཐུབ་པ་སོགས་མཁས་དབང་རྣམས་པས་ནུས་པ་གསར་བསྟོན་དང་ཉམས་པ་སླར་གསོ་སོགས་གང་ལྟར་སྟོབས་དང་ནུས་པ་གང་གི་བོད་ཀྱི་བདེ་རྩ་ལ་ཕན་ཐོག་གི་འདུག་མིན་བཅས་ལ་སེམས་ཁུར་ཡོད་པར་སྙིང་ནས་ཞུ་བཞིན་
གཏན་ལ་གོ་རིམས་དང་ཚིག་ལ་དག་ཆ་མེད་ཀྱང་་་་བསམ་ཚུལ་ཞིག་ཤར་མར་ཞུས་ནས་བཞུུད་སོང་ཡིན་་་་
བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད་
སྤོབས་པ་མཐའ་ཡས་ལགས།
མན་ངག་ཟབ་མོ་སྙིང་ལ་བཅངས་ཡོད།
བྱ་ཚིག་གི་འགྲོ་སྟངས་དེ་རིགས་རྟགས་འཇུག་གི་གཞུང་དང་བསྟུན་དགོས་པ་བདེན་ལ།
ཐག་མི་ཆོད་པའི་འགྲོ་ལུགས་མང་པོ་ཞིག་དེང་སྐབས་ཐག་གཅོད་བྱེད་མཁན་མེད་པར་གྱུར་འདུག་སྙམ།
བསེ་རུ་ལགས ཁྱོད་བོད་ཡིག་སྦྱོང་གིན་ཡོད་སྟབས། ངས་གང་ཤེས་པ་དེ་ངོ་སྤྲོད་བྱས་ཆོག
ཟེར་བ་དེ་དེ་ཙམ་བདེ་བོ་མི་འདུག ཁྱོད་ཀྱིས་བོད་ཡིག་སྦྱོང་གིན་ཡོད་སྟབས། ངས་གང་ཤེས་པ་དེ་ཁྱོད་ལ་ངོ་སྤྲོད་བྱེད་ཆོག ཡང་ན། ངས་གང་ཤེས་པ་དེ་ཁྱོད་ལ་ངོ་སྤྲོད་བྱ་ཆོག ཟེར་དགོས་པ་མ་རེད་དམ། བྱས་ཆོག་ཟེར་བ་འདི་ཡག་པོ་ཞིག་མ་རེད། བྱས་ནི་འདས་པ་ཡིན། ཁྱོད་ཀྱིས་ངོ་སྤྲོད་བྱེད་བཞིན་པའམ་བྱ་བར་འགྱུར་བ་གང་རུང་ཡིན་དགོས་པ་ལས་བྱས་ཟིན་པ་མ་ཡིན་པའི་ཕྱིར་ན་ངོ་སྤྲོད་བྱས་ཆོག་ཟེར་བ་དེ་རྟགས་ཀྱི་འཇུག་པའི་གཞུང་དང་མི་མཐུན་པ་འདྲ།
དེ་རིང་ང་དྲ་ཐོག་ཏུ་མྱུལ་བའི་དུས་ཚོད་ཡིན་སྟབས། ཡང་ཡང་དྲ་ངོས་ཁག་ཏུ་རྩོམ་རིགས་དང་གསར་འགྱུར་ཁག་ལྟ་ཀློག་བྱས་ཏེ་གནས་ཡོད། སླར་ཡང་རིག་པ་ཞིག་མི་འདོན་ཀ་མེད་དུ་གྱུར་སོང་།
མཁས་དབང་བློ་བཟང་ཐུབ་བསྟན་ལགས།
སྐུ་ཉིད་ལ་ཕན་ཐོགས་བྱུང་ཡོད་ན་ངའི་ལས་འགན་ཡང་འགྲུབ་པ་རེད་སྙམ།
ཡང་བསྐྱར་ཡིག་ནོར་ཤོར་འདུག ཁྱོད་བོད་ཡིག་སྦྱོང་གིན་ཡོད་སྟབས། ངས་གང་ཤེས་པ་དེ་ངོ་སྤྲོད་བྱས་ཆོག
མ་དག་པ། དག་པ།
དངོས་ནི། དངོས་གནས།
ཕན་ཐོག ཕན་ཐོགས།
དམིགས་གསལ། དམིགས་བསལ།
སྐུ་བསྔལ། སྐུ་ངལ།
མ་འཛེན། མ་འཛེམས།
ང་རང་རང་གི་བཏགས། ང་རང་རང་གིས་བཏགས།
ཆག་ན། ཆགས་ན།
ཤེས་ཀུན། ཤེས་བྱ་ཀུན།
བོད་ཡིག་གི་དག་ཆ་འདི་རིགས་ལེགས་པར་སྦྱངས་རྗེས་
ཤེས་བྱ་ཀུན་ལ་མཁས་པའི་མཁས་དབང་དུ་འགྱུར་བར་སྨོན། མཁས་དབང་ལགས་རྗེས་སུ་མཇལ་ཡོང་།།
ཨོ་སི་ཊི་ལི་ཡའི་ནང་བོད་སྐད་ཀྱི་རླུང་འཕྲིན་ཁང་ཞིག་གསར་འཛུགས་གནང་བར་སྙིང྄ནས་ཐུགས་རྗེ་ཆེ་ཞེས་ཞུ།
དྲ་གྲོགས་མཁས་དབང་བློ་བཟང་ཐུབ་བསྟན་ལགས་བོད་ཡིག་མ་གཏོགས་གཞན་ཀུན་ལ་མཁས་པ་ཡོད་འདུག་པས་ཤིན་ཏུ་དགའ། ད་བོད་ཡིག་ལའང་མཁས་པ་ཆགས་གྲབས་འདུག་།
བཀྲ་ཤིས་བདེ་ལེགས་ཞུ་
༄༅།་ཡག་པོ་རེད
སྐད་ཁ་ཆག་རྣ་རལ་ཞིག་མིན་པར་སྨོན
ཡ་ཡ་ཡ་ དྲ་གྲོགས་རྣམས་དངོས་ནི་ཕན་ཐོག་ཆེན་པོ་འདུག་ དྲ་གྲོགས་
བསེ་རུ་ལགས་ལ་དམིགས་གསལ་ཐུགས་རྗེ་ཆེ་ཁྱེད་སྐུ་བསྔལ་ལ་མ་འཛེན་པར་ནོར་
བཅོས་གནང་འདུག གུས་པ་མཁས་དབང་ལ་ཕན་ཐོག་ཆེན་པོ་བྱུང་ ཡིན་ན་
ཡང་གུས་པ་ལ་མཁས་དབང་གི་མིང་ང་རང་རང་གི་བཏགས་པ་ཡིན་གང་ཡིན་
ཞུས་ན་ ང་ལྟ་བུ་ཞིག་མཁས་དབང་མ་བཞག་གཞན་སུ་རྙེད་ བོད་ཡིག་
མཁས་དབང་མིན་ཡང་གཞན་ཤེས་བྱ་ཀུན་ལ་རྨོངས་པ་མེད་
རྗེས་སུ་བོད་ཡིག་མཁས་དབང་ཆག་ན་ཤེས་ཀུན་ལ་མཁས་དབང་ཡིན་
དེ་ནི་དགའ་འོས་པའི་གནས་ཤིག་རེད། གང་ཡིན་ཟེར་ན། བོད་ཀྱི་སྐད་ཡིག་ནི་བོད་ཀྱི་སྲོག་རྩ་ཡིན་པས་དེ་ཉིད་ཡར་རྒྱས་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད། དེས་ན་རླུང་འཕྲིན་དེའི་ཆེ་ལས་པ་དག་གིས་རང་གི་ཕ་སྐད་གཙང་མ་ཞིག་སྨྲ་བའི་སྒོ་ནས་རང་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་། ཡུལ་སྲོལ་གོམས་གཤིས་བཟང་པོ་རྣམས་འཛིན་སྐྱོང་ཡོང་ཐབས་ལ་སློབ་གསོའི་ཁ་ཕྱོགས་འཚོལ་དགོས།
པ་དང་ལ་གཉིས་བར་ནས་བོར་སོང་ཟིག དགོངས་དག
སྤྱིར་བཤད་ན་ང་རང་བོད་ཡིག་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ཞེས་བཤད་ན་ཆོག་ཀྱང་ངས་རང་གི་ཤེས་ཡོན་གྱི་ཆུ་ཚད་ལ་ཚད་རེ་རྒྱག་དུས་ཟིན་བྲིས་པ་རྣམ་པའི་ཟིན་བྲིས་སོགས་དག་བཅོས་བྱེད་པའི་ཆུ་ཚད་མི་ལོངས་གསལ་བོ་ཤེས་ཀྱིན་འདུག ཡིན་ནའང་ང་རང་བོད་ཡིག་དང་བོད་སྐད་ལ་སྤྲོ་བ་ཡོད་པའི་ཀློག་པོ་ཞིག་ཡིན་པའི་ཆ་ནས་ཟིན་བྲིས་པ་རེ་འགར་བློ་གསལ་རེ་མི་ཕུད་ཀ་མེད་བྱུང་ཐལ། དྲ་གྲོགས་བསེ་རུ་ཁྱེད་ནི་ཡིག་ནོར་དོ་སྣང་བྱེད་མཁན་གཙོ་བོ་ཞིག་ཡིན་པ་སྔར་ནས་ཤེས་ཡོད། ད་དུང་མུ་མཐུད་དུ་ཡིན་་་་་
མི་རྐྱང་སྨྱོན་པ་ལགས། ཡིག་ནོར་ཐོག་སྐུལ་ལྕག་གནང་བར་དགའ་བསུ་ཡོད།
སངས་རྒྱས་ལ་ཀ་ཁའི་དཔེ་དང་། མཆན་བུར་ནོར་བཅོས་བྱ་རྒྱུ་དེ་ཅོལ་ཆུང་ཞིག་ཏུ་མཐོང་ན་ཡང་། དུས་ཚོད་ཅུང་ཙམ་འདུག་པས། མཁས་དབང་བློ་བཟང་ཐུབ་བསྟན་གྱི་ཡིག་ནོར་རམ་གཏགས་ནོར་ཁག་བཅོས་ན། འདི་ལྟར།
རླུ་(རླུང་)འཕྲིན་ཁང་གསར་འཛུག་(འཛུགས་)གནང་རུང་བོད་ལ་ཡོད་པའི་བོད་མི་རྣམས་ཀྱི་(ཀྱིས་)ཉན་ཐུབ་ཀྱི་མ་རེད(།) ཡིན་ན་ཡང་ཡག་པོ་རེད་བོད་སྤྱི་ལ་འཕེན་(ཕན་)པའི་ལས་ཀ་རེད་
ཨ་རིས་(རིའི་)རླུང་འཕྲིན་ཁང་བཞིན་དུ་ཡོང་བའི་སྨོན་ལམ་ཡོད།།
དྲ་གྲོགས་ཚོས་གཟིགས་ཙམ་མཛོད་དང་། དྲ་གྲོགས་མཁས་དབང་བློ་བཟང་ཐུབ་བསྟན་ཞེས་པ་འདིས་སྐད་ཆ་ཅི་ཞིག་ཤོད་ཀྱིན་ཡོད་པ་ཤེས་སོང་ངམ། མཁས་དབང་འདིས་ཐུགས་ཉམས་མ་བཞག་པ་རེད་དམ། མི་རྐྱང་ངའི་ཆུ་ཚད་དམན་སོང་བས་རེད། ཁོང་ལྟ་བུའི་མཁས་དབང་མང་རབ་ཅིག་བྱོན་ཚེ་དུས་བབ་ཚང་གི་གནས་སྟངས་ཅུང་བསམ་མི་ཕོད་པ་ཞིག་ཏུ་འགྱུར་ཉེན་ཆེ་བས། མཁས་དབང་འདིའི་འབྲི་སྟངས་དེ་ཅུང་ཡ་མཚན་པ་མ་རེད་དམ། ཨ་ལ་ལ ངོ་མ་གོ་བ་ལོན་དཀའ་གི་ཡ། དྲ་གྲོགས་སུ་དང་སུ་ཡིན་རུང་ཟིན་བྲིས་དང་བསམ་འཆར་སོགས་ཅི་ཞིག་བཀོད་ཀྱང་ཡིག་ནོར་ལ་དོ་སྣང་རེ་བྱ་རོགས་ཞེས་སེམས་བསམ་པའི་གཏིང་ནས་ཞུ་འདོད་བྱུང་ཐལ།
ཡན་ལག་རླུང་འཕྲིན་ཁང་གསར་འཛུག་གནང་བར་བཀྲ་ཤིས་བདེ་ལེགས་ཞུ
རླུ་འཕྲིན་ཁང་བརྒྱ་གསར་འཛུག་གནང་རུང་བོད་ལ་ཡོད་པའི་བོད་མི་རྣམས་ཀྱི་
ཉན་ཐུབ་ཀྱི་མ་རེད ཡིན་ན་ཡང་ཡག་པོ་རེད་བོད་སྤྱི་ལ་འཕེན་པའི་ལས་ཀ་རེད་
ཨ་རིས་རླུང་འཕྲིན་ཁང་བཞིན་དུ་ཡོང་བའི་སྨོན་ལམ་ཡོད།།།།།།།།
བཀྲ་ཤིས་བདེ་ལེགས་ཞུ།
རླུང་འཕྲིན་དེས་བོད་བསྟན་པ་ཆབ་སྲིད་ལ་སྨན་པར་ཤོག
ཨོ་སི་ཊོ་ལི་ཡ་གཞུང་ནས་ང་ཚོ་བོད་མི་ཚོར་གོ་སྐབས་གནང་བར་བཀའ་དྲིན་ཆེ།
མུ་མཐུད་ནས་བོད་དོན་བདེན་མཐའ་མ་སེལ་བར་བོད་དོན་རྒྱབ་སྐྱོར་ཡོད་པ་ཞུ།
རླུང་འཕྲིན་ཁང་འདི་ལ་དྲ་ཚིགས་ཡོད་པ་རེད་དམ། ཡོད་ན་འདིར་ངོས་སྦྱོར་བྱེད་རོགས།
གནས་ཚུལ་མཁོ་གཏོང་བ་སོགས་སུ་ཡིན་པ་དང་འགན་འཛིན་སོགས་གསལ་ཁ་ཅི་ཡང་མེད་པའི་དྭང་བླང་པ་དེ་ཚོ་སུ་ཡིན་ནམ།
རླུང་འཕྲིན་གྱི་ལས་རིམ་གསར་པ་དེའི་ཐོག་འབྲེལ་ཡོད་ཚོས་སྐུ་ལས་བསྐྱོན་ཏེ་ལས་དོན་ལམ་ལྷོང་བྱུང་བར་འཚམས་འདྲི་ཞུ།
གོ་སྐབས་དང་སྡིངས་ཆ་དེས་བོད་མིའི་སྤྱི་ཚོགས་སུ་ཞབས་ཞུ་མི་དམན་པ་ཞུ་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།།